ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་ཆ་འཕྲིན་ལྟར་ན། སྨན་བཅོས་ཁྱབ་ཁོངས་ཀྱི་ཚུལ་མིན་བྱ་སྤྱོད་དང་རུལ་སུངས་གནད་དོན་སྡེབ་གཅིག་ལ་བཅོས་སྒྲིག་བྱེད་པའི་ལས་དོན་དམ་འཛིན་ནན་པོ་སྤེལ་བ་དང་། དཔེ་མཚོན་གྱོད་དཔེས་སློབ་གསོ་གཏོང་བ་དང་། སྣེ་ཁྲིད་བྱེད་པ། ཉེན་བརྡ་གཏོང་བ་བཅས་ཀྱི་ནུས་པ་གང་ལེགས་ཐོན་པ། སྤྱི་ཚོགས་ལྟ་སྐུལ་དང་གླེང་ཕྱོགས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་གོང་མཐོར་གཏོང་བ་བཅས་ཀྱི་ཆེད། ད་ལྟ་སྨན་བཅོས་ལས་ཁུངས་ཁག་ཅིག་གི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ཁྲོམ་བསྒྲགས་བྱ་རྒྱུ་གཤམ་གསལ།
据“拉萨市卫生健康委员会”消息,为切实抓好医疗领域群众身边不正之风和腐败问题集中整治工作,充分发挥典型案例的教育、引导、警示作用,强化社会监督和舆论监督,提升人民群众的健康意识,现对以下医疗机构违法违规案件进行通报:
ཚན་པའི་མིང་། ལྷ་ས་གྲོང་ཁྱེར་ཉི་འོད་བུད་མེད་དང་བུ་བཙའི་སྨན་ཁང་ཚད་ཡོད་ཀུང་སི།
ཁྲིམས་ཆད་ཕོག་རྐྱེན། ལྷ་ས་གྲོང་ཁྱེར་ཉི་འོད་བུ་བཙའ་སྨན་ཁང་ཚད་ཡོད་ཀུང་སིའི་སྐབས་འཕྲལ་སྨན་བཅོས་གད་སྙིགས་འཇོག་ས་དེ་རེ་བ་གཞིར་བཟུང་བཀོད་སྒྲིག་བྱས་མེད་པ།
ཆད་པ་བཏང་ཚུལ། སྨན་བཅོས་སྙིགས་རོ་དོ་དམ་སྲོལ་ཡིག་གི་དོན་ཚན་ཞེ་དྲུག་པའི་ནང་ཚན་དང་པོའི་གཏན་འབེབས་གཞིར་བཟུང་། སྲིད་འཛིན་ཆད་པ་སྒོར་༥༠༠༠བཅད་པ།
ཁྲིམས་ཆད་ཕོག་པའི་དུས་ཚོད། ༢༠༢༤ལོའི་ཟླ་༡ཚེས་༢༡ཉིན།
机构名称:拉萨市阳光妇产医院有限公司
违法事由:拉萨市阳光妇产医院有限公司医疗废物暂存间未按要求设置。
处罚结果:依据《医疗废物管理条例》第四十六条第一项规定,行政处罚5000元(伍仟元整)。
处罚时间:2024年1月21日
ཚན་པའི་མིང་། ལྷ་ས་གྲོང་ཁྱེར་ཧེང་ཏཱ་སྨན་ཁང་ཚད་ཡོད་ཀུང་སི།
ཁྲིམས་ཆད་ཕོག་རྐྱེན། ལྷ་ས་གྲོང་ཁྱེར་ཧེང་ཏཱ་སྨན་ཁང་ཚད་ཡོད་ཀུང་སིའི་སྨན་པས་སྨན་སྦྱོར་ཚར་རྗེས་སྨན་ཐོའི་ཐོག་མཆན་འགོད་བྱས་མེད་པ།
ཆད་པ་བཏང་ཚུལ། སྨན་སྦྱོར་དོ་དམ་བྱ་ཐབས་ཀྱི་དོན་ཚན་ང་བརྒྱད་པ་དང་སྨན་བཅོས་རྩོད་གཞི་དོ་དམ་སྲོལ་ཡིག་གི་དོན་ཚན་ཞེ་བདུན་པའི་གཏན་འབེབས་གཞིར་བཟུང་། སྲིད་འཛིན་ཆད་པ་སྒོར་༥༠༠༠༠བཅད་པ།
ཁྲིམས་ཆད་ཕོག་པའི་དུས་ཚོད། ༢༠༢༤ལོའི་ཟླ་༤ཚེས་༡༥ཉིན།
机构名称:拉萨恒大医院有限公司
违法事由:拉萨市恒大医院有限公司药房处方笺,药师在完成处方调剂后、未在处方笺上签字。
处罚结果:依据《处方管理办法》第五十八条、《医疗纠纷管理条例》第四十七条规定,行政处罚50000元(伍万元整)。
处罚时间:2024年4月15日
