སྒོར་ཁྲི་༥༨༢.༡༤༢ཟིན་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་འདུག

时事   2024-11-06 18:03   西藏  

ལྷ་ས་རྡོ་ཐའི་སྐད་འཕྲིན་སྤྱི་སྟེགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་ཆར། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུད་ཀྱིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དང་མཉམ་འབྲེལ་ཐོག་༥·༢༩ཡི་ཚོང་རྟགས་རྫུན་མ་ཐོ་འགོད་བྱས་ཡོད་པའི་གྱོད་གཞི་རྩད་ཆོད་བྱུང་ཡོད་པ་རེད། གྱོད་གཞི་དེའི་ནང་དུ་སྒོར་ཁྲི་༥༨༢.༡༤༢ལ་རི་བའི་ཐ་མག་སྟར་ཚན་༡༧༥༦རྩད་ཆོད་ནས་མི་༤འཛིན་བཟུང་བྱས་ཡོད་པ་དང་མི་༡ཉེས་དོན་བཀག་ཉར་བྱས་ཡོད་པ་རེད། 


据“拉萨烟草”微信公众号消息

近期

拉萨市烟草专卖局

联合拉萨市公安局

成功侦破“5·29”

假冒注册商标案件

查获假冒卷烟1756条

涉案金额582.142万元

逮捕4人、刑拘1人

༢༠༢༤ལོའི་ཟླ་༥པའི་ཚེས་༦ཉིན། མང་ཚོགས་ཤིག་གིས་ཞུ་གཏུག་བྱས་ནས་བཤད་རྒྱུར། ཉེ་སྔོན་མི་རྒྱུས་མེད་ཅིག་སྒོ་ཁར་འོང་ནས་ཐ་མག་བཙོང་བཞིན་ཡོད་པ་དང་། བལྟས་ཚོད་ལ་ཐ་མག་དེ་དག་རྫུན་མ་རེད་འདུག་ཅེས་ཐེར་འདོན་བྱས་པ་རེད། སྙན་སེང་དེ་འབྱོར་རྗེས་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུད་ཀྱིས་འཕྲལ་དུ་མི་སྣ་སྒྲིག་འཛུགས་བྱས་ནས་ཐ་མག་དེའི་རྫས་བླངས་ནས་ཞིབ་བཤེར་བྱས་པ་བརྒྱུད། ཐ་མག་དེ་ཐམས་ཅད་ཐོ་འགོད་ཚོང་རྟགས་མེད་པའི་ཐ་མག་རྫུན་མ་ཡིན་པ་ཤེས་རྟོགས་བྱུང་པ་རེད། 

༢༠༢༤ལོའི་ཟླ་༥པའི་ཚེས་༢༩ཉིན།  ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་རུ་ཁག་གིས་གྱོད་གཞི་དེ་དངོས་སུ་གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་པ་དང་། ཕྱོགས་གཉིས་པོས་མཉམ་འབྲེལ་ཆེད་དོན་ཚོགས་ཆུང་འཛུགས་རྒྱུ་ཐག་བཅད་པ་རེད།    


2024年5月6日,群众举报,称有人进行上门推销卷烟活动,而这些卷烟疑似为假冒产品。接报后,拉萨市烟草专卖局通过对该批卷烟进行抽样送检均系假冒注册商标且伪劣卷烟。

拉萨市公安局经济犯罪侦查支队于2024年5月29日正式对该案立案侦查,双方决定成立联合专案组。

ཆེད་དོན་ཚོགས་ཆུང་གིས་ཟླ་བ་གཅིག་ལྷག་ཙམ་རིང་། ས་ཆ་མང་པོར་སོ་ལྟ་བྱས་པ་བརྒྱུད་ཐ་མག་རྫུན་མ་ཕྱིར་ཚོང་བྱེད་མཁན་གྱི་ཚོགས་པས་ཐ་མག་རྩིས་ལེན་དང་། སྐྱེལ་འདྲེན། ཕྱིར་ཚོང་བཅས་ཀྱི་བྱ་སྤྱོད་དང་ལམ་ཐིག་ཁོང་དུ་ཆུད་པ་རེད། ༢༠༢༤ལོའི་ཟླ་༧པའི་ཚེས་༡༦ཉིན། ཆེད་དོན་ཚོགས་ཆུང་གིས་ཐ་མག་རྫུན་མ་བཙོང་མཁན་དག་འཛིན་བཟུང་བྱེད་པའི་བྱ་སྤྱོད་སྤེལ་ནས། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་ཚོང་ཁང་ཞིག་དང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ལིན་ཧྥུང་ཀྲི་ཟོག་འགྲེམས་ཚད་ཡོད་ཀུང་སིའི་སྡེབ་ཚོང་ཁྲོམ་རའི་མཛོད་ཁང་ཞིག ལྷ་ས་གྲོང་ཁྱེར་ཐེན་ཧའེ་ལམ་གྱི་ཚོང་ཁང་ཞིག ལྷ་ས་གྲོང་ཁྱེར་གྲོང་ཤར་གྱི་མྱུར་སྐྱེལ་ས་ཚིགས་ཞིག་བཅས་ལ་ཞིབ་བཤེར་བྱས་པ་རེད། 

