སྤྱི་ཟླ་༡༡ཚེས་༢༣ཉིན། སྟོད་ལུང་ཕུག་ལམ་དང་པོའི་གཡོན་གྱི་སྦུག་ལམ་བདེ་བླག་ངང་བཤངས་ཐུབ་པ་བྱུང་ཡོད་པ་དང་། དེས་ལྷ་སའི་བྱང་སྐོར་ལམ་ཐིག་གི་ནུབ་སྲིང་རྣམ་གྲངས་ཀྱི་ཕུག་ལམ་ལས་གྲྭར་གལ་ཆེན་གྲུབ་འབྲས་ཐོབ་པ་མཚོན་ལ། ལྷ་སའི་བྱང་སྐོར་ལམ་ཐིག་གི་ནུབ་བསྲིང་རྣམ་གྲངས་དུས་བཀག་ལྟར་ལས་མཇུག་བསྒྲིལ་ནས་བེད་སྤྱོད་ཐུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
11月23日
堆龙1号隧道左洞顺利贯通
标志着拉萨北环西延线项目隧道工程
取得重大进展
也为拉萨北环西延线项目
按期开通运营
打下了坚实基础
ལྷ་སའི་བྱང་སྐོར་ལམ་ཐིག་གི་ནུབ་བསྲིང་ལས་གྲྭའི་སྟོད་ལུང་ཕུག་ལམ་དང་པོ་དེ་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་པེ་ཅིང་ནུབ་ལམ་གྱི་དུས་བདེ་སྣུམ་སྣོན་ས་ཚིགས་བྱང་ངོས་ཀྱི་རི་འདབས་སུ་ཡོད་པ་དང་། ཕུག་ལམ་གྱི་སྦུག་ལམ་གཡོན་མའི་རིང་ཚད་ལ་སྨི་༣༦༥ཡོད་པ་དང་། ༢༠༢༤ལོའི་ཟླ་༣པ་ནས་སྔོག་འགོ་ཚུགས་པ་ཞིག་རེད།
拉萨北环西延线堆龙1号隧道位于堆龙德庆区东嘎街道北京西路和平加油站北面山坡上,隧道左线全长365米,于2024年3月开挖,是拉萨北环西延线上首座贯通的隧道。
ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སའི་བྱང་སྐོར་ལམ་ཐིག་གི་ནུབ་བསྲིང་ལས་གྲྭའི་ལམ་ཐིག་ཡོངས་སུ་ཁྱོན་ཕུག་ལམ་༣ཡོད་པ་དང་། ད་ལྟ་བཤངས་ཟིན་པའི་སྟོད་ལུང་ཕུག་ལམ་དང་པོའི་གཡོན་གྱི་སྦུག་ལམ་དེ་ནི་ལམ་ཐིག་ཧྲིལ་པོའི་ཐོག་བཤངས་ཟིན་པའི་ཕུག་ལམ་ཐོག་མ་དེ་ཡིན་པ་རེད། སྟོད་ལུང་ཕུག་ལམ་དང་པོའི་གཡས་ཀྱི་སྦུག་ལམ་དེ་སྔོན་དཔག་བྱས་ན་སང་ལོའི་སྤྱི་ལོའི་ལོ་གསར་གྱི་ཡས་མས་སུ་བཤངས་ཟིན་པ་བྱ་རྒྱུ་རེད།
据介绍,拉萨北环西延线全线共3座隧道,贯通的堆龙1号隧道左洞,也是全线贯通的第一条隧道,堆龙1号隧道右洞将于明年元旦前后贯通。
རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་༣༣.༡༦བཏང་ཡོད་པ་དང་། དེའི་སྣེ་མོ་པེ་ཅིང་ནུབ་ལམ་དང་སྦྲེལ་ཡོད་ཅིང་། མཐའ་མཇུག་དེ་སྟོད་ལུང་ལམ་ཆེན་དང་རྒྱལ་ལམ་༡༠༩འབྲེལ་མཚམས་ཀྱི་ལམ་མདོ་ཁ་བར་ཡིན་པ་རེད། རྣམ་གྲངས་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་༡༧ཡོད་པ་དང་། དེ་ནི་གྲོང་ཁྱེར་གྱི་མགྱོགས་ལམ་ཞིག་ཡིན་པས། ཇུས་བཀོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་༦༠ཡིན་པ་རེད། ལམ་ཐིག་ཧྲིལ་པོར་ཟམ་པ་༡༢དང་། ཕུག་ལམ་༣། ས་འོག་ཕུག་ལམ་༡། སྐམ་ཟམ་༣བཅས་ཡོད་པ་རེད། རྣམ་གྲངས་དེ་ལས་འགོ་ཚུགས་ཚུན་ཁྱོན་མ་དངུལ་སྒོར་དུང་ཕྱུར་༧.༨༤བཏང་ཟིན་ཡོད་པ་དང་། སྔོན་དཔག་བྱས་ན་༢༠༢༦ལོའི་ཟླ་༡༠ཁྱོན་ཡོངས་ནས་ལས་མཇུག་བསྒྲིལ་བཟོ་ཡོད་པ་རེད།
拉萨北环西延线项目总投资33.16亿元,起点与北京西路顺接,终点位于堆龙大道与国道109交叉口,道路全长17公里,为城市快速路,设计车速为60km/h。全线共布设桥梁12座、隧道3座、明挖浅埋隧道1座、立交节点3处。项目自开工以来累计完成投资量7.84亿元,预计2026年10月整体完工。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། སྐལ་བསྟན། དབང་མོ།
主编 | 吾见才让
副主编 | 平多 桑布
编辑 | 格丹 旺姆
来源 | 拉萨发布
译文 | 阳光西藏