དཔེ་ཡག་པོ། གླ་ཆ་སྒོར་ཁྲི་༤༠ཚུར་ལེན་རོགས་བྱས་འདུག

时事   2024-12-26 12:36   西藏  

ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་མྱུལ་ཞིབ་ཉིང་ལག་རུ་ཁག་རུ་ཆེན་དང་པོས་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་གྱོད་གཞི་ཞིག་ཁྲིམས་ལྟར་ཐག་གཅོད་བྱས་ནས། ལས་མི་༥༢ལ་འགྱངས་ཆད་བྱས་པའི་གླ་ཆ་སྒོར་ཁྲི་༤༠ཚུར་ལེན་རོགས་བྱས་པ་རེད། 


近日,拉萨市公安局经侦支队一大队依法处理了一起拖欠民工工资的案件,帮助52名民工追回被拖欠工资40万元。

གྱོད་གཞིའི་བརྒྱུད་རིམ། 

案件始末

ཟླ་༡༡པའི་ཚེས་༡༥ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུད་ནས་རྩིས་སྤྲོད་བྱས་པའི་ལས་མིའི་གླ་ཆ་སྒོར་ཁྲི་༤༠འགྱངས་ཆད་བྱས་པའི་གྱོད་གཞིའི་ཁུངས་སྣེ་ཞིག་འབྱོར་བ་རེད། 


11月15日,拉萨市公安局经侦支队接到拉萨市人社局移交的一起拖欠民工工资的案件线索,金额达40万元。

འགྱངས་ཆད་བྱས་པའི་གླ་ཆ་སྤྲོད་བཞིན་པ། 

发放被拖欠工资现场

ཉེན་རྟོག་པར་སྙན་སེང་འབྱོར་རྗེས། མྱུལ་ཞིབ་ཉིང་ལག་རུ་ཁག་གིས་འཕྲལ་མར་མྱུལ་ཞིབ་ལས་དོན་སྤེལ་བ་རེད། ཞིབ་བཤེར་བྱས་པ་བརྒྱུད། ཨར་སྐྲུན་ཇུས་འགོད་བཀོད་གཏོང་ཚད་ཡོད་ཀུང་སི་ག་གེ་མོས་འགན་གཙང་བླངས་པའི་ལས་ཀ་མང་པོ་ཞིག་ལས་མཇུག་འགྲིལ་མེད་པ་དང་། ཀུང་སིའི་འགན་འཁུར་བས་དེར་ཁ་གཡར་ནས་ཡང་ཆེ་གེ་མོ་དང་། ཁུང་ཆེ་གེ་མོ། སུའུ་ཆེ་གེ་མོ་སོགས་ལས་མི་༥༢ལ་སྤྲོད་འོས་པའི་གླ་ཕོགས་ཁྱོན་བསྡོམས་སྒོར་ཁྲི་༤༠འགྱངས་ཆད་བྱས་ཡོད་པ་རེད། གནས་ཚུལ་ཤེས་རྟོགས་བྱས་རྗེས། མྱུལ་ཞིབ་ཉིང་ལག་རུ་ཁག་རུ་ཆེན་དང་པོའི་ཉེན་རྟོག་པས་ཕྱོགས་གཅིག་ནས་ནུས་ཤུགས་ཡོད་རྒུས་ལས་མིར་སེམས་གསོ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཀུང་སི་དེའི་འབྲེལ་ཡོད་འགན་འཁུར་བར་དངུལ་གང་མགྱོགས་གྲབས་གསོག་བྱ་དགོས་པའི་བླང་བྱ་བཏོན་ཏེ། ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་མགྱོགས་མྱུར་ངང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། 

དེ་ནས་ཡུན་ཙམ་ཕྱིན་རྗེས། ཀུང་སི་དེའི་འགན་འཁུར་བས་གྲོས་བསྡུར་ཞིབ་ཚགས་བྱས་མཐར། ལས་མིའི་གླ་ཕོགས་སྔོན་ལ་སྤྲོད་རྒྱུའི་གྲོས་མཐུན་བཞག་པ་དང་། ཉེ་ཆར། མྱུལ་ཞིབ་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོའི་མི་དམངས་ཉེན་རྟོག་པའི་ལྟ་སྐུལ་འོག ཡང་ཆེ་གེ་མོ་དང་། ཁུང་ཆེ་གེ་མོ། སུའུ་ཆེ་གེ་མོ་སོགས་ལས་མི་༥༢ལ་འགྱངས་ཆད་བྱས་པའི་གླ་ཕོགས་སྐར་མ་གཅིག་ཀྱང་མ་ཆད་པར་ལག་འབྱོར་ཐུབ་པ་རེད། 


接警后,经侦支队立即开展侦办工作。经查,某建筑设计装饰有限公司承包的较多工程未竣工,公司负责人以其为由,拖欠杨某、孔某、苏某等52名民工工资共计40万元。了解情况后,经侦支队一大队办案民警一方面全力开展民工思想安抚工作;另一方面积极督促该公司相关负责人尽快筹集钱款解决拖欠民工的工资问题。

期间,该公司及相关公司负责人之间最终达成先行垫付民工工资协议,并于近日,在经侦支队一大队民警的监督下,杨某、孔某、苏某等52名民工成功拿到了被拖欠的工资。

གལ་ཏེ་གླ་ཆ་ལེན་མི་ཐུབ་པའི་དཀའ་ངལ་འཕྲད་ན་ཇི་ལྟར་བྱ་དགོས། 

ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཇི་ལྟར་བྱ་དགོས། 

如遇到拿不到工钱的难题

如何合法维权?

