སྤྱི་ཚོགས་འགན་སྲུང་གཱ་སྟེ་མཚོ་བོད་གཅིག་འཐུས་གཱ་ཞེས་པ་བེད་སྤྱོད་བྱེད་པའི་མཛད་སྒོ་དེ་ཟླ་༡༡ཚེས་༧ཉིན་ལྷ་སར་སྤེལ་བ་རེད།
11月7日
社会保障卡“青藏一卡通”启动仪式
在拉萨举行
ད་ཐེངས་མཚོ་སྔོན་དང་བོད་ལྗོངས་ཀྱིས་སྤྱི་ཚོགས་འགན་སྲུང་གི་གཅིག་འཐུས་གཱ་ཡི་ཞབས་ཞུའི་དོ་དམ་འབྲེལ་ལམ་བཙུགས་པས་ཕྱོགས་གཉིས་ཀྱི་སྤྱི་ཚོགས་འགན་སྲུང་གཱ་ཁྱབ་ཁོངས་མང་པོར་བེད་སྤྱོད་ཆོག་པ་དང་གྲོང་ཁྱེར་ནང་ཁུལ་ལྟར་གོང་ཚད་གཅོག་པའི་གཟིགས་སྐྱོང་ཐོབ་ཀྱི་ཡོད།
此次青藏两地建立以社保卡为载体的“一卡通”服务管理模式,将实现两地社保卡在多个领域的跨区域通用和“同城待遇”。
↓↓↓
མི་སྤྱིའི་ཞབས་ཞུ་གཱ་གཅིག་གིས་སྒྲུབ་ཐུབ་པ། ས་ཆ་གཉིས་ནས་སྤྱི་ཚོགས་འགན་སྲུང་གཱ་རེ་ཞུ་དང་། ལེན་པ། ཁ་ཕྱེ་བ། བཟོ་བ། བརྗེ་བ། བོར་ཐོ་འགོད་པ། བོར་ཐོ་སུབ་པ། གསང་ཨང་བཟོ་བ། གསང་ཨང་བརྗེ་བ་སོགས་ཀྱི་ལས་སྒོ་༡༠སྡེབ་ལ་སྒྲུབ་ཐུབ་ཀྱི་ཡོད་པ་མ་ཟད། གཱ་འཁྱེར་ཏེ་ས་ཆ་གཉིས་ཀྱི་མི་སྤྱི་ཚན་པའི་སྐར་ཁུང་ནས་འགན་བཅོལ་གནས་ཚུལ་འདྲི་རྩད་དང་། ལས་ཞུགས་ཐོ་འགོད། ཤེས་ལྡན་པའི་མི་དོན་སོགས་མི་སྤྱིའི་ཞབས་ཞུ་ཁག་སྒྲུབ་ཐུབ་ཀྱི་ཡོད།
སྨན་བཅོས་སྨན་ཉོའི་གྲོན་དངུལ་གཱ་གཅིག་ནས་རྩིས་ཞུ་ཐུབ་པ། འགན་བཅོལ་ནང་ཞུགས་མཁན་གྱིས་གཱ་འཁྱེར་ནས་ས་ཆ་གཉིས་ཀྱི་དམིགས་འཛུགས་སྨན་བཅོས་ལས་ཁུངས་སུ་ཨང་ཀི་བཀག་པ་དང་། སྨན་བཅོས་བྱེད་པ། སྨན་ཉོ་བ། རྩིས་ཞུའི་གོ་རིམ་ཧྲིལ་པོ་བཅས་ཀྱི་སྨན་བཅོས་ལས་སྒོ་སྒྲུབ་ཐུབ།
མཚོ་བོད་གཅིག་འཐུས་གཱ་དེ་ད་དུང་རིག་གནས་ཡུལ་སྐོར་དང་། འགྲིམ་འགྲུལ་འགྲོ་འོང་སོགས་རྒྱུན་ལྡན་འཚོ་བའི་ཁྱབ་ཁོངས་ཀྱི་དམངས་ཕན་བྱེད་སྒོའི་ནང་སྤྱོད་ཆོག་གི་ཡོད། ས་ཆ་གཉིས་ཀྱི་གཱ་བེད་སྤྱོད་བྱེད་མཁན་གྱིས་སྤྲིན་མྱུར་སྤྲོད་ཅེས་པའི་སྤྱོད་སྣེ་ཕབ་ལེན་བྱས་ཏེ་དེར་སྤྱི་ཚོགས་འགན་སྲུང་གཱ་ཡི་དངུལ་ཁང་རྩིས་ཐེམ་སྦྲེལ་མཐུད་བྱས་ནས་གཱ་བེད་སྤྱོད་བཏང་ན་གོང་གཅོག་པའི་གཟིགས་སྐྱོང་ལོངས་སྤྱོད་ཐུབ་ཀྱི་ཡོད།
