ཡིན་ཅིག་གཟབ་གཟབ་གནང་། གསལ་བསྒྲགས་ནན་པོ་སྤེལ་འདུག

时事   2024-11-28 15:16   西藏  


       སྤྱི་ཟླ་༡༡ཚེས་༢༧ཉིན། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་གཞུང་ཕྱོགས་དྲ་ཚིགས་ཐོག་གསལ་བསྒྲགས་ནན་པོ་ཞིག་སྤེལ་ཡོད་པ་རེད། 

 

11月27日,国家开发银行在官网发布《严正声明》(以下简称《声明》)。

     རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་གསལ་བསྒྲགས་ནང་ཉེ་དུས་དངུལ་ཁང་དེ་གས་མིང་ལ་༼ རྒྱལ་ཁབ་གསར་སྤེལ་དངུལ་ཁང་སྔོན་དུ་སྒྲུབ་པ ༽ཞེས་པའི་Appཡིས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་མིང་ཁྱེར་ནས་དྲིལ་བསྒྲགས་རྫུན་མ་བྱས་ཏེ་འཛད་སྤྱོད་པ་དང་མ་འཇོག་མཁན་ལོག་ལམ་དུ་ཁྲིད་པ་ཤེས་རྟོགས་བྱུང་ཡོད། དེའི་ཐད་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་གསལ་བསྒྲགས་ནན་པོ་སྤེལ་བ་གཤམ་གསལ།

     དང་པོ། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་༼ རྒྱལ་ཁབ་གསར་སྤེལ་དངུལ་ཁང་སྔོན་དུ་སྒྲུབ་པ ༽ཞེས་པའི་App  དེ་བཞིན་འབྲེལ་ཡོད་ཁེ་ལས་དང་མི་སྣ་ཡོངས་དབར་འབྲེལ་བ་གང་ཡང་མེད། དེའི་འབྲེལ་ཡོད་དྲ་མིན་དང་དྲ་ཐོག་ཁྲོམ་རའི་གཉེར་སྐྱོང་བྱེད་སྒོ་དང་དེ་བཞིན་བྱ་སྤྱོད་གཞན་དག་ཚང་མ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་འབྲེལ་བ་གང་ཡང་མེད་པས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་དེའི་ཐད་འགན་འཁྲི་གང་ཡང་འཁུར་རྒྱུ་མིན།

     གཉིས་པ། རྒྱལ་ཁབ་གསར་སྤེལ་དངུལ་ཁང་ངམ་ཡང་ན་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཁོངས་གཏོགས་ཀྱི་ཡན་ལག་ཀུང་སིའི་མིང་ཐོག་ནས་ཐོ་འགོད་བྱེད་པ་དང་། དྲིལ་བསྒྲགས་གཉེར་ཚོང་བྱེད་པ། དེ་བཞིན་བྱ་སྤྱོད་གཞན་སྤེལ་མཁན་རྩ་འཛུགས་དང་མི་སྒེར་གྱིས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་མཐའ་དག་འཕྲལ་དུ་མཚམས་འཇོག་བྱེད་དགོས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཁྲིམས་ལྟར་འབྲེལ་ཡོད་རྩ་འཛུགས་དང་མི་སྒེར་གྱི་ཁྲིམས་ལུགས་ཀྱི་འགན་འཁྲི་མུ་མཐུད་བདའ་འདེད་གཏོང་བའི་དབང་ཆ་སོར་འཇོག་བྱ་རྒྱུ་ཡིན། 

     གསུམ་པ། འཛད་སྤྱོད་པ་དང་མ་འཇོག་མཁན་རྣམས་ཀྱིས་ཞིབ་བཤེར་དབྱེ་འབྱེད་ལ་དོ་སྣང་བྱས་ཏེ། ཉེན་ཁ་སྔོན་འགོག་གི་འདུ་ཤེས་ཇེ་མཐོར་གཏོང་བ་དང་། རང་གི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ་གཡོ་འོག་ཏུ་མ་ཚུད་པ་བྱ་དགོས།


国开行在《声明》中表示,近期,该行发现,有名为“国开先行”的App假冒国开行名义开展虚假宣传营销,误导广大消费者、投资者。对此,国开行严正声明如下:
第一,国开行与“国开先行”App及其所有的关联企业和人员无任何关系,其相关线下、线上市场经营活动及其他一切行为均与国开行无任何关系,国开行对此不承担任何责任。
第二,任何冒用国开行或国开行下属子公司名义进行注册登记、开展宣传营销及从事其他行为的组织和个人应立即停止一切违法违规行为。国开行将保留依法进一步追究相关组织和个人法律责任的权利。
第三,请广大消费者、投资者注意甄别,提高风险防范意识,保护自身财产安全,谨防上当受骗。



གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། འཇིགས་མེད། ནོར་བུ་དོན་གྲུབ།


主编:吾见才让

副主编:平多  桑布  

编辑:晋美  罗顿

 来源:金融时报客户端  西藏举报

译文:阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章