གཤམ་གྱི་ཁ་པར་རྣམས་བློ་ལ་བཟུང་ནས་ཞུ་གཏུག་བྱེད་ཆོག

电话投诉、线上投诉

记住这3个电话,3个反映渠道

ཐེར་འདོན་ཞུ་གཏུག་ཁ་པར། 

3个举报投诉电话

༡༢༣༣༣ ངལ་རྩོལ་འགན་སྲུང་ལྟ་ཞིབ་ཚན་པའི་ཐད་སྦྲེལ་ཁ་པར་ཡིན། 

༡༢༣༤༨ ཁྲིམས་འཛིན་ཚན་པའི་ཐད་སྦྲེལ་ཁ་པར་ཡིན༎ 

༡༢༣༥༡ བཟོ་ཚོགས་རྩ་འཛུགས་ཀྱི་ཐད་འབྲེལ་ཁ་པར་ཡིན། 


12333:劳动保障监察部门的热线

12348:司法部门的热线

12351:工会组织的热线

གླ་ཆ་ཆད་སྐབས་གཞུང་ཕྱོགས་ལ་གོང་ཞུ་བྱེད་པའི་ཐབས་ལམ། 

3个官方欠薪反映渠道

༡ ས་གནས་དེ་གའི་སྲིད་གཞུང་གི་ཆད་དངུལ་གཙང་འཇལ་གཞུང་ལས་ཁང་ལ་གོང་ཞུ་བྱ་ཆོག་པ་དང་། གཞུང་ལས་ཁང་དེ་ས་གནས་དེ་གའི་སྡོད་ཁང་འཛུགས་སྐྲུན་ཅུད་དམ་ཡང་ན་མི་སྤྱི་ཅུད་དུ་བཙུགས་ཡོད། དེ་ལས་གཞན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་རིམ་་ཆུང་གྲས་བརྒྱུད་ནས་གོང་ཞུ་བྱ་ཆོག


1.向当地的政府清欠办(一般设立在当地住建局,部分地区设在人社局)或者上“国务院客户端”小程序,按如下流程操作:找到【便民服务】,点击【欠薪线索反映】版块进行线索反映。

༢ མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་ནས། ཞབས་ཞུ་ཞེས་པ་གནན་དགོས་ལ་། དེ་ནས་ཞབས་ཞུ་མཉམ་འགུལ་ཁྲོད་ཀྱི་གླ་ཆ་ཆད་བཅོས་ཞེས་པ་གནན་ནས་ཞུ་གཏུག་བྱ་ཆོག


2.通过关注“人力资源和社会保障部”微信公众号,找到【服务】,点击【服务互动】中的【根治欠薪】板块进行线索反映。

༣ ཀྲུང་གོའི་ཁྲིམས་ལུགས་ཞབས་ཞུའི་དྲ་བར་ཐོ་འགོད་བྱས་ནས། ཞིང་པ་ལས་མི་ལ་གླ་ཕོགས་ཆད་པར་རོགས་སྐྱོབ་བགྲོད་ལམ་ཞེས་པ་གནན་ན། དེའི་ནང་ན་༡.གླ་ཕོགས་འདེད་པར་བློ་འདྲི་ས། ༢.ཁྲིམས་ལུགས་རོགས་ཞུ་བྱེད་ས། ༣.གནད་དོན་གོང་ཞུ་བྱེད་ས་སོགས་གདམ་ག་བྱས་ཆོག


3.登录中国法律服务网,点击【农民工·欠薪救助绿色通道】,即可选择【讨薪咨询】【求法援】【问题反映】等。


དྲན་སྐྱུལ་ཞུ་རྒྱུར། 

温馨提示

ངལ་རྩོལ་པར་ཁྲིམས་ལྟར་ངལ་རྩོལ་གྱི་ཐོབ་ཆ་ལེན་པའི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད། གལ་ཏེ་བསམ་ངན་བཅངས་ནས་གླ་ཆ་མི་སྤྲོད་པའམ་ཆད་འགྱངས་བྱས་པའི་གནས་ཚུལ་ཐོན་སྐབས། བཅའ་ཁྲིམས་ཀྱི་དབང་ཆ་ལོངས་སུ་སྤྱད་ནས་ཁྲིམས་མཐུན་ངང་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་དགོས་ལ། འདི་ལྟར་བྱས་ན་དོན་དག་འགྲུབ་ནས་རྩོད་གཞི་ཡང་སེལ་ཐུབ་ངེས། 


劳动者依法享有获取劳动报酬的权利,在遭遇恶意欠薪时,要理性对待,拿起法律武器维护自己的合法权益,这样才能事半功倍,化解矛盾纠纷。




































































ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། སྐལ་བཟང་། 


主编 | 吾见才让

副主编 | 平多  桑布

编辑 | 先巴  格桑

来源 | 拉萨发布

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章