ཡུལ་སྐོར་བ་འདིར་དངུལ་ཆད་སྒོར་༤༠༠༠བཅད་འདུག

时事   2024-11-02 18:18   西藏  


༢༠༢༤ལོའི་ཟླ་༡༠ཚེས་༡༧ཉིན། མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུད་ལ་མངའ་རིས་ས་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་གླེང་ཕྱོགས་ཁུངས་སྣེ་དང་ཐེར་འདོན་ཁ་པར་གྱི་ནང་དོན་མཁོ་འདོན་བྱས་པ་བརྒྱུད། མི་ཞིག་གིས་མོ་ཊ་བཏང་ནས་ཁྲིམས་འགལ་ངང་རང་བྱུང་སྲུང་སྐྱོབ་ཁུལ་དུ་འཛུལ་ཏེ་རྒྱལ་ཁབ་རིམ་པ་དང་པོའི་རི་སྐྱེས་སྲུང་སྐྱོབ་སྲོག་ཆགས་རྐྱང་རྗེས་འདེད་བཏང་བ་མ་ཟད། རྐྱང་འདེད་པའི་བརྙན་ཐུང་སོ་སོའི་ཁྱུག་དབྱིངས་ཐོག་བསྐུར་བའི་གནས་ཚུལ་མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུད་ཀྱིས་ཤེས་རྟོགས་བྱུང་བ་རེད། 

ཁུངས་སྣེ་རྙེད་རྗེས། མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུད་ཀྱིས་འཕྲལ་དུ་མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་ནགས་ཚལ་ཉིང་ལག་རུ་ཁག་ལ་འབྲེལ་བ་བྱས་པ་དང་སྦྲགས། ཟླ་༡༠ཚེས་༢༢ཉིན་ཁྲེན་ཏུར་བསྐྱོད་པ་དང་། ཁྲེན་ཏུའུ་གྲོང་ཁྱེར་གྱི་འབྲེལ་ཡོད་ཁྲིམས་ལུགས་ལག་བསྟར་ཚན་པས་གཞོགས་འདེགས་བྱས་པ་བརྒྱུད་ཝུའུ་ཆེ་གེ་མོ་རྩད་ཆོད་པ་དང་ཁོ་པར་ཞིབ་བཤེར་བྱས་པ་རེད། ད་ལོའི་ཟླ་༣པར་ཝུའུ་ཆེ་གེ་མོ་མངའ་རིས་སུ་ཡུལ་སྐོར་ལ་འགྲོ་རིང་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་རང་དགར་འཛུལ་བ་མ་ཟད། མངའ་རིས་སུ་མོ་ཊ་གཞུང་ལམ་ནས་བབས་ཏེ་སྲུང་སྐྱོབ་ཁུལ་དུ་བསྐྱོད་ནས་རྐྱང་རྗེས་འདེད་བཏང་བ་དང་། དེའི་བརྙན་ཐུང་ཟླ་༡༠པར་སོ་སོའི་ཁྱུག་དབྱིངས་ཐོག་བསྐུར་བ་རེད། ཝུའུ་ཆེ་གེ་མོས་ཁྲིམས་འགལ་གྱིས་སྲུང་སྐྱོབ་ཁུལ་དུ་འཛུལ་ནས་རྐྱང་རྗེས་འདེད་བཏང་ཚུལ་ཐད་གནོང་འགྱོད་དྲག་པོས་ངོས་ལེན་ཞུས་པ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག་གི་དོན་ཚན་ཞེ་གསུམ་པའི་ནང་ཚན་གཉིས་པའི་གཏན་འབེབས་གཞིར་བཟུང་། ཝུའུ་ཆེ་གེ་མོར་དངུལ་ཆད་སྒོར་༤༠༠༠བཅད་པ་དང་སྦྲགས་སྐྱོན་བརྗོད་སློབ་གསོ་བརྒྱབ་པ་རེད། 

