ཉེ་དུས། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤྱི་བདེ་ཅུད་དང་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་སྤྱི་བདེ་ཡན་ལག་ཅུད་གཉིས་ཀྱི་མཉམ་དུ་རླབས་འཁོར་གྱི་འཁོར་ལོ་རྐུ་བའི་དོགས་ཡོད་ཉེས་ཅན་༢འཛིན་བཟུང་བྱས་འདུག
近日
昌都市卡若区公安局
联合昌都市经开区公安分局
成功破获一起盗窃车辆轮胎案
抓获犯罪嫌疑人2名
案件详情
གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ༢༠༢༤ལོའི་ཟླ་༦པ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་སྤྱི་བདེ་ཡན་ལག་ཅུད་དང་ཁ་རུབ་ཆུས་སྤྱི་བདེ་ཅུད་ལ་མི་མང་པོའི་ཐེར་འདོན་གོང་ཞུ་འབྱོར་ནས། དཔལ་འབྱོར་གསར་སྤེལ་ཁུལ་དང་། ཁ་རུབ་གྲོང་རྡལ། རྔེ་གཤིས་ཤང་སོགས་སུ་ཨར་འདམ་དཀྲུགས་བྱེད་ཀྱི་རླངས་འཁོར་ཆེན་པོ་ཁ་ཤས་ཤིག་གི་འཁོར་ལོ་བརྐུ་ཤོར་བའི་སྙན་སེང་ཞུས་ཡོད་པ་རེད།
昌都市卡若区公安局始终坚持以人民为中心,紧盯侵财类案件不放松,重拳打击突出违法犯罪活动,聚焦主责主业、深挖扩线、连续作战,全力保护人民群众生命财产安全。记者了解到,2024年6月以来,昌都市经开区公安分局、卡若区公安局陆续接到多人报警称在经开区、卡若镇、埃西乡等地有半挂水泥罐车备用轮胎被盗。
ཐེར་འདོན་གོང་ཞུ་འབྱོར་རྗེས། ཁ་རུབ་ཆུས་སྤྱི་བདེ་ཅུད་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་ནུས་ཤུགས་ཡོད་རྒུས་མྱུལ་ཞིབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། བརྟག་དཔྱད་བྱེད་རིང་། ཉེན་རྟོག་པས་རྐུ་འཕྲོག་གྱོད་གཞི་མང་པོ་ཞིག་འདྲ་པོ་ཡོད་པ་ཤེས་རྟོགས་བྱུང་ནས། ཉེས་ཅན་པ་མི་གཅིག་ཡིན་པ་རྗེས་དཔག་བྱས་པ་རེད།
接到报警后,卡若区公安局党委高度重视,要求刑事侦查大队全力侦查。在调查中,办案民警发现多起盗窃案件作案手段相似,迅速断定系同一伙人作案。经过昌都市经开区公安分局和卡若区公安局民警的日夜奋战,于10月29日、10月30日分别将犯罪嫌疑人宗某、向某成功抓获。
ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་སྤྱི་བདེ་ཡན་ལག་ཅུད་དང་ཁ་རུབ་ཆུས་སྤྱི་བདེ་ཅུད་ཀྱི་མི་དམངས་ཉེན་རྟོག་པས་ཉིན་མཚན་ལྟོས་མེད་ངང་འབད་འཐབ་བྱས་པ་བརྒྱུད། ཟླ་༡༠པའི་ཚེས་༢༩ཉིན་དང་ཟླ་༡༠པའི་ཚེས་༣༠ཉིན་གཉིས་རིང་། དོགས་ཡོད་ཉེས་ཅན་པ་འཛོམས་ཆེ་གེ་མོ་དང་བྱམས་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད།
经查,向某因欠下别人债务,被债主催债,便心生歹念,四处盗窃卡车轮胎。后来,宗某加入,两人便合伙盗窃卡车轮胎。两人前后在多地实施盗窃8次,盗窃18辆大卡车共计20个轮胎,获得赃款13500元。
ཞིབ་བཤེར་བྱས་པ་བརྒྱུད། བྱམས་ཆེ་གེ་མོས་གཞན་ལ་བུ་ལོན་ཆད་པའི་རྐྱེན་གྱིས་སེམས་ངན་བཅངས་ནས་གང་སར་སོང་ནས་ལྗིད་ཐེག་རླངས་འཁོར་གྱི་འཁོར་ལོ་བརྐུས་པ་རེད། ཕྱིས་སུ་འཛོམས་ཆེ་གེ་མོ་ཡང་བྱམས་ཆེ་གེ་མོ་དང་མཉམ་དུ་ལྗིད་ཐེག་རླངས་འཁོར་གྱི་འཁོར་ལོ་བརྐུ་བའི་ལས་ངན་ནང་ཞུགས་པ་རེད། མི་འདི་གཉིས་ཀྱིས་སྔ་རྗེས་སུ་ས་ཆ་མང་པོར་རྐུ་འཕྲོག་ཐེངས་༨བྱས་པ་དང་། ལྗིད་ཐེག་རླངས་འཁོར་ཆེ་གྲས་༡༨ཀྱི་འཁོར་ལོ་༢༠བརྐུས་ནས་སྒོར་༡༣༥༠༠ལ་བཙོང་པ་རེད།
ཟླ་༡༠པའི་ཚེས་༣༡ཉིན། དོགས་ཡོད་ཉེས་ཅན་པ་བྱམས་ཆེ་གེ་མོ་དང་འཛོམས་ཆེ་གེ་མོས་རྐུ་འཕྲོག་གི་ཉེས་པ་བསགས་ཡོད་པས། ཁ་རུབ་ཆུས་སྤྱི་བདེ་ཅུད་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་རེད། ད་ཆ་གྱོད་གཞི་འདི་རྒྱུ་མ་ཕུ་འདེད་བྱེད་བཞིན་ཡོད།
经查,向某因欠下别人债务,被债主催债,便心生歹念,四处盗窃卡车轮胎。后来,宗某加入,两人便合伙盗窃卡车轮胎。两人前后在多地实施盗窃8次,盗窃18辆大卡车共计20个轮胎,获得赃款13500元。
10月31日,犯罪嫌疑人向某、宗某因涉嫌盗窃罪被卡若区公安局依法刑事拘留。目前,案件正在进一步办理中。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ།
主编 | 吾见才让
副主编 | 平多 桑布
编辑 | 先巴 罗布顿珠
来源 | 西藏商报
译文 | 阳光西藏