ཉེ་དུས། གྲང་ངར་ཆེ་བའི་དགུན་དུས་ཀྱི་དམར་རིའི་ཁྲོད་ལྗང་མདོག་གི་ཐང་ཆེན་ཞིག་འགྱེང་ངེར་གནས་ཡོད་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དམར་རི་གྲོང་རྡལ་དུ་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་གྱིས་སྐྲུན་རོགས་བྱས་པའི་མི་༡༡ཅན་གྱི་ཚད་ལྡན་རྐང་རྩེད་སྤོ་ལོའི་ཐང་ཡིན་པ་རེད། དགུན་གྱི་དྲོ་ཞིང་འཇམ་པའི་ཉི་འོད་དེ་རྐང་རྩེད་སྤོ་ལོ་ཐང་གསར་རྐྱང་དེར་འཕྲོས་པ་དང་། སྤོ་ལོའི་ཐང་འདིས་ཀྱང་ས་མཐོའི་ཕྲུ་གུ་ཚོའི་རྐང་རྩེད་སྤོ་ལོའི་ཕུགས་འདུན་སྐྱེད་སྲིང་བྱེད་བཞིན་ཡོད།
近日,一片绿色“绘就”于寒冬的马利山间。在西藏自治区昌都市洛隆县马利镇,由中远海运援建的一座11人制标准化足球场修建完毕。冬日暖阳洒在如今焕然一新的足球赛场上,这片绿色赛场正在温暖孕育着高原孩子们的足球梦想。
དེ་སྔའི་རྐང་རྩེད་སྤོ་ལོའི་ཐང་གི་རྣམ་པ།
图为西藏自治区昌都市洛隆县马利镇之前的足球场
ད་ལྟའི་རྐང་རྩེད་སྤོ་ལོའི་ཐང་གི་རྣམ་པ།
图为西藏自治区昌都市洛隆县马利镇如今焕然一新的足球场
རྐང་རྩེད་སྤོ་ལོའི་ཐང་འདིར་པཱ་ལགས་ཚོས་སྐྲུན་པའི་རྐང་རྩེད་སྤོ་ལོའི་ཐང་ཞེས་འབོད་དོན་གང་ཡིན་ཟེར་ན། དེ་ཡང་ཡུལ་དེ་གའི་ལུས་རྩལ་དགེ་རྒན་ཀརྨ་འགྱུར་མེད་ཀྱི་གཏམ་རྒྱུད་ལས་བྱུང་བ་ཞིག་རེད། ལོ་བཅུའི་གོང་། མཐོ་འབྲིང་འགྲིམ་བཞིན་པའི་ཀརྨ་འགྱུར་མེད་ཀྱིས་དམར་རི་གྲོང་རྡལ་ཁོངས་ཀྱི་ཕྲུ་གུ་སྒྲིག་འཛུགས་བྱས་ནས་འདི་གར་རྐང་རྩེད་སྤོ་ལོའི་འགྲན་སྡུར་བྱེད་ཀྱི་ཡོད། ལོ་བཅུའི་རྗེས། ཀརྨ་འགྱུར་མེད་བོད་ལྗོངས་མི་རིགས་སློབ་ཆེན་ནས་སློབ་ཐོན་བྱས་རྗེས་ཕ་ཡུལ་དུ་ལོག་ནས་སློབ་ཆུང་གི་ལུས་རྩལ་དགེ་རྒན་གྱི་ལས་ལ་གཞོལ་བ་དང་། ཕྲུ་གུའི་ཕ་མ་ཆགས་ཟིན་པའི་ཀརྨ་འགྱུར་མེད་ཀྱིས་གྲོང་ཚོའི་ནང་གི་པཱ་ལགས་གཞན་དང་མཉམ་དུ་སྤོ་ལོའི་ཐང་འདི་ཉམས་བཟོ་བྱས་པས། པཱ་ལགས་ཚོས་སྐྲུན་པའི་རྐང་རྩེད་སྤོ་ལོའི་ཐང་ཆེན་ཞེས་པའི་མིང་འདི་ཐོབ་པ་རེད། འདི་ལོའི་སྤྱི་ཟླ་༡པོར། དམར་རི་གྲོང་རྡལ་དུ་སྐབས་བདུན་གཉེར་ཟིན་པའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་སྤེལ་འགོ་ཚུགས་པའི་ཆ་འཕྲིན་ལ་དོ་འཁུར་གནང་མཁན་ཧ་ཅང་མང་པོ་བྱུང་ཡོད་པ་དང་། ཤིན་ཧྭ་གསར་འགྱུར་ཁང་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། ཆབ་མདོའི་འགྲེམ་བསྒྲགས་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་མང་པོའི་ཐོག་དེའི་ཐད་ཀྱི་གནས་ཚུལ་མང་པོ་སྤེལ་ཡོད་པ་རེད།
这座球场为什么被称为“爸爸们修建的足球场”呢?这是源于当地的一名体育老师嘎玛群美的故事。十年前,作为高中生的嘎玛群美经常组织马利镇周边孩子们在这里踢一场“简易”的足球赛。十年后,嘎玛群美从西藏民族大学毕业回乡成为了一名小学体育老师,已为人父的嘎玛群美与村里其他爸爸们一起重新修建球场,一座“爸爸们修建的足球场”就此诞生。今年一月,延续七届的马利镇足球“迎新杯”在“爸爸们修建的足球场”开赛的消息备受关注。一时间,《在爸爸们修建的足球场上踢一场村级联赛》《“云中球场”上的藏东小镇足球赛》《半山腰上的野球场 助推“足球小将”的蜕变》多篇稿件在China Daily、新华社、西藏日报、学习强国、昌都发布等平台纷纷亮相,引起不少关注。
འདི་ལོའི་སྤྱི་ཟླ་༡༢པར། ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་ཚོགས་པས་སྒོར་ཁྲི་༢༣༠ལྷག་བཏང་ནས་སྐྲུན་རོགས་བྱས་པའི་ལྷོ་རོང་རྫོང་དམར་རི་གྲོང་རྡལ་གྱི་མི་༡༡ཅན་གྱི་ཚད་ལྡན་རྐང་རྩེད་སྤོ་ལོའི་ཐང་བདེ་བླག་ངང་ལས་མཇུག་སྒྲིལ་བ་དང་། སྤོ་ལོའི་ཐང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་༨༥༠༠ལྷག་ཡོད་ཅིང་། སྤོ་ལོ་ལྟ་ས་དང་སྐྱོར་ར་སོགས་སྒྲིག་ཆས་ཀྱང་ཆ་ཚང་པོ་ཡོད་པ་རེད། སྤོ་ལོའི་ཐང་འདི་སྐྲུན་ཚར་རྗེས། གྲོང་རྡལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་བསྟོད་བསྔགས་ཆེན་པོ་ཐོབ་ཡོད་ལ། སྤོ་ལོའི་ཐང་འདིར་ཡང་དམར་རི་གྲོང་རྡལ་གྱི་ཅ་གཡུས་བུམ་པའི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་སྡུར་ཐོག་མ་དེ་བྱ་རྒྱུ་རེད།
今年十二月,中远海运集团投资230余万援建的洛隆县11人制足球场——马利镇“中远海运·云中球场”项目以最快速度完工,球场面积8500余平米,看台、围栏等附属配套设施一应俱全,让海拔3700米的山坳焕发了生机。马利镇“中远海运·云中球场”的建成,受到了全镇各族干部群众的“点赞”。这里也即将迎来马利镇首届“中远海运·嘉裕杯”村超足球友谊邀请赛。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། སྐལ་བསྟན། འཇིགས་མེད།
主编 | 吾见才让
副主编 | 平多 桑布
编辑 | 格丹 晋美
来源 | 中国西藏网
译文 | 阳光西藏