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཧ་ཅང་དཀོན་པ་མ་ཟད་སྐྱེ་འཚར་འགོར་བ་དང་། གལ་ཏེ་གཏོར་སྐྱོན་ཐེབས་ཚེ་དུས་ཐུང་ནང་སླར་གསོ་ཐུབ་ཁག་པོ་ཡོད། རྐྱང་རྗེས་འདེད་བཏང་བ་དེས་གཅིག་ནས་རི་སྐྱེས་སྲོག་ཆགས་ཀྱི་ལྷིང་འཇགས་འཚོ་བ་དཀྲོག་པ་དང་གཉིས་ནས་ཡུལ་སྐོར་བ་སོ་སོའི་བདེ་འཇགས་ལ་གནོད་འཚེ་བཟོ་སྲིད་པ་ཞིག་རེད།

མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུད་ཀྱིས་ཡུལ་སྐོར་བ་རྣམས་ལ། ཐུན་མོང་ཐོག་འཇིགས་སླ་བའི་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་རྩ་ཆེན་ལ་སྲུང་སྐྱོབ་བྱ་ཆེད། རང་འགུལ་ངང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་སྲུང་བརྩི་ནན་པོ་ཞུ་བ་ལས། ཆོག་མཆན་མེད་པར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་འཛུལ་བ་དང་གཞུང་ལམ་ལས་བབས་ནས་མོ་ཊ་གང་བྱུང་དུ་གཏོང་བ་སོགས་བྱེད་མི་རུང་ལ། དེ་བས་ཀྱང་རི་སྐྱེས་སྲོག་ཆགས་ལ་རྗེས་འདེད་གཏོང་བ་དང་སུན་པོ་བཟོ་མི་རུང་། ང་ཚོ་མཉམ་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་སྲུང་བརྩི་ཞུ་བ་དང་། རང་བྱུང་ཁམས་ལ་གཅེས་སྐྱོང་བྱེད་པ། ཚེ་སྲོག་ལ་བརྩི་འཇོག་བྱེད་པ་བཅས་ཀྱི་སྒོ་ནས་མངའ་རིས་ས་ཁུལ་མཛེས་སྡུག་དང་འཆམ་མཐུན་ཡོང་རྒྱུར་སྲུང་སྐྱོབ་བྱ་ཆེད་རང་ཉིད་ཀྱི་ནུས་པ་སྐྱེས་སུ་འབུལ་དགོས་པའི་དྲན་སྐུལ་ཞུའོ། ། 

མངའ་རིས་ས་ཁུལ་ནགས་ལས་དང་རྩྭ་ཐང་ཅུད་ནས།

༢༠༢༤ལོའི་ཟླ་༡༡ཚེས་༡ཉིན།


2024年10月17日,阿里地区林草局通过阿里地委网信办提供的舆情线索和电话举报发现,有人驾驶车辆非法穿越保护区追逐国家一级保护野生动物藏野驴,并将相关视频发布到个人抖音平台。

接到线索后,阿里地区林草局立即与阿里地区公安处森林支队对接,并于10月22日前往成都,在成都市相关执法部门的协助下,对吴某进行传唤和调查。经查,今年3月,吴某在阿里地区观光旅游期间,擅闯羌塘国家级自然保护区,并在阿里中线段驱车驶离道路追赶藏野驴,10月份,将相关视频发布至个人抖音账号。吴某承认自己非法穿越保护区及追赶藏野驴的违法行为,并表达深刻的悔过之意。根据《中华人民共和国野生动物保护法》第六条、《中华人民共和国自然保护区条例》第三十四条第二款规定,对吴某依法处以人民币4000元罚款,并开展批评教育。

羌塘国家级自然保护区野生动植物数量稀少且种群生长缓慢,一旦遭到破坏,很难在短时间内恢复。追赶野生动物的行为不仅扰乱其正常活动,还可能导致游客人身安全发生危险。

阿里地区林草局郑重呼吁广大游客朋友:为共同保护脆弱的生态环境和珍贵的野生动植物资源,请自觉遵守国家法律法规,切勿未经批准非法进入国家级自然保护区,不随意驶离道路,更不可追赶、惊扰野生动物。让我们共同遵循生态保护法律法规,爱护自然、敬畏生命,为守护阿里地区的美丽与和谐贡献一份力量。


         阿里地区林业和草原局

              2024年11月1日




ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ།  ནོར་བུ་དོན་གྲུབ། དབང་མོ།


主编:吾见才让

副主编:平多 桑布

编辑:罗布顿珠 旺姆

来源 | 西藏日报

译文:阳光西藏



阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章