ཞང་ཞུང་རིག་གནས་ཞིབ་འཇུག་མཐུན་་ཚོགས་ཀྱི་༢༠༢༤ལོའི་ཚོགས་འདུ་དེ་ཉེ་དུས་ནག་ཆུ་གྲོང་ཁྱེར་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་མཐུན་ཚོགས་ཀྱི་སྒྲིག་ཡིག་ལ་གྲོས་ཞིབ་བྱས་ནས་ཐག་བཅད་དེ་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་བདམས་ཐོན་བྱུང་བ་དང་དེ་སྔའི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ་སྐབས་དང་པོའི་ལས་འཛིན་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་པ་རེད།
ཚོགས་འདུའི་ཐོག་མཐུན་ཚོགས་ཀྱི་ལས་དོན་སྙན་ཞུར་ཞིབ་འཇུག་གྲོས་བསྡུར་བྱས་པ་དང་མཐུན་ཚོགས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཚོགས་པ་དང་མི་སྒེར་ལ་གཟེངས་དར་སྤྲད་པ་རེད། ཚོགས་འདུའི་ཐོག་བཞུགས་མོལ་རྣམ་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་གྲོས་བསྡུར་ལྷུག་གླེང་གནང་བ་རེད།
近日,象雄文化研究会2024年会暨座谈会在那曲市举办。会议表决审议协会章程,选举产生了第一届理事会,并选举那曲籍著名学者、原西藏社会科学院研究员顿珠拉杰为协会首任会长,会上集体研究讨论协会工作报告,表彰支持协会发展的单位和个人。以座谈方式对象雄文化在铸牢中华民族共同体意识研究过程中的价值与作用,进行务实有效的座谈。
ཞང་ཞུང་རིག་གནས་ནི་མདོ་དབུས་ས་མཐོ་ནས་ད་བར་འཕེལ་རྒྱས་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་གྲས་ཤིག་ཡིན་ལ་ཕུན་སུམ་ཚོགས་པའི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་ཞིག་ཀྱང་ཡིན། ལོ་ངོ་སྟོང་རིང་གི་འཕོ་འགྱུར་བརྒྱུད་ད་ཆ་ནག་ཆུ་གྲོང་ཁྱེར་དེ་ཉིད་ཞང་ཞུང་གི་རིག་གནས་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད། ནག་ཆུ་གྲོང་ཁྱེར་ཞང་ཞུང་རིག་གནས་ཞིབ་འཇུག་ཚོགས་པ་དེ་༢༠༢༢ལོར་དངོས་སུ་བཙུགས་པ་ནས་བཟུང་ཞང་ཞུང་རིག་གནས་སྔོག་འདོན་དང་། འཚོལ་བསྡུ། སྲུང་སྐྱོང་བཅས་བྱ་རྒྱུར་རྨང་གཞིའི་ཚན་ཞིབ་ལས་དོན་ཧུར་ཐག་སྤེལ་ཡོད་པ་རེད།
据了解,研究会批准设立后,为依法依规开展社会团体工作,持续立足那曲实际,在那曲市民政局的指导帮助下,在那曲市文旅局的业务指导和那曲市职业技术学校的大力支持下,研究会筹备组积极完善各项制度,起草理事和会员管理制度,加强专家和研究力量,联合西藏大学在成都举办“旺丹徐仓文集专家学术研讨会”,前往那曲西部三县开展象雄文化历史遗迹资料调研,积极开展国家社科基金文化遗产保护传承研究专项申报工作,确定开展那曲象雄文化历史遗迹调研和那曲市非物质文化遗产数据库建设等工作。
མ་འོངས་པར་ཞིབ་འཇུག་མཐུན་ཚོགས་དེས་འབྲེལ་ཡོད་སྡེ་ཁག་གི་མཛུབ་ཁྲིད་དང་རོགས་རམ་འོག་ནག་ཆུ་གྲོང་ཁྱེར་གྱི་ཞང་ཞུང་རིག་གནས་བསྔོག་འདོན་དང་།སྲུང་སྐྱོང་།རྒྱུན་འཛིན།འཕེལ་རྒྱས་བཅས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་མ་ཟད། མཐུན་ཚོགས་ཀྱིས་མིག་རྒྱང་རིང་པོའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱེད་པ་དང་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།
象雄文化是在青藏高原本土发展并延续至今的传统文化,是绚丽多姿的中华传统文化的组成部分。经过千年的传承变迁和发展,如今那曲市已成为象雄文化活态传承最丰富的地区之一。那曲市象雄文化研究会自2022年正式批准设立以来,致力于挖掘、搜集、保护象雄文化,积极开展基础科研工作。
下一步,研究会将在有关部门的精心指导帮助下,致力于推动那曲市象雄文化的挖掘,保护、传承和发展,并以更加开放的姿态,更加开阔的视野和胸襟,海纳百川,兼容并蓄,为铸牢中华民族共同体意识,推动中华优秀传统文化的传承与发展贡献研究会力量。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། འཇིགས་མེད།
主编 | 吾见才让
副主编 | 平多 桑布
编辑 | 先巴 晋美
来源 | 西藏日报客户端
译文 | 阳光西藏