ས་མཐོའི་རང་བཞིན་གྱི་ནད་རིགས་སྔོན་འགོག་གང་འདྲ་བྱེད་དགོས།

时事   2024-11-29 15:30   西藏  


ས་མཐོའི་ནད་ཀྱི་འབྱུང་རྐྱེན་གཙོ་བོ་ནི། ས་བབ་མཐོ་བའི་ཁོར་ཡུག་ཏུ་མིའི་གཟུགས་པོར་མཁོ་བའི་གསོ་རླུང་མི་འདང་བས།  མིའི་གཟུགས་པོའི་དོན་ལྔ་སྣོད་དྲུག་གི་ནུས་པ་རིམ་གྱིས་ཉམས་པ་ལས་བྱུང་བ་ཞིག་ཡིན་པ་དང་དེ་ཡང་ཐོག་མར་དཀའ་ལས་ཁག་པ་དང་མགོ་ན་བ། གཟུགས་པོར་ཤུགས་མེད་པ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད། དེ་ལྟར་ཡུན་རིང་པོ་ཕྱིན་ན་གློ་བར་ཆུ་བསགས་པ་དང་ཀླད་པར་ཆུ་བསགས་པའི་ནད་སོགས་འབྱུང་སླ་བས་རྒྱུན་དུ་ས་མཐོའི་ཁོར་ཡུག་ནང་འཚོ་བ་སྐྱེལ་མཁན་གྱིས་མངར་ཆ་མང་བའི་ཟས་དང་། ཞག་ཚིལ། ཚྭ་ཁ་མཐོ་བའི་ཟས་བཟའ་རྒྱུར་ཚོད་འཛིན་བྱེད་དགོས། མངར་ཆ་དང་ཞག་ཚིལ། ཚྭ་མང་དྲགས་ན་ཁྲག་ཤེད་མཐོ་བ་དང་། ཁྲག་ཞག་འཁོར་བ་སོགས་ཀྱི་ནད་འབྱུང་སླ་བས་རང་གི་ལུས་པོའི་བདེ་ཐང་ལ་དོ་སྣང་དང་གཙིགས་ཆེན་བྱས་ཏེ་དུས་རྒྱུན་དུ་ཞོགས་པ་ཡར་ལངས་རྗེས་ཁོག་པ་སྟོང་པར་ཆུ་ཁོལ་དྲོད་འཇམ་ཕོར་པ་གང་བཏུང་ཐུབ་ན་ཕོ་བ་གཙང་བཤེར་བྱེད་རྒྱུར་ཕན་འབྲས་ཆེན་པོ་ཡོད་ལ་ལུས་སེམས་གཉིས་ཀྱི་ངལ་གསོ་ཡག་ཤོས་ནི་མཚན་མོ་གཉིད་དུས་ཐོག་ཏུ་ཉལ་རྒྱུ་དེ་ཡིན། དེ་ཡང་། གཉིད་ཉལ་བའི་དུས་ཚོད་ལེགས་ཤོས་ནི་དགོང་མོའི་ཆུ་ཚོད་༡༠པ་ནས་ཞོགས་པའི་ཆུ་ཚོད་༦པ་བར་ཡིན་པས་གོམས་གཤིས་འདི་དག་དུས་རྒྱུན་འཚོ་བའི་ནང་འཇགས་ཐུབ་པ་གནང་རྒྱུ་གལ་ཤིན་ཏུ་ཆེ།



高原性疾病的主要病因是, 由于在高海拔环境中人体所需的氧气不足, 人体五脏六腑的功能逐渐衰竭。 首先出现疲劳、头痛、疲乏等现象。 长此以往容易发生肺水肿、脑水肿等疾病。  因此长期在高原生活的人群, 应控制高糖、高脂、高盐食物的摄入糖分和油脂、盐分过高会导致高血压、高血脂, 因此要注意和重视自己的身体健康, 每天早上起床后空腹喝一杯温热的开水, 对清胃有很好的效果, 晚上按时睡觉对身心有益,  最佳睡眠时间是晚上10点到早上6点。 把健康的常识灌输到生活中是很重要的。 


