རིམ་མཐོའི་གཞུང་ལམ་གྱི་འགྲོ་སྐྱོད་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། འགྲིམ་འགྲུལ་བདེ་འཇགས་ཀྱི་ཞབས་ཞུའི་ནུས་པ་གོང་མཐོར་གཏང་ཆེད། བོད་རང་སྐྱོང་ལྗོངས་ཀྱི་རིམ་མཐོའི་གཞུང་ལམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏང་རྒྱུར་ཤུགས་སྣོན་བརྒྱབ་ནས་གནོད་འགོག་ནུས་པ་ཆེ་རུ་གཏོང་བའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སྤྱི་ལོ་༢༠༢༥ལོའི་ཟླ་༡ཚེས་༢ཉིན་རྒྱལ་ལམ་༤༢༡༨སི་ཁྲོན་གཡག་རྔ་ནས་ཤིན་ཅང་ཡེ་གྲེང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཉིང་ཁྲི་ནས་ལྷ་སའི་ལམ་དུམ་གྱི་མལ་གྲོ་གུང་དཀར་ནས་རུ་ཐོག་བར་གྱི་དུམ་བུའི་སྤྱི་ལེ་༡༧༦༢ནས་སྤྱི་ལེ་༡༨༢༢བར་འགྲིམ་འགྲུལ་བཀག་འདོམས་བྱ་རྒྱུ་རེད་འདུག
དེ་ཡང་ལྷ་ས་ནས་ཉིང་ཁྲིའི་བར་༢༠༢༥ལོའི་ཟླ་༡ཚེས་༢ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠པ་ནས་ཕྱི་དྲོའི་ཆུ་ཚོད་༤པའི་བར་འགྲིམ་འགྲུལ་བཀག་འདོམས་བྱ་རྒྱུ་དང་། ཉིང་ཁྲི་ནས་ལྷ་སའི་བར་ཚེས་༢ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣པ་ནས་༥པའི་བར་འགྲིམ་འགྲུལ་བཀག་འདོམས་བྱ་རྒྱུ་རེད་འདུག
འགྲིམ་འགྲུལ་བཀག་འདོམས་བྱེད་རིང་། ལྷ་ས་ནས་ཉིང་ཁྲིའི་ཕྱོགས་སུ་འགྲོ་མཁན་ཚོ་མལ་གྲོ་གུང་དཀར་ནས་མྱུར་བགྲོད་གཞུང་ལམ་བབས་ཏེ། རྒྱལ་ལམ་༣༡༨བརྒྱུད་རུ་ཐོག་ཞབས་ཞུའི་ས་ཚིགས་ནས་མྱུར་བགྲོད་གཞུང་ལམ་ཐོག་སྐྱོད་ཆོག་པ་དང་། ཉིང་ཁྲི་ནས་ལྷ་སའི་ཕྱོགས་སུ་འགྲོ་མཁན་ཚོ་རུ་ཐོག་ཞབས་ཞུའི་ས་ཚིགས་ནས་མྱུར་བགྲོད་གཞུང་ལམ་བབས་ཏེ། རྒྱལ་ལམ་༣༡༨བརྒྱུད་མལ་གྲོ་གུང་དཀར་ནས་མྱུར་བགྲོད་གཞུང་ལམ་ཐོག་སྐྱོད་ཆོག
དེར་བརྟེན། ལམ་འདི་བརྒྱུད་འགྲོ་མཁན་ཚོས་འགྲིམ་འགྲུལ་ཉེན་རྟོག་པའམ་ས་ཡུལ་དངོས་ཀྱི་ལས་དོན་མི་སྣའི་བཀོད་འདོམས་ལ་ཉན་ཏེ། བདེ་འཇགས་དང་ཡ་རབས་ངང་འགྲོ་འོང་གནང་རོགས།
为改善高等级公路通行环境,提升交通安全服务能力,根据西藏自治区高等级公路加强监测预警提升防灾抗灾能力实施工作安排,拉萨市公安局交警支队计划于2025年1月2日,对G4218雅叶高速林拉段墨竹工卡至日多段进行监测预警设施吊装作业,届时将对该路段进行交通管制。
记者了解到,此次实行交通管制路段为G4218雅叶高速林拉段墨竹工卡至日多段(K1762-K1822)。
交通管制时间:
→拉萨往林芝方向封闭开始时间为2025年1月2日10时,预计结束时间为2025年1月2日16时;
→林芝往拉萨方向封闭开始时间为2025年1月2日15时,预计结束时间为2025年1月2日17时。
道路封闭期间,车辆绕行路线:
→拉萨往林芝方向,车辆可从墨竹工卡匝道下高速绕行G318从日多服务区匝道上高速前往林芝;
→林芝往拉萨方向,车辆可从日多服务区匝道下高速绕行G318从墨竹工卡匝道上高速前往拉萨。
在此,拉萨交警提醒广大交通参与者合理选择出行路线,服从现场执勤民警及工作人员指挥,做到安全文明出行。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། སྐལ་བསྟན། བྱམས་པ།
主编 | 吾见才让
副主编 | 平多 桑布
编辑 | 格丹 先巴
来源 | 西藏商报
译文 | 阳光西藏