ལྕགས་པོ་རིའི་ཚལ་ཁྲོམ་དེ་ཟླ་༡༡ཚེས་༢༥ཉིན་ནས་བཟུང་ཉིན་ལྔའི་དུས་ཚོད་ཏེ་ཚེས་༣༠ཉིན་གོང་དངོས་སུ་སྐུ་འབུམ་ཐང་དུ་སྤོས་ཏེ་ལས་གཉེར་འཛུགས་རྒྱུ་རེད།
11月25日起,药王山农贸市场正式搬迁至城东贡布堂综合农贸市场,搬迁过程为期5天,截止到本月30日全部搬完。届时,城东贡布堂综合农贸市场将开启全新运营阶段。
གྲོང་ཤར་སྐུ་འབུམ་ཐང་ཚལ་ཁྲོམ་གྱི་དེ་སྔའི་ཚལ་ཁྲོམ་ལས་ཕྱོགས་གང་སྤྱིའི་ཐད་ཆ་རྐྱེན་ཡག་ཏུ་བཏང་ཡོད་ལ། ཚོང་པ་ཚོས་རྣམ་པ་གསར་རྐྱང་གི་ཐོག་ནས་སོ་སོའི་ཁྲོམ་བཀྱག་གཙང་སྦྲ་དང་མཛེས་བཟོ་བྱེད་བཞིན་ཡོད།
在城东贡布堂综合农贸市场,宽敞整洁的摊位、智能化设施已经准备就绪,等待商户们的陆续入驻。部分已经搬迁过来的商户正忙碌地装修布置着自己的新门店、新摊位。
དེ་དང་ཆབས་ཅིག་གསར་འགོད་པས་ད་དུང་ཕྱིའི་ཚོང་པ་གཞན་གྱིས་ཁྲོམ་བཀྱག་ལྷག་མ་ཡོད་མེད་བློ་འདྲི་བྱེད་པར་ཡོང་གི་ཡོད་པ་ཤེས་རྟོག་བྱུང་ཡོད་ལ། ཚལ་ཁྲོམ་གསར་པ་དེས་ཉེ་འཁོར་གྱི་གྲོང་མིར་སྟབས་བདེ་བསྐྲུན་རྒྱུ་མ་ཟད། ཉོ་སྒྲུབ་བྱེད་པར་ཡོང་མཁན་ཚོ་ལ་རླངས་འཁོར་འཇོག་ས་དང་ངལ་གསོ་རྒྱག་ཁུལ་འདང་ངེས་བཞིན་པ་མཁོ་འདོན་བྱས་ཡོད་པ་རེད།
与此同时,记者发现现场还有不少商户前来咨询入驻流程和剩余摊位。新市场不仅为周围的市民提供了一站式便利的购物条件,还为前来采购的群众提供充足的停车位以及休息区。
ད་ལྟ་ཚལ་ཁྲོམ་སྤོ་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་འབྲེལ་ཡོད་ཚན་པས་ཀྱང་ཞབས་ཞུའི་ལས་དོན་ཧུར་ཐག་བསྒྲུབས་ནས་ཚོང་པ་ཚོར་གཞོགས་འདེགས་བྱེད་བཞིན་ཡོད་པས་སྐུ་འབུམ་ཐང་ཚལ་ཁྲོམ་གྱིས་རྣམ་པ་གསར་རྐྱང་ཞིག་གི་ཐོག་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུ་རེད།
目前,搬迁工作正在有条不紊地推进当中,相关部门也在积极做好协调与服务工作,确保商户们能够顺利过渡,同时也期待着贡布堂综合农贸市场早日以全新面貌服务广大市民,为提升拉萨市城市形象和提高居民生活质量添上浓墨重彩的一笔。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། དབང་མོ། འཇིགས་མེད།
主编 | 吾见才让
副主编 | 平多 桑布
编辑 | 旺姆 晋美
来源 | 拉萨发布
译文 | 阳光西藏