༢༠༢༤ལོའི་ཟླ་༡༡ཚེས་༣ཉིན་གྱི་མཚན་མོའི་ཆུ་ཚོད་༡༡པའི་ཐོག ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུད་ཀུན་བདེ་གླིང་མངགས་གཏོང་ཁང་གི་ཁོངས་གཏོགས་བདེ་སྐྱིད་དཀྱིལ་ལམ་གྱི་ཉེན་དོན་ས་ཚིགས་ལ་བདེ་སྐྱིད་ལམ་གྱི་སྡེ་ཁུལ་ཞིག་གི་ལས་དོན་པས་ཁ་པར་འབྱོར་ནས། བུད་མེད་ཅིག་གིས་ད་ལྟ་སྡེ་ཁུལ་གྱི་ཅ་ལག་འཇོག་ས་ནས་ཅ་ལག་རྐུ་བཞིན་འདུག་པས་ཉེན་རྟོག་པས་ཐག་གཅོད་བྱེད་རོགས་ཞེས་བརྗོད་པ་རེད།
2024年11月3日23时许,城关公安分局功德林派出所德吉中路警务站接到德吉路某小区物业工作人员报警求助称,发现一名女子正在小区快递存放处盗窃包裹,请求出警处置。
ཉེན་བརྡའི་ཁ་པར་འབྱོར་རྗེས། ཉེན་རྟོག་པས་འཕྲལ་དུ་སྡེ་ཁུལ་དེའི་ཅ་ལག་འཇོག་སར་བསྐྱོད་དེ་རྐུ་རྒྱག་མཁན་བུད་མེད་དེ་བཟུང་བ་དང་འབྲེལ་བུད་མེད་དེས་བརྐུས་པའི་ཅ་ལག་གཞུང་བཞེས་བཏང་བ་རེད། འདྲི་རྩད་བྱས་པ་བརྒྱུད། རྐུ་རྒྱག་མཁན་བུད་མེད་དེས་སྡེ་ཁུལ་འདི་ནས་ཅ་ལག་ཐེངས་མང་བརྐུས་པའི་གནས་ཚུལ་སྦ་གསང་མེད་པར་ངོས་ལེན་བྱས་པ་རེད།
རྐུ་རྒྱག་མཁན་བུད་མེད་དེ་ད་ལྟ་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་ལ་རྩིས་སྤྲད་དེ་མུ་མཐུད་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
接到报警后,该站立即出动警力赶赴现场,将犯罪嫌疑人抓获,并在嫌疑人身上找到了部分盗窃的包裹。经查,犯罪嫌疑人高某红承认了多次在该小区盗窃包裹的事实。
目前,嫌疑人已移交刑警支队做进一步处理。
ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར།
ཤིག་བསད་ཀྱང་སྡིག་པ་ཟེར་བའི་དཔེ་ལྟར་གཞན་གྱི་རྒྱུ་ནོར་ཆུང་ཙག་ཡིན་ཡང་མ་སྦྱིན་བླངས་ན་རྐུན་མ་ཡིན་པས་ཐ་ཤལ་དང་ཐབས་རྡུགས་ཀྱི་སྤྱོད་ངན་དེས་མཐར་རང་ཉིད་ཁྲིམས་ཀྱི་རྒྱ་རུ་ཚུད་དེ་འགྱོད་པའི་གླིང་དུ་སྐྱེལ་ངེས་ཡིན།
གྲོང་མི་ཚོས་དྲ་ཐོག་ནས་ཅ་དངོས་ཉོ་སྐབས་ས་ཆ་གང་དུ་འཇོག་པ་དང་སྐྱེལ་དགོས་པའི་ཐད་ངེས་པར་དུ་དོ་སྣང་བྱེད་དགོས། ཅ་ལག་འབྱོར་བའི་འཕྲིན་ཐུང་སླེབས་མ་ཐག་ལམ་སང་ལེན་པར་བསྐྱོད་དགོས། གལ་ཏེ་དུས་ཚོད་མེད་ཚེ་ཅ་ལག་སྐྱེལ་མཁན་ལ་ཅ་ལག་སྐྱེལ་བའི་དུས་ཚོད་བསྒྱུར་བའི་རེ་བ་འདོན་པའམ་ཡང་ན་ཅ་ལག་བླུག་སྒམ་ནང་འཇོག་རོགས་ཟེར་དགོས། དངོས་པོ་རྩ་ཆེན་ཡིན་ཚེ་ཅ་ལག་སྐྱེལ་མཁན་གྱི་ལག་ནས་ཐད་ཀར་ལེན་དགོས་པ་མ་ཟད་ཐུམ་སྒྲིལ་ཁ་ཕྱེས་ཡོད་མེད་ཞིབ་བཤེར་བྱེད་དགོས། གལ་ཏེ་མི་གཞན་བཏང་ནས་ཅ་ལག་ལེན་དགོས་ཚེ་ཅ་ལག་ལེན་མཁན་ལ་མངག་བཅོལ་ཡག་པོ་བྱེད་དགོས།
警方提醒
“勿以恶小而为之”,切莫心存贪念,抱有侥幸心理,实施盗窃等违法犯罪行为,触犯法律底线。
市民朋友在网购时一定要提高警惕,注意快递安全。当接到快递领取信息时,应尽快前往领取,如有不便,可与快递员电话协商择期派送,也可请快递员将包裹暂存在上锁的快递自提柜中;贵重的快递包裹务必当面领取,并做好必要的开包检查;如委托代为领取,应与其保持联系,确保快递领取无误。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། ནོར་བུ་དོན་གྲུབ། བྱམས་པ།
主编:吾见才让
副主编:平多 桑布
编辑:罗布顿珠 先巴
来源 | 拉萨发布
译文:阳光西藏