མི་གཞན་ལ་བསམ་ཤེས་བྱེད་པ་ནི། དོན་དུ་རང་ཉིད་ཐར་པར་གཏོང་བ་རང་ཡིན།

政务   2024-11-05 09:21   西藏  

ནེ་ཙོ་དང་ཕོ་རོག


    ནེ་ཙོ་གཅིག་དང་ཕོ་རོག་གཅིག་ཡོད།
    རླུང་ཙེའི་ནང་གི་ནེ་ཙོ་ནི་རྟག་ཏུ་དལ་དལ་ལྷོད་ལྷོད་ངང་སྡོད་བཞིན་ཡིན་པ་དང་། ཐང་སྟོང་དུ་རྒྱུ་བའི་ཕོ་རོག་ནི་ཉིན་ལྟར་ཅི་དགར་རོལ་བཞིན་ཡོད།
    ནེ་ཙོས་ཕོ་རོག་གི་གང་འགྲོ་གང་སྡོད་ཀྱི་རང་དབང་ལ་ཡིད་སྨོན་ལྷག་པར་བྱེད་པ་དང་། དེ་བཞིན་ཕོ་རོག་གིས་ནེ་ཙོའི་སོས་དལ་བག་ཕེབས་ལ་ཡང་ཡིད་སྨོན་ཆེས་ཆེར་བྱེད་བཞིན་ཡོད།
    དེས་ན། ཕོ་རོག་དང་ནེ་ཙོ་གཉིས་གྲོས་བྱས་ནས་ཕན་ཚུན་གནས་ས་བརྗེ་པོ་བརྒྱབ་སྟེ། ཕོ་རོག་གིས་སོས་དལ་བག་ཕེབས་ཀྱི་འཚོ་བར་རོལ་བ་དང་།  ནེ་ཙོས་ཀྱང་གང་དགའ་གང་སྐྱིད་ཀྱི་འཕུར་ལྡིང་ལ་རོལ། ཡིན་ནའང་།  སྦྱིན་བདག་གི་ཡིད་ཀྱི་དང་བ་འདྲེན་མ་ཐུབ་པའི་དབང་གིས་ཕོ་རོག་ཐ་མ་ཡི་མུག་ནས་ཤི་བ་དང་། རང་ཚུགས་ཀྱིས་ལྟོ་འཚོལ་མི་ཤེས་པའི་དབང་གིས་ནེ་ཙོ་ཡང་མཐའ་མ་ལྟོགས་ཤི་ཐེབས།
    རྒྱ་ལམ་འགྲུལ་པས་བལྟས་ན། །ཆོ་ལོ་ཉི་མ་དྲོ་བ། །ཆོ་ལོ་ང་རས་བལྟས་ན། །བྲག་ལ་རླུང་བུ་སྡང་བ།།
    རྨོངས་ཚོད་ཀྱིས་མི་གཞན་གྱི་འཚོ་བར་ཡིད་སྨོན་མ་གནོངས།  གཅིག་བྱས་ན།  མི་གཞན་གྱི་འཚོ་བ་དེ་རང་ལ་འཚམ་པོ་ཡོད་ཀྱི་མ་རེད།  དེས་ན།  རང་རང་སོ་སོའི་འཚོ་བ་ལེགས་པར་བསྐྱལ་ནས་བདེ་སྐྱིད་ལོངས་སུ་སྤྱོད་རྒྱུ་འདི་གལ་པོ་ཆེའོ། 
ལྷ་ཡུལ་དང་དམྱལ་བའི་ཁྱད་པར་ནི་བསམ་བློའི་གཏོང་ཕྱོགས་ཤིག་རེད།

    