ཚན་པའི་མིང་། བོད་ལྗོངས་ཧྥུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སི།
ཁྲིམས་ཆད་ཕོག་རྐྱེན། བོད་ལྗོངས་ཧྥུ་ཁང་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིས་གཏན་འབེབས་གཞིར་བཟུང་འགྱེད་འཕྲོའི་ལས་དོན་པ་ལས་ཀར་མ་བཞུགས་གོང་གཟུགས་པོ་བརྟག་དཔྱད་བྱས་མེད་པ།
ཆད་པ་བཏང་ཚུལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལས་རིགས་ནད་གཞི་འགོག་བཅོས་བཅའ་ཁྲིམས་ཀྱི་དོན་ཚན་དོན་གཅིག་པའི་ནང་ཚང་བཞི་པའི་གཏན་འབེབས་གཞིར་བཟུང་། སྲིད་འཛིན་ཆད་པ་སྒོར་༦༠༠༠༠བཅད་པ།
ཁྲིམས་ཆད་ཕོག་པའི་དུས་ཚོད། ༢༠༢༤ལོའི་ཟླ་༦ཚེས་༢༤ཉིན།
机构名称:西藏阜康医疗股份有限公司
违法事由:西藏阜康医疗股份有限公司未按规定组织从事放射工作人员进行上岗前职业健康检查。
处罚结果:依据《中华人民共和国职业病防治法》第七十一条第四项规定,行政处罚60000元(陆万元整)。
处罚时间:2024年6月24日
ཚན་པའི་མིང་། གྲོང་དཀྱིལ་གཙང་གསུམ་སྒོ་བསྟེན་ཁང་།
ཁྲིམས་ཆད་ཕོག་རྐྱེན། གྲོང་དཀྱིལ་གཙང་གསུམ་སྒོ་བསྟེན་ཁང་གིས་འགྱེད་འཕྲོའི་སྨན་བཅོས་ཆོག་འཐུས་ལག་ཁྱེར་མ་བླངས་པར་འགྱེད་འཕྲོའི་སྨན་བཅོས་བྱས་པ།
ཆད་པ་བཏང་ཚུལ། འགྱེད་འཕྲོ་སྨན་བཅོས་དོ་དམ་གཏན་འབེབས་ཀྱི་དོན་ཚན་སོ་བརྒྱད་པའི་ནང་ཚན་དང་པོའི་གཏན་འབེབས་གཞིར་བཟུང་། སྲིད་འཛིན་ཆད་པ་སྒོར་༣༠༠༠བཅད་པ།
ཁྲིམས་ཆད་ཕོག་པའི་དུས་ཚོད། ༢༠༢༤ལོའི་ཟླ་༧ཚེས་༡༡ཉིན།
机构名称:城中三江门诊部
违法事由:城中三江门诊部在未取得《放射诊疗许可证》的情况下开展放射诊疗行为。
处罚结果:依据《放射诊疗管理规定》第三十八条第一项规定,行政处罚3000元(叁仟元整)。
处罚时间:2024年7月11日
ཚན་པའི་མིང་། དབྱི་ཧྥེ་ཁ་ནད་སྒོ་བསྟེན་ཁང་།
ཁྲིམས་ཆད་ཕོག་རྐྱེན། འགྱེད་འཕྲོའི་སྨན་བཅོས་ཆོག་འཐུས་ལག་ཁྱེར་གཏན་འབེབས་ལྟར་དག་བཤེར་བྱས་མེད་པ།
ཆད་པ་བཏང་ཚུལ། འགྱེད་འཕྲོ་སྨན་བཅོས་དོ་དམ་གཏན་འབེབས་ཀྱི་དོན་ཚན་སོ་བརྒྱད་པའི་ནང་ཚན་གཉིས་པའི་གཏན་འབེབས་གཞིར་བཟུང་། སྲིད་འཛིན་ཆད་པ་སྒོར་༢༨༠༠བཅད་པ།
ཁྲིམས་ཆད་ཕོག་པའི་དུས་ཚོད། ༢༠༢༤ལོའི་ཟླ་༡༠ཚེས་༢༥ཉིན།
机构名称:义飞口腔门诊部
违法事由:《放射诊疗许可证》未按规定进行校验。
处罚结果:依据《放射诊疗管理规定》第三十八条第二项规定,行政处罚2800元(贰仟捌佰元整)。
处罚时间:2024年10月25日
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། ནོར་བུ་དོན་གྲུབ། བྱམས་པ།
主编:吾见才让
副主编:平多 桑布
编辑:罗布顿珠 先巴
来源 :拉萨市卫健委
译文:阳光西藏