གོང་གསལ་གྱི་ས་གནས་བཞི་ནས་ཐོ་འགོད་ཚོང་རྟགས་རྫུན་མ་ཡིན་པའི་སྤུས་ཞན་གྱི་ཐ་མག་སྟར་ཚན་༡༧༥༦རྩད་ཆོད་པ་དང་། ཆེད་དོན་ཚོགས་ཆུང་གིས་ཞིབ་བཤེར་དང་འདྲི་གཅོད་གཟབ་ནན་བྱས་པ་བརྒྱུད། ལི་ཆེ་གེ་མོ་དང་། ཀྲང་ཆེ་གེ་མོ། ཐེན་ཆེ་གེ་མོ། ལིའུ་ཆེ་གེ་མོ་སོགས་ཐ་མག་རྫུན་མ་བཙོང་མཁན་ཡིན་པ་བདེན་དཔང་བྱས་ནས་ར་སྤྲོད་བྱུང་པ་རེད། ད་ཆ་གྱོད་གཞི་རྒྱུ་མ་ཕུ་འདེད་བྱེད་བཞིན་ཡོད།   


专案组经过一个多月蹲点侦察逐步掌握了销售假烟团伙收货、送货、销售规律。2024年7月16日,专案组开展收网行动,对拉萨市堆龙德庆区东嘎农副产品批发市场某商行、拉萨市堆龙德庆区领峰智慧物流有限公司批发市场某仓库、拉萨市天海路某商行、拉萨市城东某快递点进行检查。

在上述四个地点查获涉嫌假冒注册商标且伪劣卷烟1756条,经专案组进一步调查取证,查实李某、张某、田某、刘某等销售假冒伪劣产品、非法经营的犯罪事实。目前该案正在进一步审理中。

 ཤེས་རྟོགས་བྱུང་བར་གཞིགས་ན། གྱོད་གཞི་དེ་ནི་ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱི་ཐ་མག་རྫུན་མའི་གྱོད་འབྲེལ་དངུལ་འབོར་ཆེ་ཤོས་དང་། འབྲེལ་ཡོད་མི་སྣ་མང་ཤོས།  དཀའ་ལས་དཀའ་ཚེགས་ཆེ་ཤོས་ཀྱི་གྱོད་གཞི་ཞིག་རེད། 

ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར། 

རྡོ་ཐ་ལ་རྒྱལ་ཁབ་ཀྱིས་ཆེད་གཉེར་དོ་དམ་བྱེད་བཞིན་ཡོད་པ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། ཚན་པ་དང་མི་སྒེར་གང་རུང་གིས་ཁྲིམས་འགལ་ངང་རྡོ་ཐ་ཐོན་སྐྱེད་དང་། སྐྱེལ་འདྲེན། ཉར་ཚགས། ཕྱིར་ཚོང་བཅས་བྱེད་མི་ཆོག་ཅེས་གཏན་ལ་ཕབ་ཡོད་ལ།    གལ་ཏེ་ཁྲིམས་འགལ་ངང་གོང་གསལ་གྱི་བྱ་བ་དག་བྱས་ཚེ་བཅའ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་རེད།  དུས་མཚུངས་སུ་འཛད་སྤྱོད་པ་རྣམས་ཀྱིས་ཀྱང་དོགས་ཟོན་བྱེད་དགོས་ཤིང་། ཐ་མག་རྫུན་མ་བཙོང་མཁན་དང་འཕྲད་ཚེ་ལམ་སང་༡༡༠ལ་ཁ་པར་བརྒྱབ་ནས་ཐེར་འདོན་བྱ་དགོས། 


据了解,该案是近年来西藏自治区涉案金额最大、涉及人员、环节最多的属地假冒卷烟案件

     警方提示:烟草制品属于国家专营专管,根据法律规定,任何单位和个人不得运输、储存、销售非法生产的烟草制品,否则将受到法律的严惩。同时,广大消费者也要提高警惕,谨防上当受骗。若发现假冒伪劣香烟,应立即向当地烟草专卖部门投诉,或拨打110电话向警方举报。




ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠

来源 | 平安拉萨

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章