ཉིང་ཁྲི་ནས་ལྷ་སའི་བར་གྱི་ལམ་གནས་སྐབས་བཀག་སྡོམ་བྱ་རྒྱུ་རེད་འདུག

时事   2024-11-03 10:37   西藏  


གཞུང་ལམ་སྒྲིག་ཆས་ཀྱི་བདེ་འཇགས་འགན་ལེན་ཆུ་ཚད་གོང་འཐོར་གཏོང་བ་དང་། བདེ་འཇགས་ངང་སྐྱོད་པའི་དགོས་མཁོ་བསྐང་ཆེད། བོད་རང་སྐྱོང་ལྗོངས་ཀྱི་རིམ་མཐོའི་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་བསྟུན་འགན་སྲུང་ལྟེ་གནས་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། རྒྱལ་ལམ་༤༢༡༨གཡག་རྔ་ནས་ཤིན་ཅང་ཡའེ་གྲེང་བརྒྱུད་ཀྱི་མྱུར་ལམ་ཁོངས་ཉིང་ཁྲི་ནས་ལྷ་སའི་བར་གྱི་རུ་ཐོག་མཚམས་ནས་མལ་གྲོ་གུང་དཀར་བར་ལ་ཟླ་༡༡ཚེས་༤ཉིན་ནས་བཟུང་ཉམས་གསོ་བྱ་རྒྱུ་ཡིན། ཉམས་གསོ་བྱེད་རིང་ལམ་དུམ་དེར་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་འབྲེལ་ཡོད་ནང་དོན་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།

གཅིག འགྲིམ་འགྲུལ་བཀག་སྡོམ་བྱེད་པའི་དུས་ཚོད།

༡ རྒྱལ་ལམ་༤༢༡༨གཡག་རྔ་ནས་ཤིན་ཅང་ཡའེ་གྲེང་བརྒྱུད་ཀྱི་མྱུར་ལམ་ཁོངས་མལ་གྲོ་གུང་དཀར་ནས་རུ་ཐོག་བར་ལྷ་ས་ནས་ཉིང་ཁྲིའི་ཕྱོགས་ལ་༢༠༢༤ལོའི་ཟླ་༡༡ཚེས་༤བར་རླངས་འཁོར་གཏོང་རྒྱུ་ཡིན། 

༢ རྒྱལ་ལམ་༤༢༡༨གཡག་རྔ་ནས་ཤིན་ཅང་ཡའེ་གྲེང་བརྒྱུད་ཀྱི་མྱུར་ལམ་ཁོངས་མལ་གྲོ་གུང་དཀར་གྱི་ཉིང་ཁྲི་ནས་ལྷ་སིའི་ཕྱོགས་ལ་༢༠༢༤ལོའི་ཟླ་༡༡ཚེས་༤བར་རླངས་འཁོར་བཀག་སྡོམ་བྱ་རྒྱུ་ཡིན། 

གཉིས།  རླངས་འཁོར་ཁ་གྲམ་ནས་སྐོར་བའི་ལམ་ཐིག

 རྒྱལ་ལམ་༤༢༡༨གཡག་རྔ་ནས་ཤིན་ཅང་ཡའེ་གྲེང་བརྒྱུད་ཀྱི་མྱུར་ལམ་ཁོངས་མལ་གྲོ་གུང་དཀར་མཚམས་ཉིང་ཁྲི་ནས་ལྷ་སའི་ཕྱོགས་བར་བཀག་སྡོམ་བྱ་རྒྱུ་དང་། ལྷ་སར་འགྲོ་བའི་རླངས་འཁོར་རུ་ཐོག་ཞབས་ཞུ་ཁུལ་བབས་ནས་རྒྱལ་ལམ་༣༡༨སྐོར་ཏེ་རུ་ཐོག་དཔྱང་ཟམ་ནས་མྱུར་བགྲོད་གཞུང་ལམ་ཐོག་འཛེགས་ཏེ་ལྷ་སར་བསྐྱོད་དགོས།

ཁ་ལོ་བ་རྣམས་ཀྱིས་འགྲིམ་འགྲུལ་མཚོན་རྟགས་ལ་བལྟས་ཏེ། འགྲོ་ལམ་འོས་འཚམ་གདམ་དགོས་པ་དང་། ལས་ཀ་བྱེད་སའི་ལས་དོན་མི་སྣའི་བཀོད་འདོམས་ལ་གསན་དགོས།


据“拉萨交警”微信公众号最新消息,为提升公路设施安全保障水平,满足安全出行需求,根据西藏自治区高等级公路事业发展和应急保障中心工作安排,从11月4日起对G4218雅叶高速林拉段日多至墨竹工卡段部分桥梁伸缩缝开展维修施工。届时对该路段进行交通管制,相关事宜如下:

一   交通管制时间

1.开放G4218雅叶高速林拉段墨竹工卡至日多段(K1762-K1822)拉萨往林芝方向道路,开放时间为2024年11月4日0:00;

2.封闭G4218雅叶高速林拉段日多至墨竹工卡段(K1762-K1822)林芝往拉萨方向道路预计12天,封闭开始时间为11月4日上午8:00,结束时间以公告解除为准。

二  分流车辆绕行路线

封闭G4218雅叶高速林拉段日多至墨竹工卡段的林芝往拉萨方向道路。拉萨方向车辆从日多服务区下高速绕行G318从墨竹工卡立交上高速前往拉萨。

请广大司乘人员密切关注沿线交通标志标牌,合理选择出行路线,服从现场交管人员指挥。给您带来的不便,敬请谅解。





















ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ།  དབང་མོ། འཇིགས་མེད།


主编:吾见才让

副主编:平多 桑布

编辑:旺姆 晋美

来源 | 拉萨交警

译文 | 阳光西藏


阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章