ནག་ཆུ་ཨ་མདོ་རྫོང་གིས་ཉེ་ཆར་རྫོང་དེའི་འབུམ་རམས་ཞིབ་འཇུག་སློབ་མ་ཐོག་མ་སྐྱིད་བུ་དབང་གྲགས་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་གཉེར་བ་རེད།
近日,安多县开展首位安多县博士研究生吉布旺扎奖励资金发放仪式。
ད་ཐེངས་སློབ་མ་སྐྱིད་བུ་དབང་གྲགས་ལ་གཟེངས་བསྟོད་འདི་ལྟ་བུ་ཞིག་སྤྲོད་པ་ནི་རིག་གནས་དང་ཤེས་ཡོན་ལ་མཐོང་ཆེན་བྱེད་པའི་སྲོལ་བཟང་ཞིག་ཆགས་པ་དང་། སློབ་མས་སློབ་སྦྱོང་ཧུར་ཐག་བྱས་ཏེ་ཐོས་པ་རྒྱ་ཆེར་གསོག་པའི་ཆེད་དུ་ཡིན་པ་རེད། སྐྱིད་བུ་དབང་གྲགས་ཀྱིས་ཕ་ཡུལ་མི་དམངས་ཀྱི་ཡིད་ཆེས་དང་སྐུལ་ལྕག་བློ་ལ་བརྟན་པོར་ངེས་ནས་མུ་མཐུད་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ། ཤེས་ཡོན་དང་ཤེས་རབ་ལ་བརྟེན་ནས་སྤྱི་ཚོགས་ལ་ཕན་པའི་བྱ་བ་བསྒྲུབ་པ་དང་ཕ་ཡུལ་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
此次表彰旨在对吉布旺扎同学进行奖励和宣传,从而弘扬崇文尚学良好风尚,鼓励学生奋发向上、刻苦学习。吉布旺扎表示带着家乡人民的信任和鞭策继续努力,用知识和智慧回馈社会,报效家乡。
ཤེས་རྟོགས་བྱུང་བར་ལྟར་ན། ཨ་མདོ་རྫོང་གིས་ཉེ་ཆར་བྱ་དགའ་སྤྲོད་པའི་ལམ་སྲོལ་བཙུགས་ཏེ། གཙོ་གནད་མཐོ་འབྲིང་དང་༩༨༥དང་༢༡༡སོགས་ཀྱི་གཙོ་གནད་སློབ་ཆེན། དེ་བཞིན་ཡོན་ཚད་དེ་ལས་མཐོ་བའི་ཨ་མདོའི་སློབ་མར་བྱ་དགའ་སྤྲད་རྒྱུ་རེད། དེ་དང་དུས་མཚུངས། བྱ་དགའི་ལམ་སྲོལ་དེ་ལག་བསྟར་ནན་པོ་བྱས་ཏེ་སློབ་གསོ་འཕེལ་རྒྱས་གཏོང་བའི་ཐད་ཕན་ཐོགས་ཡོད་པའི་བྱ་ཐབས་དང་། སྲིད་ཇུས་དེས་བས་མང་བ་བཏོན་ནས། དགེ་རྒན་ལ་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་རྫོང་དེ་ཡོངས་སུ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་རེད།
据悉,安多县近期还将设立奖励资金,对考取重点高中和985、211等重点大学及更高学历的安多籍学生进行奖励。同时,还将执行严格的奖惩机制,推出更多教育发展行之有效的办法、政策,深入实施教师优待政策,进一步在全县营造尊师重教氛围。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། ནོར་བུ་དོན་གྲུབ། བྱམས་པ།
主编:吾见才让
副主编:平多 桑布
编辑:罗布顿珠 先巴
来源 | 那曲融媒
译文:阳光西藏