ལྷ་སའི་སེ་ར་ལམ་ནས་མི་འདི་འདྲ་ཞིག་བཟུང་འདུག

时事   2024-11-01 13:01   西藏  

ཁ་པར་དགོས་སམ། ཁ་པར་གོང་ཁེ་པོ་བྱས་ནས་བཙོང་རྒྱུ་ཡོད། 

གལ་ཏེ་མི་མང་སར་ཁྱེད་ལ་སྐད་ཆ་འདི་འདྲ་འདྲི་མཁན་ཡོད་ན། དེ་ནི་གཡོ་ཇུས་ཤིག་ཡིན་སྲིད།  ཟླ་༡༠པའི་ཚེས་༢༧ཉིན། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གྲྭ་བཞི་མངགས་གཏོང་ཁང་གིས་ཁ་པར་རྫུན་མ་བེད་སྤྱད་ནས་ཁ་བསླུས་རྒྱག་མཁན་གྱི་ཉེས་གསོག་དོགས་ཅན་ཞིག་འཛིན་བཟུང་བྱས་པ་རེད། 


“要手机吗?”“手机便宜卖!”当你在公共场所被这样搭讪时,可能已经陷入了骗局。10月27日,城关公安分局扎细派出所抓获一名利用手机模型冒充真手机实施诈骗的犯罪嫌疑人……

↓↓↓↓

ཉེ་ཆར། གྲྭ་བཞི་མངགས་གཏོང་ཁང་གི་ཁོངས་གཏོགས་ཁུལ་དུ་ཁ་པར་རྫུན་མ་སྤྱད་དེ་ཁ་བསླུས་བརྒྱབ་པའི་གྱོད་གཞི་མང་པོ་བསྟུད་མར་ཐོན་ཞིང་། གནས་ཚུལ་ཤེས་རྟོགས་བྱུང་རྗེས། གྲྭ་བཞི་མངགས་གཏོང་ཁང་གིས་འཕྲལ་དུ་ཉེན་རྟོག་པ་ཧྲག་བསྡུས་བྱས་ཏེ་སྙན་སེང་ཞུས་པའི་གྱོད་དོན་དག་གི་ཁུངས་སྣེར་རྩད་འཚོལ་དང་དབྱེ་ཞིབ་གཏིང་ཟབ་བྱས་པ་རེད། དེ་དང་ཆབས་ཅིག་ཕྱོགས་བསྡུས་བཀོད་འདོམས་ཁང་གིས་གཙོ་གནད་ཀྱི་ས་ཆ་ཁ་ཤས་ལ་ཆུ་ཚོད་༢༤ཡི་རིང་རྒྱུན་ཆད་མེད་པར་རྟོག་ཞིབ་བྱས་པ་རེད། 


近期,扎细派出所辖区连续发生多起利用假手机实施诈骗的案件。掌握情况后,扎细派出所迅速组织精干警力,对前期报案的线索进行全面梳理和深入分析。同时,依托综合指挥室对重点区域展开24小时不间断巡查。

(网络配图)

ཟླ་༡༠ཚེས་༢༧ཉིན་གྱི་ཆུ་ཚོད་༢༠ཡས་མས་སུ། མི་དམངས་ཉེན་རྟོག་པས་སྐོར་ཞིབ་བྱེད་སྐབས་སེ་ར་ལམ་གྱི་སྒོ་རྩིས་ཚོང་ཁང་ཞིག་གི་སྒོ་འགྲམ་དུ་མི་གཉིས་ཀྱིས་ཚོང་རྒྱག་བཞིན་ཡོད་པ་མཐོང་རྗེས། གཞན་ཞིག་གིས་མྱུར་དུ་སྐད་བརྒྱབ་ནས་མི་དེར་ཡིད་ཆེས་མ་བྱེད། དེ་ནི་ཁ་པར་རྫུན་མ་རེད་ཅེས་བཤད་པ་དང་། དེ་མ་ཐག་ཉེན་རྟོག་པས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་རྫུན་མ་བཙོང་ནས་ཁ་བསླུས་རྒྱག་མཁན་གྱི་ཉེས་གསོག་དོགས་ཅན་ཀྲང་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད།

ཉེན་རྟོག་པས་དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོར་སྔོག་བཤེར་བྱེད་དུས། ཁོའི་ལག་ནས་བཟོ་དབྱིབས་གཅིག་པ་ཡིན་པའི་ཁ་པར་རྫུན་མ་གཅིག་དང་ཁ་པར་ངོ་མ་གཅིག་སྔོག་བཤེར་ཐུབ་པ་རེད། ཁ་པར་རྫུན་མ་དེ་བེད་སྤྱད་ནས་ཉོ་མཁན་ལ་མགོ་སྐོར་གཏོང་བཞིན་ཡོད། འཛིན་བཟུང་བྱེད་དུས་ཀྲང་ཆེ་གེ་མོས་ཁ་པར་རྫུན་མ་དེ་ལི་ཆེ་གེ་མོར་བཙོང་བཞིན་ཡོད་པ་རེད། 


