ཉེ་ཆར། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་ཕུ་ཡུལ་གྲོང་ཚོ་དང་པོ་ནས་འཁྱགས་ཕུག་ཆེ་གྲས་ཤིག་རྙེད་པ་དེ་ནི་ན་ནིང་སྤྱི་ཟླ་༣པར་ས་ཁོངས་དེར་འཁྱགས་ཕུག་ཆེ་གྲས་རྙེད་པའི་རྗེས་སླར་ཡང་གསར་རྙེད་ཐུབ་པ་ཞིག་རེད། ས་གནས་དེ་གའི་མང་ཚོགས་ཀྱིས་དེ་ལ་ཕུ་ཡུལ་འཁྱགས་དོང་ཞེས་འབོད་ཀྱི་ཡོད་པ་རེད།
近日,在西藏昌都市边坝县边坝镇普玉一村发现一处大型冰洞,这是继去年3月在该区域发现大型冰洞后的又一次发现。当地群众称其为“普玉冰洞”,藏语意为“最深处的冰洞”。
རྩད་ཞིབ་རགས་ཙམ་བྱས་པ་ལྟར་ན། འཁྱགས་ཕུག་དེའི་ཟབ་ཚད་སྨིད་༡༥༢དང་། ཞེང་ཚད་སྨིད་༡༨.༢། མཐོ་ཚད་སྨིད་༦.༦ཙམ་བཅས་ཡོད་ཅིང་། སྤྱི་ཡོངས་ནི་གཞུ་དབྱིབས་ཡིན་པ་དང་། འཁྱགས་ལྡེབས་འོད་གསལ་ཞིང་དྭངས་པ། འཁྱགས་གཟུགས་ཀྱི་རྣམ་པ་མི་འདྲ་བས། ཉི་འོད་འཕྲོས་པའི་འོག་ཏུ་འོད་སྔོན་པོ་འཕྲོས་ནས་རྨི་ལམ་ནང་གི་འཇིག་རྟེན་སྔོན་པོ་ཞིག་དང་འདྲ།
འཁྱགས་ཕུག་དེ་དང་དེ་སྔོན་རྙེད་པའི་གུང་དཀར་དར་ཕུག་སྔོན་པོ་བར་གྱི་དྲང་ཐིག་བར་ཐག་སྨིད་༥༠ཡང་ཟིན་གྱི་མེད། དེ་གཉིས་ཀྱིས་ཐུན་མོང་མ་ཡིན་པའི་འཁྱགས་ཕུག་གི་མཛེས་ལྗོངས་ཆགས་པ་དེས་དཔལ་འབར་རང་བྱུང་མཛེས་ལྗོངས་ལ་བཀྲག་མདངས་གསར་པ་བསྣན་པ་མ་ཟད། བོད་ཀྱི་འཁྱགས་རོམ་ཞིབ་འཇུག་ལ་མ་དཔེ་དང་ལྟ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད་ལ། ཡུལ་སྐོར་ལ་དགའ་པོ་བྱེད་མཁན་ཚོར་འཚོལ་ཞིབ་ཀྱི་ཁ་ཕྱོགས་གསར་པ་ཡང་སྦྱིན་ཡོད།
经初步勘测,该冰洞深度约152米,宽约18.2米,高约6.6米。整体呈弧拱造型,冰壁晶莹剔透,冰体形态各异,在阳光的照射下,散发出湛湛蓝光,仿佛一个梦幻的蓝色世界。
该冰洞相距此前发现的贡嘎蓝冰洞直线距离不到50米。二者形成独特的冰洞群景观,这为边坝自然景观增添了新的亮点,也为西藏的冰川研究提供了新的样本和视角,同时也为旅游爱好者们带来了新的探索方向。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། བྱམས་པ།
主编:吾见才让
副主编:平多 桑布
编辑:晋美 先巴
来源:人民日报
译文:阳光西藏