རྒྱུན་དུ་ལུས་སྦྱོང་ཚད་རན་པོ་གནང་རྒྱུ་ནི་གལ་ཆེན་པོ་ཡིན་ལ་དེ་བས་ཀྱང་ས་མཐོའི་ཐོག་ལུས་སྦྱོང་གནང་སྐབས་འགུལ་ཤུགས་ཆེ་དྲགས་རྒྱུ་མེད། དུས་རྒྱུན་རྒན་རྒོན་ཚོས་རང་གི་གཟུགས་གཞིའི་གནས་ཚུལ་ལ་གཞིགས་ཏེ་སྒོར་གཞས་འཁྲབ་པའམ་རྐང་ཐང་ལ་ཆམ་ཆམ་དུ་འགྲོ་དགོས། དམངས་ཁྲོད་ཀྱི་ངག་རྒྱུན་དུའང་ལུས་རྩལ་ལ་སྔ་བ་རྐང་ཐང་ཟེར་སྲོལ་ཡོད་པ་དེའི་ཐོག་ནས་རྐང་ཐང་ལ་འགྲོ་བའི་ཕན་ནུས་རྟོགས་ཐུབ། རྐང་ཐང་དུ་ཚད་རན་པོ་ཕྱིན་ན་སྙིང་དང་གློ་བའི་ནུས་པ་གསོ་སྐྱོང་ཐུབ་ནས་གློ་བར་ཆུ་བསགས་པ་དང་ཀླད་པར་ཆུ་བསགས་པ་སོགས་ཀྱི་ནད་རིགས་སྔོན་འགོག་ཐུབ་རྒྱུར་ཕན་པ་ཆེན་པོ་ཐོན་པ་མ་ཟད། ལུས་པོའི་ཚ་ནུས་ཟད་གྲོན་གཏོང་ཐུབ་སྟེ། ལུས་སྟེང་གི་ཚིལ་ལུ་ཞུ་ནས་ཤ་གནད་ཆགས་ཐུབ་པ་དང་འཇུ་བྱེད་མ་ལག་ལ་ཟགས་ཐོན་ནུས་པ་སྐྱེས་ནས་ཕོ་རྒྱུའི་འགུལ་སྐྱོད་ཚད་མཐུན་གནས་པ་སོགས་དམིགས་བསལ་ནུས་པ་མང་པོ་ལྡན་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྐང་ཐང་དུ་འགྲོ་བ་ནི་ལུས་སྦྱོང་ཡག་ཤོས་ཡིན་པར་ངོས་འཛིན་བྱས་ཡོད། 

ཚན་རིག་པས་བརྗོད་གསལ་ལྟར་ན། རྐང་ཐང་དུ་གོམ་པ་གཅིག་སྤོས་པ་དེས་མིའི་ལུས་སྟེང་གི་ཁྲག་རྩ་དང་ཤ་གནད་ཀྱི་བརྒྱ་ཆ༥༠འགུལ་སྐྱོད་ཐུབ་ནས་དྲན་ཤེས་ཡག་ཏུ་འགྲོ་རྒྱུར་ཧ་ཅང་ཕན་པ་མ་ཟད་རྩ་ལམ་འགག་པ་དང་ཁྲག་རྩའི་འཁོར་ལམ་འགག་པ་སོགས་དོན་ལྔ་སྣོད་དྲུག་གི་ནད་རིགས་འབྱུང་རྒྱུར་སྔོན་འགོག་བྱེད་ཐུབ་ཀྱི་ཡོད་པས་རྒྱུན་དུ་ཚད་རན་པོའི་སྒོ་ནས་རྐང་ཐང་ལ་ཆམ་ཆམ་དུ་ཕེབས་དགོས།



经常适量的运动很重要,尤其是在高原运动时,不宜运动过量。平时老人们要根据自己的身体状况适度地去跳舞、散步、民间也说运动的基础是步行, 由此可见步行的功效 ,适量的步行不仅可以培养心肺功能 ,对预防高原性肺水肿、脑水肿等疾病大有裨益, 还能消耗身体的热量,能溶解体内脂肪形成肌肉,在消化系统中有促进分泌功能,使胃肠运动规律等多种作用。 世界卫生组织认为,步行是最好的健身方式,据计算 步行一步可以活动人体50%的血管和肌肉,对提高记忆力很有帮助,而且对预防血管堵塞、血管运行不畅等五脏六腑的各种疾病有预防作用, 因此应该时常适当步行。


ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་ཚོགས་རྡོ་རྗེ། བཟང་པོ།

   རྩོམ་སྒྲིག་པ། ནོར་བུ་དོན་གྲུབ། བྱམས་པ།


主编:吾见才让

副主编:平措多吉 桑布

编辑:罗布顿珠 先巴

主创人员:达桑 益西加措 尼玛 边次

来源:阳光工作室

译文:阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章