    མན་དཱ་ལྷ(曼德拉)དེ་སྔོན་བཙོན་ཁང་དུ་ལོ་27བཅུག་པས། སྡུག་པོ་ཚད་མེད་མྱོང་དགོས་བྱུང་ཡོད། ཡིན་ནའང་། ཁོང་གིས་ཙུང་ཐུང་གི་འགན་བཞེས་སྐབས། སྔོན་མ་རང་ཉིད་ལ་སྡུག་པོ་གཏོང་མཁན་གྱི་སོ་པ་གསུམ་པོ་གདན་དྲངས་པ་མ་ཟད། ཡར་བཞེངས་ནས་ཁོང་ཚོར་གུས་འདུད་ཞུས་ཤིང་། སྐབས་དེར་དེར་འདུས་པའི་མི་ཚང་མ་ཙམ་མ་ཟད། ཐ་ན་འཛམ་བུ་གླིང་དེ་མ་ཉིད་དུ་ཁུ་སིམ་མེར་གྱུར། ཁོང་གིས་ང་རང་རང་དབང་ལ་ཕྱོགས་པའི་བཙོན་ཁང་གི་སྒོ་མོ་ནས་དོན་ཡོང་དུས། གལ་ཏེ་ངས་སྐྱོ་སྡུག་དང་འཁོན་སེམས་རྒྱབ་ཏུ་མ་བསྐྱུར་ན། ང་སྔར་བཞིན་བཙོན་ཁང་འདིར་བཅུག་ཡོད་པ་དང་ཁྱད་མེད་པ་གསལ་པོ་ཤེས་བྱུང་ཞེས་བརྗོད།

    མི་གཞན་ལ་བསམ་ཤེས་བྱེད་པ་ནི། དོན་དུ་རང་ཉིད་ཐར་པར་གཏོང་བ་རང་ཡིན།

ཞི་མི་དང་ཕག་པ།


    ཞི་མི་དང་ཕག་པ་གྲོགས་པོ་ཡག་པོ་ཞིག་རེད། 

    ཉིན་ཞིག་ཞི་མི་འོབས་དོང་ཆེན་པོ་ཞིག་ཏུ་ལྷུངས་པས།  ཕག་པས་ལམ་སེང་ཐག་པ་ཁུར་ཡོང་།  

    ཞི་མིས་ཕག་པར་ཐག་པ་དབྱུགས་ཤོག་ཅེས་བཤད་པར་ཕག་པས་ཐག་པ་ཐག་སྒོར་གཅིག་རྦད་དེ་དབྱུགས་ཡོང་།  

    “རང་གིས་འདི་ལྟར་དབྱུགས་ཡོང་ནས་ཅི་ཡིན། ང་གང་འདྲ་བྱས་ཏེ་འཐེན་རྩིས་ཡོད”ཅེས་ཞི་མིས་ཡི་མུག་པའི་ཚུལ་གྱིས་བཤད། 

    ཕག་པས“ད་འོ་ན། གང་འདྲ་བྱས་ནས་དབྱུག་དགོས་རེད་དམ”ཞེས་དྲིས་པར“རང་གིས་ཐག་པའི་སྣེ་མོ་གཅིག་ནས་བཟུང་སྟེ་དབྱུག་ཡོང་དགོས”ཞེས་བཤད།

    དེར་བརྟེན། ཕག་པས་ཐག་པའི་སྣེ་མོ་གཅིག་ནས་བཟུང་སྟེ། ལྡིག་སྒྲ་དང་བཅས་འོབས་དོང་ནང་མཆོངས་ཡོང་ནས། “ད་འདི་ལྟར་བྱས་ན་འགྲིག་པ་འདུག་གམ”ཞེས་དྲིས། 

    ཞི་མི་ངུ་ཤོར་ཞིང་།  མཆི་མ་གཏོང་གིན་བདེ་སྐྱིད་ཀྱི་འཛུམ་མདངས་ཤིག་ངང་གིས་ཤོར།

     མི་ཁ་ཤས་གྲུང་པོ་དང་སྤྱང་པོ་དེ་ཙམ་མེད་ཀྱང་།  ཚེ་གང་བློ་གཏད་བཅོལ་ཆོག་གི་ཡོད། དེས་ན། ང་ཚོས་ཅི་ནས་ཀྱང་དེ་ཚོར་གཅེས་འཛིན་བྱེད་དགོས།


ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་བོད་ཀྱི་གསོ་བ་རིག་པ།ཨ་ནེ་དང་རྨོ་བོའི་ཕྲུ་གུར་སློབ་གསོ་རྒྱག་སྟངས་ག་རེ་ཡག་པ་འདུག

ཕུར་བུ་ཚེ་བརྟན་དང་བདེ་སྐྱིད་གཡང་འཛོམས……བཀྲ་ཤིས་བདེ་ལེགས་ཞུ།





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章