འདི་བོད་ལ་ཐོབ་ཐེངས་དང་པོ་རེད་འདུག

政务   2024-11-06 12:43   西藏  


    ཟླ་11ཚེས་2ཉིན། “འགྲན་སློང་བུམ་པའི”ཆིན་ཁྲོང་ཡོན་ཀྲུང་གོའི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་འཆར་འགོད་འགྲན་བསྡུར་སྐབས་བཅུ་བཞི་པའི་འགྲན་བསྡུར་མཐའ་མ་ཧྲའན་ཤིས་ཤིས་ཨན་དུ་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།

    བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ལ་འགྲན་བསྡུར་གཙོ་བོའི་གསེར་གྱི་བྱ་དགའ་1དང་ཟངས་ཀྱི་བྱ་དགའ་3ཐོབ་ནས། “འགྲན་སློང་བུམ་པའི”རྒྱལ་ཁབ་འགྲན་བསྡུར་ཐོག་རང་སྐྱོང་ལྗོངས་ལ་གསེར་གྱི་བྱ་དགའ་ཐོབ་མྱོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། དེ་དང་ཆབས་ཅིག་སློབ་གྲྭ་དེ་ནི་རང་ལྗོངས་ཀྱི་སྐབས་འདིའི་འགྲན་བསྡུར་ཆེ་མོའི་ནང“ཕུལ་བྱུང་བུམ་པ”ཐོབ་པའི་སློབ་གྲྭ་གཅིག་པུ་དེར་གྱུར་ཞིང་། དེ་ནི་རང་ལྗོངས་ལའང་ཐོབ་ཐེངས་དང་པོ་དེ་རེད།



    འགྲན་བསྡུར་ཆེ་མོར་མཐོ་སློབ་2700ལྷག་ཙམ་ནས་སློབ་མ་ཁྲི་300ལྷག་ཙམ་ཞུགས་ཡོད་པ་དང་རིམ་རྩིས་བྱས་ན་རྣམ་གྲངས་ཁྲི་39ལྷག་ཙམ་རེ་ཞུ་བྱས་ཡོད། སློབ་གྲྭ་རིམ་པའི་འགྲན་བསྡུར་ཐོག་མ་དང་ཞིང་ཆེན་རིམ་པའི་འགྲན་བསྡུར་བསྐྱར་མ་བརྒྱུད། རྒྱལ་ནང་གི་མཐོ་སློབ་412དང་རྒྱལ་སྤྱིའི་མཐོ་སློབ་14ཡི་རྣམ་གྲངས་839རྒྱལ་ཡོངས་ཀྱི་འགྲན་བསྡུར་མཐའ་མའི་དཔྱད་འདེམས་ནང་ཚུད་ཡོད་པ་རེད།



    རང་ལྗོངས་ཀྱི་མཐོ་སློབ་7གྱིས་རིམ་པ་བཞིན་འདེམས་སྒྲུག་དང་འོས་སྦྱོར་བྱས་པ་བརྒྱུད། ཁྱོན་རྣམ་གྲངས་79རང་སྐྱོང་ལྗོངས་ཀྱི་འགྲན་བསྡུར་བསྐྱར་མའི་ནང་ཚུད་པ་དང་། རྣམ་གྲངས་21རྒྱལ་ཁབ་ཀྱི་འགྲན་བསྡུར་ཐོག་མའི་དཔྱད་འདེམས་ནང་ཚུད་པ། རྣམ་གྲངས་3རྒྱལ་ཡོངས་ཀྱི་འགྲན་བསྡུར་མཐའ་མའི་དཔྱད་འདེམས་ནང་ཚུད་ཡོད། མཐར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་འོས་སྦྱོར་བྱས་པའི་རྣམ་གྲངས《བཀྲ་ཤིས་མཆོག་ནོར། ས་མཐོའི་ལེགས་ལྡན་ཀོ་ཤའི་སྣ་ཁ་གསར་པར་བརྟེན་ནས་བོད་རིགས་ས་ཁུལ་གྱི་ཐོན་ལས་དར་རྒྱས་ལ་རམ་འདེགས་བྱེད》ཅེས་པར་གསེར་གྱི་བྱ་དགའ་ཐོབ་ཡོད་པ་རེད།




ཀ་རྟེན་ཐོན་ལས་སུ་སྒྱུར་རྩིས་ཡོད་པའི་བོད་ཀྱི་རིག་གནས་དང……

ཀ་བཤད་ལམ་ནས་སྒྲོག་འགྲེལ་བྱེད་པ་འདི་ཁྱེད་ཀྱིས་གསན་བྱུང་ངམ།

གསར་དུ་བཀས་བཅད་པའི་ཐ་སྙད། ཚང་མས་འདི་ལྟར་སྤྱོད་པར་གྱིས་ཤིག




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章