10月27日20时许,民警在巡查时发现,色拉路某超市门口有人正在进行交易。“不要相信他,这是模型机!”民警立即警觉,迅速赶往现场,并当场抓获了一名正在以贩卖假“苹果”手机实施诈骗的嫌疑人张某。在现场,民警从嫌疑人张某身上搜出了两部同型号的手机,其中一部是真机,另一部则是用来诈骗的模型机。当时,嫌疑人张某正企图将这部模型机出售给市民李先生(化名)。

ལི་ཆེ་གེ་མོས་ཕྱིར་དྲན་བྱས་པ་ལྟར་ན། ང་རང་སྒོ་རྩིས་ཚོང་ཁང་ལ་འགྲོ་བའི་ལམ་བར་དུ། ཀྲང་ཆེ་གེ་མོ་འཕྲད་པ་དང་ཁོས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་གསར་པ་ཞིག་བཏོན་ནས་བཤད་རྒྱུར། འདི་ནི་ཀུ་ཤུ་ཁ་པར་གསར་ཤོས་དེ་ཡིན་མོད་རིན་གོང་ཆེད་མངགས་ཚོང་ཁང་ལས་ཕྱེད་ཀ་ཙམ་མ་གཏོགས་སྤྲོད་མི་དགོས་ཟེར། ང་དགའ་ནས་ཚོང་རྒྱག་རྩིས་བྱེད་བཞིན་པའི་སྐབས་ཉེན་རྟོག་པས་ཤེས་རྟོགས་བྱུང་ནས་དུས་ཐོག་ཏུ་བཀག་འགོག་བྱས་པ་དང་། དེ་འདྲ་མ་བྱུང་ཚེ་ང་རང་ལ་མགོ་སྐོར་ཐེབས་ངེས་རེད་ཅེས་བརྗོད་འདུག

བརྟག་དཔྱད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཀྲང་ཆེ་གེ་མོས་རང་ཉིད་ཀྱིས་ཁ་བསླུས་བརྒྱབ་པའི་ཁྲིམས་འགལ་གྱི་དོན་དངོས་དེ་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་། ད་ཆ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན་ལྔ་བྱ་རྒྱུའི་ཆད་གཅོད་བྱས་ཡོད་ཅིང་། དེ་སྔར་བསག་པའི་གྱོད་གཞི་དག་ལ་ཡང་རྒྱུ་མ་ཕུ་འདེད་བྱེད་བཞིན་ཡོད། 


李先生回忆道:“我在去超市的路上,张某搭讪说他有新款‘苹果’手机,价钱比专卖店便宜一半。当时他将真手机给我看,我都准备交易了。幸亏民警及时阻拦,否则就被骗了……”

经查,嫌疑人张某对自己实施诈骗的违法事实供认不讳。目前,根据《中华人民共和国治安管理处罚法》相关规定,公安机关已依法对嫌疑人张某作出行政拘留五日的处罚,前期发生的案件正在进一步调查中。


    







ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར། 

གྲོང་མི་རྣམས་ཀྱིས་ཁ་པར་ཉོ་དུས། ངེས་པར་དུ་ཚོང་གཉེར་ཐོབ་ཐང་ཡོད་སའི་ཚོང་ཁང་དུ་ཕྱིན་ནས་ཉོ་དགོས་པ་དང་།  ཉོ་སྐབས་ཁ་པར་གྱི་ཕྱིའི་དབྱིབས་དང་ནུས་པར་ནན་ཏན་གྱིས་ཞིབ་བཤེར་གང་ལེགས་བྱེད་དགོས་ལ། ཁ་པར་གྱི་འཛིན་ཤོག་དང་འགན་ལེན་གསུམ་གྱི་འཛིན་ཡིག་བཅས་ལ་ནན་ཏན་གྱིས་བལྟ་དགོས།  རིན་གོང་ཁེ་པོར་རྔམ་ནས་ལམ་འགྲམ་དུ་རིན་གོང་ཁེ་པོ་ཡིན་པའི་ཁ་པར་ཉོ་མི་རུང་། གལ་ཏེ་གོང་གསལ་གྱི་ཁ་བསླུས་རྒྱག་མཁན་གྱི་གནས་ཚུལ་དང་འཕྲད་ཚེ་དུས་ཐོག་ཏུ་༡༡༠ལ་ཁ་པར་བསྐྱོན་ནས་ལམ་སེང་སྙན་སེང་ཞུ་དགོས། 


    广大市民朋友在购买手机时,一定要到具备经营资质的场所购买,购机时要认真检查手机外观和性能,仔细查看手机发票和三包凭证。千万不要因贪图便宜,随便在路边购买廉价手机。如果遇到诈骗,请及时拨打110报警电话。












ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠

来源 | 拉萨融媒

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章