ཡུལ་སྐོར་ལོ་གཱ་ཉོས་ན་གོང་གཅོག་པ།མཚོ་སྔོན་ཡུལ་སྐོར་ལོ་གཱ་དང་ལྷ་སའི་ཡུལ་སྐོར་ལོ་གཱ་ཉོས་པའི་མང་ཚོགས་ལ་སྤྱི་ཚོགས་འགན་སྲུང་གཱ་ཡི་དངུལ་རྩའི་རྩིས་ཐེམ་བརྒྱུད་དེ་དངུལ་སྤྲད་ན་མཐོ་ཤོས་སྒོར་༥༠གཅོག་གི་ཡོད།
སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་བསྡད་ན་གོང་གཅོག་པ། ལྷ་སར་མཚོ་སྔོན་གྱི་སྤྱི་ཚོགས་འགན་སྲུང་གཱ་སྤྱད་དེ་སྤྱི་སྤྱོད་རླངས་འཁོར་བསྡད་ན་སྒོར་ཟུར་༥དང་གློག་རྡུལ་གཱ་ལ་སྒོར་ཟུར་༡ལས་སྤྲོད་མི་དགོས། མཚོ་སྔོན་དུ་བོད་ཀྱི་སྤྱི་ཚོགས་འགན་སྲུང་གཱ་བེད་སྤྱོད་བྱས་ན་སྤྱི་སྤྱོད་རླངས་འཁོར་གྱི་བསྡད་གླ་ཕྱེད་ཀ་ལས་སྤྲོད་མི་དགོས།
དེ་མིན་བོད་ཀྱི་སྤྱི་ཚོགས་འགན་སྲུང་གཱ་ཡིས་མཚོ་སྔོན་གྱི་དམིགས་འཛུགས་སྒོ་རྩིས་ཚོང་ཁང་ནས་ཅ་ལག་ཉོས་ན་གོང་གཅོག་གི་ཡོད། གོང་གི་དམངས་ཕན་སྲིད་ཇུས་འདི་དག་༢༠༢༤ལོའི་ཟླ་༡༡པ་ནས་ལག་བསྟར་བྱ་རྒྱུ་རེད།
人社服务“一卡通办”,两地可实现社会保障卡申领、激活、补换、挂失与解挂、密码修改和重置等10项业务通办,还可持卡在两地人社窗口办理参保查询、就业登记、人才人事等各类人社服务。
就医购药“一卡通结”,参保人可持卡在两地定点医疗机构享受挂号、就医、购药、结算全流程“就医一卡通”。
“青藏一卡通”同步推出文化旅游、交通出行等日常生活领域的惠民活动,两地持卡用户通过下载云闪付APP、绑定社保卡银行账户,刷卡即可享有关优惠。
旅游年卡享优惠,两地持卡群众在购买青海旅游年卡和拉萨旅游年卡时,可通过社保卡金融账户支付享最高50元的优惠。
乘公共交通享优惠,在拉萨使用青海社保卡可享受实体卡5角、电子卡1角钱乘坐公交优惠,在青海使用西藏社保卡可享受乘坐公交减半优惠。
此外,持西藏社保卡可在青海指定商超享受购物优惠。上述惠民活动将从2024年11月起陆续上线。
ས་ཆ་གཉིས་ཀྱིས་ས་ཁོངས་མཉམ་འགུལ་ལམ་སྲོལ་ཟབ་ཏུ་བཏང་བས་ལས་སྒོའི་མཐུན་སྦྱོར་དང་གཞི་གྲངས་མཉམ་སྤྱོད་ལ་སྐུལ་འདེད་དང་ཉེར་སྤྱོད་ཁྱབ་ཁོངས་ཆེ་རུ་འགྲོ་རྒྱུ་མ་ཟད། སྤྱི་ཚོགས་འགན་སྲུང་གཱ་ཡིས་ས་ཆ་གཉིས་ཀྱི་མང་ཚོགས་ལ་སྟབས་བདེ་དང་ཕན་ཐོགས་བསྐྲུན་རྒྱུ་རེད།
下一步
两地将深化区域联动机制
促进业务协同与数据共享
拓展应用场景
让社保卡成为两地群众便捷生活的
“贴心卡”“暖心卡”“放心卡”
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། ནོར་བུ་དོན་གྲུབ། བྱམས་པ།
主编:吾见才让
副主编:平多 桑布
编辑:罗布顿珠 先巴
来源 | 拉萨发布
译文:阳光西藏