ཉེ་ཆར། ཀུན་བདེ་གླིང་མངགས་གཏོང་ཁང་གིས་དོགས་ཡོད་ཁུངས་སྣེ་གཞིར་བཟུང་། རོལ་རྩེད་འཕྲུལ་ཆས་སྤྱད་དེ་རྒྱན་འཛུགས་བྱེད་པའི་གྱོད་གཞི་ཞིག་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། རྒྱན་འཛུགས་བྱེད་པར་མཐུན་རྐྱེན་སྦྱོར་མཁན་དང་རྒྱན་འཛུགས་བྱེད་མཁན་སོགས་ཁྲིམས་འགལ་མི་སྣ་ཁྱོན་༢༩འཛིན་བཟུང་བྱས་པ་རེད།
འཕྲལ་མར་གྱོད་གཞི་རྩད་གཅོད་གནད་སྨིན་བྱས།
迅速介入,判明案件性质
འདི་ལོའི་ཟླ་༡༢པ་ནས་བཟུང་། ཀུན་བདེ་གླིང་མངགས་གཏོང་ཁང་གིས་དེའི་ཁོངས་གཏོགས་ས་ཁུལ་དུ་ཡོད་པའི་ཚོང་ལས་ཁང་ཆེན་ཞིག་གི་རོལ་རྩེད་ཁང་གཉིས་ནང་ཁྲིམས་འགལ་མི་སྣས་རོལ་རྩེད་དངུལ་ལོར་ལོག་ཚོང་བརྒྱབ་ནས་རྒྱན་འཛུགས་མཁན་ལ་མཐུན་རྐྱེན་སྦྱར་པ་དང་། དེ་བཞིན་མི་ཁག་ཅིག་རྒྱན་འཛུགས་ནང་ཞུགས་ནས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་ཡོད་པའི་ཁུངས་སྣེ་རྩད་ཆོད་པ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་ལྐོག་ཏུ་བྱ་ར་དང་བརྟག་དཔྱད་བྱས་པ་བརྒྱུད་རོལ་རྩེད་ཁང་དེ་གཉིས་པོའི་ནང་རྒྱན་འཛུགས་བྱེད་ཀྱི་ཡོད་པ་གཏན་འཁེལ་བྱས་པ་རེད།
12月份以来,功德林派出所对辖区某商业广场内的两家游戏厅可能存在不法人员利用倒卖游戏币为赌博提供条件及部分人员参赌的不法行为,进行重点摸排,初步掌握了两家游戏厅的经营、往来人员等情况。随后,民警采取暗访等形式,进一步确认了两家游戏厅内存在赌博行为的事实。
དུས་ལ་བབ་པས་ཁྲིམས་ཀྱི་རྒྱ་ལ་བཙུད།
及时收网,开展攻坚审讯
དོན་དངོས་གནས་ཚུལ་ལ་དམིགས་ནས། ཀུན་བདེ་གླིང་མངགས་གཏོང་ཁང་གིས་ཉེན་རྟོག་པ་༤༠ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། ཟླ་༡༢པའི་ཚེས་༡༡ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦དང་སྐར་མ་༣༠ཡི་ཐོག་རོལ་རྩེད་ཁང་གཉིས་ནས་དོགས་ཡོད་མི་སྣ་ཁྱོན་༢༩འཛིན་བཟུང་བྱས་ནས་ཁྲིམས་ཀྱི་རྒྱ་ལ་བཙུད་ཅིང་རྒྱན་འཛུགས་དངུལ་སྒོར་༤༧༣༠༠གཞུང་བཞེས་བཏང་བ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཝུའུ་ཆེ་གེ་མོ་སོགས་མི་༨ཀྱིས་རོལ་རྩེད་ཁང་གཉིས་ནས་རོལ་རྩེད་དངུལ་ལོར་ཉོ་བ་དང་། ཕྱིར་ཚོང་བ། ཚུར་བསྡུ་བ། རོལ་རྩེད་འཕྲུལ་ཆས་ནང་གི་རོལ་རྩེད་སྐར་གྲངས་ཉོས་ནས་དངུལ་བླུགས་པ་སོགས་བྱས་ནས་ཁེ་བཟང་ཐོབ་ཐབས་བྱས་ཤིང་མི་གཞན་ལ་ཡང་རྒྱན་འཛུགས་བྱེད་པའི་མཐུན་རྐྱེན་སྦྱར་ཡོད་པ་དང་། ཉེན་རྟོག་པའི་ལག་པར་ཐེབས་པའི་ལྷུན་གྱི་མིང་ཅན་སོགས་མི་༢༡གིས་རོལ་རྩེད་ཁང་དེར་ཁྲིམས་འགལ་ངང་རྒྱན་འཛུགས་བྱས་པ་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།
针对摸排情况,功德林派出所组织40余名精干警力组成两个便衣抓捕小组,于12月11日下午18时30分统一收网,对两个游戏厅内的共计29名可疑人员进行了集中抓捕,现场查获涉赌资金47300元。调查发现,伍某某等8人分别在两个游戏厅内通过购买、出售、回收游戏币和给游戏机售卖充值游戏分赚取差价的方式,为他人赌博提供条件;伦珠某某等21人分别通过购买、退售游戏币和游戏分的方式参与赌博。上述人员均对其违法行为供认不讳。
གྱོད་དོན་དེའི་ཁུངས་སྣེ་འདྲི་རྩད་བྱེད་པ།
深挖链条,依法妥善处置
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་བདུན་ཅུ་པ་དང་བཅུ་གཅིག་པའི་གཏན་འབེབས་གཞིར་བཟུང་། ད་ཆ་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུད་ཀྱིས་རྒྱན་འཛུགས་བྱེད་པར་མཐུན་རྐྱེན་སྦྱོར་མཁན་ཝུའུ་ག་གེ་མོ་སོགས་མི་༤ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན་༡༥བྱས་པ་དང་། དངུལ་ཆད་སྒོར་༢༠༠༠བཅད་པ་རེད། རྒྱན་འཛུགས་བྱེད་པར་མཐུན་རྐྱེན་སྦྱོར་མཁན་ཁྲེན་ག་གེ་མོ་སོགས་མི་༤་སྲིད་འཛིན་བཀག་ཉར་ཉིན་༡༠བྱ་རྒྱུ་དང་། དངུལ་ཆད་སྒོར་༥༠༠གཅོད་རྒྱུ། རྒྱན་འཛུགས་བྱེད་མཁན་ཡའོ་ཆེ་གེ་མོ་སོགས་མི་༢༡ལ་མི་རེར་དངུལ་ཆད་སྒོར་༥༠༠གཅོད་རྒྱུ་དང་། རྒྱན་འཛུགས་བྱས་པའི་དངུལ་ཚང་མ་གཞུང་བཞེས་གཏོང་རྒྱུ་རེད། གཞན་ཡང་རོལ་རྩེད་ཁང་དེ་གཉིས་ཀྱིས་ཁྲིམས་འགལ་ཚོང་གཉེར་བྱས་པར་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
根据《中华人民共和国治安管理处罚法》第七十条、第十一条之规定,目前城关公安分局已依法对为赌博提供条件的伍某某等4人作出行政拘留15日并处罚款2000元的处罚,对为赌博提供条件的陈某某等4人作出行政拘留10日并处罚款500元的处罚,对参与赌博的姚某等21人分别作出罚款500元的处罚,并收缴赌资,追缴违法所得。针对两家游戏厅存在违法经营的问题,功德林派出所将配合文化部门,作进一步调查处理。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ།
主编 | 吾见才让
副主编 | 平多 桑布
编辑 | 先巴 罗布顿珠
来源 | 拉萨发布
译文 | 阳光西藏