མི་རྣམས་ཀྱིས་ཨེ་ཛིའི་ནད་ལ་རྒྱུས་མངའ་དེ་བས་ཆེ་བ་ཡོང་ཆེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་༡༩༨༨ལོར་ལོ་རེའི་ཟླ་༡༢པའི་ཚེས་༡ཉིན་དེ་འཆར་ཅན་འཛམ་གླིང་ཨེ་ཛིའི་ནད་འགོག་པའི་ཉིན་མོར་གཏན་འཁེལ་བྱས་ནས། འཛམ་གླིང་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་རྩ་འཛུགས་ཁག་གིས་ཉིན་དེར་འབྲེལ་ཡོད་བྱེད་སྒོ་སྤེལ་ཏེ། ཨེ་ཛིའི་ནད་སྔོན་འགོག་བྱེད་པའི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།
为增进人们对艾滋病的认识,世界卫生组织于1988年将每年的12月1日定为世界艾滋病日。号召世界各国和国际组织在这一天举办相关活动,宣传和普及预防艾滋病的知识。
ཨེ་ཛིའི་ནད་ཀྱི་སྨན་ཡག་ཤོས་ནི་ཆུ་མ་ཤོར་གོང་ནས་རགས་དང་། རྐྱེན་མ་བྱུང་གོང་ནས་བཟློག་པ་ཟེར་བའི་དཔེ་ལྟར་སྔོན་འགོག་ཡག་པོ་བྱ་རྒྱུ་དེ་རེད།
ཐེངས་འདིའི་ལེ་ཚན་ནང་བོད་རང་སྐྱོང་ལྗོངས་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་གཙོ་གཉེར་སྨན་པ་པད་མ་དབྱངས་ཅན་ལགས་གདན་འདྲེན་ཞུས་ནས་ཨེ་ཛིའི་ནད་སྔོན་འགོག་བྱེད་ཐབས་སྐོར་ལ་བགྲོ་གླེང་ཞུས་པ་དེ་བཀོད་སྒྲིག་ཞུས་ཡོད་པས་དགྱེས་གཟིགས་ཡོད་པ་ཞུ།
本期节目我们邀请了西藏自治区疾病预防控制中心主管医师白玛央金为我们讲解预防艾滋病的相关常识。
ཨེ་ཛིའི་ནད་དུག་ལ་འགོ་ལམ་གསུམ་ཡོད་དེ།
ཕོ་མོ་ལུས་འབྲེལ་བྱས་པ་བརྒྱུད་ནས་འགོ་བ་དང་། ཁྲག་ནས་འགོ་བ། མ་ནས་ཕྲུ་གུར་འགོ་བ་བཅས་ཡིན། དེར་རྟེན་མི་ཚང་མས་རྒྱུན་དུ་རང་གི་སྨན་པ་རང་དང་། བྱིས་པའི་སྨན་པ་ཕ་མས་བྱོས་ཟེར་བའི་དཔེ་ལྟར། སྔོན་འགོག་གནང་རྒྱུ་གལ་ཤིན་ཏུ་ཆེ།
艾滋病有三大传播途径:
即性接触传播、血液传播、母婴传播。
做好自身健康的第一责任人,做好预防至关重要。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། སྐལ་བསྟན། དབང་མོ།
主编 | 吾见才让
副主编 | 平多 桑布
编辑 | 格丹 旺姆
来源 | 藏语节目中心
主创人员 | 达桑 尼玛 益西加措 边次