ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་བརྟག་དཔྱད་ཞིབ་ཕྲ་བྱས་པ་བརྒྱུད། གོ་གནས་ཧམ་བཟུང་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་ཐུབ་པ་དང་ཉེས་གསོག་དོགས་ཅན་པ་༡ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ཁང་པ་མཛེས་རྒྱན་བཟོ་སྐྲུན་ཚད་ཡོད་ཀུང་སི་ཞིག་གིས་རྩིས་ཐོ་ཞིབ་བསྡུར་བྱེད་སྐབས་རྩིས་ཐོ་ཁག་ཅིག་རྒྱུན་གཏན་དང་མི་འདྲ་བའི་ཤེས་རྟོགས་བྱུང་བ་དང་། དེ་རྗེས་ཀུང་སི་དེའི་འགན་འཁུར་བས་ཞིབ་བཤེར་ཞིབ་ཕྲ་བྱས་པ་བརྒྱུད་ཀུང་སིའི་ནང་གི་ལས་མིས་ལས་གནས་སྤྱད་དེ་རྒྱུ་ནོར་ཧམ་བཟུང་བྱས་པ་ཤེས་རྟོགས་ཐུབ་པས་ཉེན་རྟོག་ཕྱོགས་ལ་ཉེས་དོན་སྙན་སེང་ཞུས་ཡོད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གི་རུ་ཆེན་གསུམ་པས་གྱོད་གཞི་དེ་བདག་སྤྲོད་བྱས་ཤིང་། བརྟག་དཔྱད་བྱས་པ་བརྒྱུད། དོགས་ཡོད་མི་སྣ་ཡུའེ་ཆེ་གེ་མོས་ཀུང་སི་དེར་ལས་ཀ་བྱེད་རིང་། ལས་གནས་ཀྱི་སྟབས་བདེ་སྤྱད་དེ། སྒྲིག་ཆས་དང་གྱོན་ཆས། འགྲོ་སོང་རྩིས་ཞུ་སོགས་བྱས་པར་བརྟེན་ནས་སྔ་རྗེས་སུ་ཀུང་སིའི་གཞུང་དངུལ་ཐེངས་མང་བདག་བཟུང་བྱས་ཡོད་པ་རེད།
(网络配图)
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། ནོར་བུ་དོན་གྲུབ།
主编:吾见才让
副主编:平多 桑布
编辑:晋美 罗顿
来源:平安拉萨
译文:阳光西藏