ལས་ཀ་མེད་པར་ཁྱིམ་དུ་བག་ཕེབས་ངང་བསྡད་ན་ཡང་ཁེ་བཟང་ཡག་པོ་རག་ཐུབ།
བཀོལ་སྤྱོད་སྟབས་བདེ་ལ་ཡོང་འབབ་ཡང་མཐོ།
དུས་ཐོག་ཏུ་དངུལ་སྤྲད་ཚེ་འཕྲལ་དུ་དེ་ལས་ལྷག་པའི་དངུལ་མང་པོ་རག་ཐུབ།
གོང་གི་སྐད་ཆ་འདི་དག་ནི་ཁ་བསླུས་རྒྱག་མཁན་དང་མགོ་སྐོར་གཏོང་མཁན་གྱི་གཡོ་ཇུས་ཡིན་པས། ཀུན་གྱིས་གཟབ་གཟབ་གནང་རོགས།
“在家轻松赚钱”“操作简单高收入”“实时付款 立马到账”......
千万不要贪小便宜
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་གྲོང་མི་ལི་ཡིས་གོང་ཞུ་བྱས་པའི་ཉེན་བརྡ་འབྱོར་ནས། ཁོ་མོར་རྩིས་ཐོ་མང་ཙམ་བཟོས་ན་སྐྱེད་ཀ་ཕྱིར་སློག་པའི་ཁ་བསླུས་ཞིག་གི་མགོ་སྐོར་འོག་ཚུད་པ་དང་། གྱོང་གུན་སྒོར་ཁྲི་༡༨ལྷག་ཙམ་ཐེབས་པ་རེད།
近日,拉萨市反诈骗中心接到市民李女士(化名)报警,称其遭遇刷单返利诈骗,损失高达18万余元。
ལི་ཡིས་བཤད་པ་ལྟར་ན་ཁྱུག་དབྱིངས་ཀྱི་སྟེགས་བུའི་ཐོག་སྒེར་འཕྲིན་ཞིག་འབྱོར་བ་དང་། ཕ་རོལ་པོས་ཁོ་མོར་རྩིས་ཐོ་མང་ཙམ་བཟོས་ན་སྐྱེད་ཀ་ཕྱིར་སློག་ཐུབ་པར་མ་ཟད། དངུལ་མང་པོ་རག་ཐུབ། བཀོལ་སྤྱོད་སྟབས་བདེ་བ་དང་། དུས་ཚོད་ཐུང་ཐུང་ནང་དངུལ་རག་ཐུབ། ཁྱེད་རང་ཁྱིམ་དུ་བག་ཕེབས་ངང་བསྡད་ན་ཡང་ཁེ་བཟང་ཡག་པོ་རག་ཐུབ་ཅེས་བཤད། སྐད་ཆ་གོ་མ་ཐག་མོ་རང་ཧམ་སེམས་ཆེན་པོ་སྐྱེས་ནས་དེ་མ་ཉིད་དུ་ཕ་རོལ་པོའི་བཤད་པ་ལྟར་ཁྱུག་དབྱིངས་ཀྱི་ཞབས་ཞུ་ཞེས་པར་གནན་ནས་འབྲེལ་གཏུག་བྱེད་ས་ཉར་ཚགས་བྱས། དེ་ནས་ཞབས་ཞུ་བས་ལི་ལ་གྲངས་འབོར་ཉུང་བའི་རྩིས་ཐོ་བཟོ་བའི་ལས་འགན་ཁ་ཤས་སྤྲད་པ་དང་། ལི་ཡིས་དུས་ཆད་ལྟར་ལེགས་གྲུབ་བྱས་ཟིན་རྗེས་བདེ་བླག་ངང་སྐྱེད་ཀ་ཕྱིར་སློག་འབྱོར་བས། ད་ནི་ལས་སླ་པོར་དངུལ་ཐོབ་ཐུབ་ཅེས་ཧམ་སེམས་ཆེན་པོ་སྐྱེས་ནས་དོགས་ཟོན་མ་བྱས་པར་དེར་ཡིད་ཆེས་བྱས།
དེ་རྗེས། ཕ་རོལ་པོས་ལས་འགན་རིམ་པ་ཇེ་མཐོར་གཏོང་དགོས་ན་ངེས་པར་དུ་རྩིས་ཐོ་མང་པོ་བཟོས་ནས་ལེགས་འགྲུབ་བྱས་ཚེ་གཞི་ནས་དངུལ་སྨར་ལེན་ཐུབ་ཅེས་བཤད་ནས་ལི་ལ་བསླུ་བྲིད་བྱས་པ་དང་། ལི་ཡིས་བསླུ་བྲིད་ཡིན་པ་ཧ་མ་གོ་བར་དངུལ་ཐེངས་མང་རྩིས་སྒྱུར་བྱས་ཡོད་ལ། སྔ་རྗེས་སུ་སྒོར་༡༨༠༣༥༨.༥༦རྩིས་སྒྱུར་བཏང་རྗེས་དངུལ་སྨར་ལེན་ཐབས་མེད་པ་ཤེས་རྟོགས་བྱུང་བས། ཁོ་མོས་གཞི་ནས་རང་ཉིད་ལ་མགོ་སྐོར་ཐེབས་ཡོད་པ་ཧ་གོ་བ་དང་། དེ་མ་ཉིད་དུ་བཀོལ་སྤྱོད་བྱེད་མཚམས་བཞག་ནས་ཉེན་རྟོག་པར་གོང་ཞུ་བྱས།
随后,对方以“任务升级”“需完成多单才能提现”等理由,诱导李女士多次进行大额转账,当其先后投入180358.56元后,却发现无法提现,此时她才意识到自己被骗,赶忙停止操作并报警求助。
ད་ཆ། གྱོད་གཞི་འདི་རྒྱུ་མ་ཕུ་འདེད་བྱེད་བཞིན་ཡོད་པ་དང་། ལྷ་སའི་ཉེན་རྟོག་པས་གྲོང་མི་རྣམས་ལ་དྲན་སྐུལ་ཞུ་རྒྱུར། རྩིས་ཐོ་བཟོས་ནས་སྐྱེད་ཀ་ལེན་པ་ནི་མ་གཞི་ནས་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པ་དང་། མ་དངུལ་བཏང་ནས་ལས་འགན་སྒྲུབ་རྒྱུའི་རེ་བ་འདོན་པའི་རྩིས་ཐོ་ཚང་མ་ནི་ཁ་བསླུས་རྒྱག་སྟངས་ཞིག་ཡིན་པས། གྲོང་མི་ཚོས་རྒྱུས་མེད་མི་ཡི་གཏམ་ལ་ཡིད་ཆེས་གཏན་ནས་མི་བྱེད་པ་དང་། གང་བྱུང་དུ་སྦྲེལ་མཐུད་མི་གནོན་པ་དང་ཆ་རྒྱུས་མེད་པའི་APPཕབ་ལེན་བྱ་མི་རུང་། གལ་ཏེ་དོགས་གཞི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཉེན་རྟོག་པར་གོང་ཞུ་བྱེད་དགོས།
目前,案件正进一步调查中。拉萨警方提醒,刷单返利本身就是违法行为,所有要求垫资做任务的兼职刷单都是诈骗,市民切勿轻信陌生人的承诺,不要轻易点击不明链接或下载陌生APP,一旦发现可疑情况,应及时报警。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། མཚོ་མོ།
主编 | 吾见才让
副主编 | 平多 桑布
编辑 | 先巴 罗布顿珠 措姆
来源 | 西藏日报
译文 | 阳光西藏