ཉེ་ཆར། སི་ཁྲོན་དགེ་འོས་སློབ་ཆེན་སྲོག་ཆགས་སྐྱེ་ཁམས་ཞིབ་འཇུག་ཚོགས་པའི་དགེ་རྒན་ཆེ་མོ་བ་ཁྲེན་ཧྲུན་ཏེས་ཡིས་སི་ཁྲོན་ཞིང་ཆེན་ནགས་ལས་ཚན་རིག་ཞིབ་འཇུག་ཁང་དང་། རྒྱལ་ཁབ་ནགས་ལས་ཅུས་ཀྲུང་ནན་སློབ་གླིང་ལ་མཉམ་ལས་བྱས་ནས་ཞིབ་འཇུག་བྱེད་སྐབས། བོད་རང་སྐྱོང་ལྗོངས་ནས་འོ་འཐུང་སྲོག་ཆགས་༢གསར་དུ་རྙེད་པ་དང་། དེའི་མིང་ལ་རྩྭ་མདའ་གླ་བྱི(Crocidura zhadaensis)དང་མེ་ཏོག་གླ་བྱི(Crocidura zhadaensis)ཞེས་བཏགས་པ་རེད། ཞིབ་འཇུག་གི་གྲུབ་འབྲས་དེ་གཅན་གཟན་རིགས་ཀྱི་རིག་གཞུང་ཚགས་པར་གྱི་འདོན་ཐེངས་༤༤པའི་དུས་དེབ་༥པའི་ཐོག་བཀོད་ཡོད་པ་རེད།
近日,四川师范大学动物生态研究团队陈顺德教授联合四川省林业科学研究院、国家林业局中南院,在西藏自治区发现2个哺乳动物新种,分别命名为札达麝鼩 (Crocidura zhadaensis) 和墨脱麝鼩 (Crocidura medogensis)。该成果已发表在《兽类学报》第44卷第5期。
རྩྭ་མདའ་གླ་བྱི་འཚོ་སྡོད་བྱེད་སའི་ཁོར་ཡུག་གི་རྣམ་པ།
札达麝鼩野外生态照片
མེ་ཏོག་གླ་བྱི་འཚོ་སྡོད་བྱེད་སའི་ཁོར་ཡུག་གི་རྣམ་པ།
墨脱麝鼩野外生态照片
འཛམ་གླིང་སྟེང་འཚོ་སྡོད་བྱེད་བཞིན་པའི་གླ་བྱིའི་རིགས་ལ་སྣ་མང་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེ་ནི་འོ་འཐུང་སྲོག་ཆགས་ནང་གི་རིགས་ཆེས་ཆེ་ཤས་ཀྱི་གྲས་ཡིན་ལ། ཁྱོམ་བསྡོམས་རིགས་༡༩༨ཡོད། དེའི་ནང་ཀྲུང་གོའི་གླ་བྱིའི་རིགས་ཡང་སྣ་མང་ཕུན་སུམ་ཚོགས་ཤིང་། བྱང་ཕྱོགས་ཀྱི་ས་ཐིག་དང་ཤར་གྱི་རྒྱ་མཚོ་ཆེན་པོའི་བར་གྱི་ས་ཁོངས་སུ་ཁྱབ་ཡོད། ད་ཆ་གསར་རྙེད་བྱུང་ཡོད་པའི་རིགས་ལ་སྐྱ་པོ་གླ་བྱི་དང་། རྔ་མ་དཀར་པོའི་གླ་བྱི། ཏུང་དབྱང་གཙང་པོའི་གླ་བྱི། ཧྭ་ནན་དཀྱིལ་གྱི་གླ་བྱི་སོགས་རིགས་༡༤ཡོད། དེ་དག་ཐམས་ཅད་རང་རྒྱལ་གྱི་ས་བབ་མཐོ་ཚད་སྨི་༡༥༠ནས་༤༠༠༠བར་གྱི་ཁོར་ཡུག་ཏུ་འཚོ་སྡོད་བྱེད་བཞིན་ཡོད་ལ། གཙོ་བོ་ནགས་ཚལ་དང་། རྩྭ་ཐང་། ཞིང་ས། མི་སྡོད་སའི་མཐའ་ཁོར་བཅས་སུ་འཚོ་བཞིན་ཡོད།
ཁྲེན་ཧྲུན་ཏེའི་ཚོགས་པས་གཟུགས་གཞི་རིག་པ་དང་ཆ་རྡུལ་སྐྱེ་དངོས་རིག་པ་སོགས་ཀྱི་གྲངས་གཞི་དང་ཟུང་འབྲེལ་བྱས་ནས། བོད་ཀྱི་རྩྭ་མདའི་ལུང་གཞུང་དང་མེ་ཏོག་གི་རྫོང་ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་སྨད་རྒྱུད་དུ་ཁྱབ་པའི་གླ་བྱི་ནི་གསར་དུ་རྙེད་པའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན་པ་དང་། དེ་གཉིས་ལ་ས་མིང་མདུན་ལ་བཞག་ནས་མིང་བཏགས་ཡོད་པ་རེད། ད་ཆ་གླ་བྱི་འདི་གཉིས་གཙོ་བོ་རྩྭ་མདའ་རྫོང་དང་མེ་ཏོག་རྫོང་དུ་མ་གཏོགས་མེད་ལ། དེའི་མ་དཔེ་སི་ཁྲོན་དགེ་འོས་སློབ་ཆེན་སྲོག་ཆགས་ཀྱི་མ་དཔེ་ཁང་དུ་ཉར་ཚགས་བྱས་ཡོད།
全球麝鼩属物种丰富,是哺乳动物中最大的1个属,包括198个物种。中国麝鼩属物种多样性丰富,横跨古北界和东洋界,目前包括灰麝鼩、白尾梢大麝鼩、东阳江麝鼩、华南中麝鼩等14个物种。它们广泛分布于我国海拔150米低地到4000米的山地森林、草地、农田、居民区等各种生境,大多生活在较低海拔。
陈顺德团队结合形态学和分子生物学等数据证明了分布在西藏自治区札达土林河谷和墨脱县雅鲁藏布江中下游的麝鼩是两个独立的新物种,分别以其地名命名。目前这两个物种仅分布在札达县和墨脱县,其模式标本保存于四川师范大学动物标本馆。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ།
主编 | 吾见才让
副主编 | 平多 桑布
编辑 | 先巴 罗布顿珠
来源 | 西藏商报
译文 | 阳光西藏