མཉམ་འཇོག་བྱོས། ཆང་འདི་དག་ཚང་མ་རྫུན་མ་རེད།

民生   2024-06-11 18:22   西藏  

གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཁྲིམས་འགལ་ངང་“དམིགས་བསལ་མཁོ་འདོན་ཆང་”བཟོ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་དག་ཐེར་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་ནས་བཟུང་། མིག་སྔའི་བར་སྤྱི་བདེ་པུས་ཆེད་དམིགས་ལྟ་སྐུལ་ཞིབ་གཅོད་བྱས་པའི་གྱོད་གཞི་གལ་ཆེན་17ཚང་མ་རྩད་གཅོད་བྱས་པ་དང་། ས་ཁུལ་ལས་བརྒལ་བའི་ཆེད་ལས་རྫུན་བཟོ་དང་རྫུན་འཚོང་ཉེས་གསོག་ཚོགས་པ་48མེད་པར་བཟོས་ནས། རྡུང་རྡེག་གཏོང་བའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད། 

以下视频来源于

央视财经


   ཆེད་དོན་བྱ་སྤྱོད་སྤེལ་ཚུན། སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་ཉེས་གསོག་དོགས་ཅན་417བཟུང་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་གྲངས་སྒོར་དུང་ཕྱུར་8.9དང་། ཡུལ་དངོས་སུ་ཁྲིམས་འགལ་གྱི“དམིགས་བསལ་མཁོ་འདོན་ཆང་”ཤེལ་དམ་ཁྲི་31.8ལྷག་ཙམ་གཞུང་བཞེས་བཏང་བ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་ཆེས་ཆེར་འཕར་ཡོད་པ་རེད། 

   སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་གྱི“དམིགས་བསལ་མཁོ་འདོན་ཆང་”ཐོན་སྐྱེད་མཁོ་འདོན་དང་ཕྱིར་ཚོང་གི་ཉེས་གསོག་དྲ་རྒྱ་ཕྱོགས་ཡོངས་ནས་རྩད་གཅོད་གསལ་པོ་བྱས་ཏེ། རྨང་ཆང་དང་། ཐུམ་བཟོ། ཟོག་འགྲེམས། ཁྱབ་གདལ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་དུས་གཅིག་ཏུ་རྡུང་རྡེག་བཏང་བ་དང་། ལྷག་པར་དུ་ས་ཁོངས་རྒྱ་ཆེ་བ་དང་། གྱོད་དོན་དང་འབྲེལ་བ་ཡོད་པའི་མི་སྣ་མང་བ། ཉེས་གསོག་གྲངས་འབོར་ཧ་ཅང་ཆེ་བའི་ས་ཁོངས་རང་བཞིན་གྱི་ཆེད་ལས་རྫུན་བཟོ་ཚོགས་པ་དང་། འབྱུང་ཁུངས་རང་བཞིན་གྱི་རྫུན་བཟོ་བྱེད་སའི་གྱོད་གཞིར་མཉམ་གཅིག་ཏུ་རྡུང་རྡེག་བཏང་བ་རེད།  

   སྤྱི་བདེ་པུའི་བཟའ་བཅའ་སྨན་རྫས་ཉེས་གསོག་མྱུལ་ཞིབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད་དོན། མིག་སྔར་ཁྲོམ་རའི་ཐོག“དམིགས་བསལ་མཁོ་འདོན་ཆང་”སོགས་བརྗོད་པ་ཚང་མ་ཆང་རྫུན་མ་ཡིན་པ་དང་། ཆང་རྫུན་མ་དེ་རིགས་ཀྱི་སྤུས་ཚད་ཞན་པ་དང་ཐུམ་སྒྲིལ་བྱེད་དྲགས་པ་མ་ཟད། “གྲགས་རྟགས་མིང་ཁྱེར”དང་“གྲགས་ཡུལ་མིང་ཁྱེར”ཡིན་དོགས་ཡོད་པ་དང་། ཐ་ན་ཚོང་རྟགས་རྫུན་བཟོ་སོགས་ཀྱི་གནད་དོན་ཡང་ཡོད་པས་ཁྲིམས་འགལ་པས་སྐད་ཆ་བཤད་སྟངས་དང་མགོ་སྐོར་གཏོང་བའི་ཐབས་ཤེས་མང་པོར་བརྟེན་པས། མགོ་འཐོམ་པའི་རང་བཞིན་ཡང་ཆེན་པོ་ཡོད། 

   སྤྱི་བདེ་ལས་ཁུངས་ཀྱིས་འཛད་སྤྱོད་པར་ཆང་ཉོ་སྐབས་ཚད་ལྡན་གྱི་ཚོང་ཁང་འདེམས་དགོས་པ་དང་། ཐོན་རྫས་ཀྱི་མཚོན་རྟགས་མེད་པ་དང་། ཐོན་སྐྱེད་བཟོ་གྲྭ་མེད་པ། ཐོན་སྐྱེད་བྱ་ཡུལ་མེད་པ་བཅས་ཀྱི་ཐོན་རྫས་ཉོ་མི་རུང་། དོགས་གཞི་ཡོད་པའི་ཁུངས་སྣེ་ཤེས་ན་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་སམ་འབྲེལ་ཡོད་སྡེ་ཁག་ལ་ཐེར་འདོན་བྱས་ཏེ་མགོ་སྐོར་མི་ཐེབས་པ་བྱེད་དགོས་པའི་དྲན་སྐུལ་ཡང་བསྐྱར་བྱས་པ་རེད།

ཡོང་ཁུངས།   མི་དམངས་དྲ་བ

琼鹏丁青
丁青县官微,发布丁青政务信息、经济发展、民生服务、文化旅游等新闻资讯,全方位宣传丁青的新气象、新变化、新面貌和新展望,展示丁青人的时代风采。
 最新文章