ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་འདི་ལྟར་བྱས།

民生   2024-07-14 12:03   西藏  
    ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྗོངས་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་སྙན་སེང་གསན་པ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་བ་རེད།

ཚོགས་ར།


    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དཔལ་འབྱོར་ལས་དོན་ནི་ལྟེ་བའི་ལས་དོན་ཡིན་པས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པའི་བསྙོན་མེད་དོན་དམ་ལ་བརྩིས་ཏེ་དོན་དངོས་དང་མཐུན་པའི་སྒོ་ནས་དུས་བབ་ལ་སྟངས་འཛིན་དང་། དཔལ་འབྱོར་ལ་སྔོན་ཚུད་ནས་བརྡར་ཤ་གཅོད་པར་ཤུགས་སྣོན་རྒྱག་པ། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཆེ་རུ་གཏོང་བ། བོད་ཀྱི་དཔལ་འབྱོར་ལས་དོན་དེ་སྤྱི་ཡོངས་ཀྱི་ཁྲོད་དུ་བཞག་ནས་བསམ་གཞིག་དང་འཆར་འགོད་བྱེད་པ། ལས་ཀའི་གཙོ་གནད་མངོན་གསལ་དོད་དུ་གཏོང་བ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། དགེ་སྤེལ་སྐྱོན་སྤོང་། གསོག་འབོར་འགན་ལེན་དང་འཕར་ཚད་ཆེར་གཏོང་བཅས་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས་པ་སྟེ། ཕན་ནུས་ལྡན་པའི་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་སྟེ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གནས་ཡིན་པའི་རྣམ་གྲངས་དང་། རྒྱུད་ཡིན་པའི་ཐོན་ལས། ཁྱོན་ཡིན་པའི་དཔལ་འབྱོར་བཅས་ལ་མཉམ་དུ་ཤུགས་རྒྱག་པ་མཐའ་འཁྱོངས། རྒྱུ་རྐྱེན་གཙོ་བོ་འགན་ལེན་དང་ཞིབ་ཚགས་ཅན་གྱི་ཞབས་ཞུར་ཤུགས་སྣོན། ཁྲོན་བོད་ལྕགས་ལམ་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་དེང་གི་ཆར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱེད་དགོས། གསར་དར་ཐོན་ལས་སྐྱེད་སྲིང་མགྱོགས་པོ་བྱས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ལེགས་ཐོན་ཁུངས་མང་བ་དང་དགེ་མཚན་ཆེ་རིགས་ལ་གཞི་ཚུགས་ནས་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་སོགས་སྲོལ་རྒྱུན་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་དང་། ནུས་རྒྱུ་གཙང་མ་དང་ཀུན་སྤྱོད་མཁའ་འགྲུལ་སོགས་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། ཐོན་ལས་ཀྱི་གྲུབ་ཆ་བཟང་སྒྲིག་དང་ལེགས་སྒྲིག་མགྱོགས་པོ་བྱེད་པ་བཅས་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་དགོས། ནང་མཁོ་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ཁ་ཕྱོགས་གནད་འཁེལ་འཚོལ་བ་དང་ཞན་ཆ་སེལ་བ་དང་། སྲིད་ཇུས་ཀྱི་རྒྱུན་མཐུད་ཆོག་པའི་རང་བཞིན་དང་། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་བ། སྒྲིག་ཆས་གཞི་ཁྱོན་ཆེན་པོས་བརྗེ་བ་དང་འཛད་རྫས་རྙིང་ཚབ་གསར་བརྗེར་སྐུལ་འདེད། དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་མཉམ་འདྲེས་མགྱོགས་པོ་བྱེད་པ་བཅས་བྱས་ནས་མཁོ་སྤྲོད་ཕན་ཚུན་སྐུལ་འདེད་དང་ཐོན་ཚོང་དུས་གཅིག་ཏུ་སྒྲུབ་པར་སྐུལ་འདེད་གཏོང་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་དམ་འཛིན་ཡག་པོ་བྱེད་པ་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཁྲལ་སློག་དང་ཁྲལ་རིན་གཉིས་གཅོག་དང་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱེད་པ། ཐོན་ལས་འཁོར་འབྲེལ་གྱི་གཙོ་གནད་ཁྱབ་ཁོངས་དང་ཞན་ཆའི་ལྷུ་ཚིགས་ལ་དམིགས་པ། ཐོན་ལས་འཁོར་འབྲེལ་གྱི་ཚོང་འགུགས་དང་ཆེད་ལས་ཅན་གྱི་ཚོང་འགུགས་བྱེད་ཤུགས་ཆེ་རུ་གཏོང་བ། གནད་སྨིན་ཇུས་འགོད་མངོན་གསལ་དོད་དུ་གཏོང་བ། ཚོང་འགུགས་མ་འདྲེན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ་བཅས་བྱས་ནས་ཚོང་འགུགས་མ་འདྲེན་གྱི་སྤུས་ཚད་དང་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས། དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ལ་དམ་འཛིན་ཡག་པོ་བྱས་ཏེ“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ་དང་། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། ཞིང་འབྲོག་པར་རྒྱུན་མཐུད་དང་བརྟན་པོའི་ངང་ཡོང་འབབ་འཕར་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེར་གཏོང་བ་དང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་བཏང་སྟེ་ནང་ངོས་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་སྒོ་དབྱེའི་ལས་སྟེགས་འཛུགས་སྐྲུན་མགྱོགས་པོ་བྱས་ནས་སྒོ་དབྱེའི་གསོན་ཤུགས་དེ་བས་འཕེལ་བར་བྱེད་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བར་དམ་འཛིན་ཡག་པོ་བྱས་ཏེ“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་བསྟར་གཏིང་ཟབ་བྱེད་པ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་ཚོར་ཐུབ་པའི་དོན་དངོས་ཁག་གཅིག་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྙན་སྦྱོར་།
རྩོམ་སྒྲིག་པ།  སྐལ་བཟང་ཚེ་དབང་།
ཞུ་དག་པ།   སྒྲོལ་དཀར།

琼鹏丁青
丁青县官微,发布丁青政务信息、经济发展、民生服务、文化旅游等新闻资讯,全方位宣传丁青的新气象、新变化、新面貌和新展望,展示丁青人的时代风采。
 最新文章