མི་ཚང་མ་ནི་སྤྱིར་བཏང་བ་ཞིག་མིན།

民生   2024-06-20 17:29   西藏  

མི་ཚང་མ་ནི་སྤྱིར་བཏང་བ་ཞིག་མིན

    “སྤྱིར་བཏང་གི་ཁྲོད་ནས་རླབས་ཆེན་བྱུང་བ་དང་། མི་དམངས་ཀྱི་ཁྲོད་ནས་དཔའ་བོ་ཐོནཔས། མི་ཚང་མ་ནི་སྤྱིར་བཏང་བ་ཞིག་མིན”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་འདིས་མར་ཁེ་སི་རིང་ལུགས་ཀྱི་མི་དམངས་ལྟ་བར་འགྲེལ་བཤད་གསལ་པོ་བསྐྱོན་ཡོད། མར་ཁེ་སི་རིང་ལུགས་ཀྱིས་མི་དམངས་མང་ཚོགས་ནི་ལོ་རྒྱུས་གཏོད་མཁན་དང་སྤྱི་ཚོགས་ཀྱི་དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་སྐྲུན་མཁན་ཡིན། ང་ཚོ་ཚང་མ་ལས་ཀ་ཅི་ཞིག་བྱེད་མཁན་ཡིན་པ་དང་བྱ་ཡུལ་གྱི་ལས་དེ་ཆེས་སྤྱིར་བཏང་གང་ཞིག་ཡིན་སྲིད་མོད། མི་ཚང་མས་སྤྱིར་བཏང་མིན་པའི་ལས་ཀའི་གྲུབ་འབྲས་ཤིག་བཏོད་ཐུབ་ནས་སྤྱི་ཚོགས་ལ་རིན་ཐང་ཡོད་པའི་ལེགས་སྐྱེས་འབུལ་ཐུབ་པའི་འདོད་ཚུལ་འཛིན་གྱི་ཡོད།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ཐོག་གི་ངལ་རྩོལ་པ་མི་འདྲ་བ་ཚང་མར་ཚད་མཐོའི་གདེང་འཇོག་གནང་གི་ཡོད་དེ། ཁོང་གིས། ཞིང་པ་ལས་མི་ནི་ངལ་རྩོལ་གྱི་དཔུང་ཁག་གསར་མ་རེད་ལ་ཁོར་ཡུག་གཙང་སྦྲ་བ་ནི་གྲོང་ཁྱེར་གྱི“མཛེས་བཟོ་མཁན”རེད། བདལ་གཏོང་རླངས་འཁོར་གཏོང་མཁན་ཚང་མས་གྲོང་ཁྱེར་གྱི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡོད་ལ་མྱུར་སྐྱེལ་མཁན་གྱིས་ཐུམ་སྒྲིལ་སྐྱེལ་བར་བརྟེན་ནས་དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་བྱེད་ཀྱི་ཡོད། ང་ཚོའི་སྤྱི་ཚོགས་ཐོག་སྤྱིར་བཏང་གི་ངལ་རྩོལ་པ་དུང་ཕྱུར་མང་པོས་དཀའ་སྤྱད་འབད་བརྩོན་བྱེད་ཀྱི་ཡོད་པས། འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བཞིན་ཡོད་ཅེས་གསུངས།
    དེང་གི་བོད་ལ་དཔལ་འབྱོར་དར་རྒྱས་གོང་འཕེལ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན། སྐྱེ་ཁམས་ཁོར་ཡུག་ལེགས་པ། མི་དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པ་བཅས་ཡོད་པ་ནི་བོད་ཀྱི་མི་དམངས་དཀྱུས་མས་དཀའ་སྤྱད་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་སྐྲུན་རིང་། སྤྱིར་བཏང་བ་ཡིན་པ་གང་ཞིག་སྤྱིར་བཏང་བ་མིན་པའི་ལེགས་སྐྱེས་འབུལ་མཁན་གྱི་ངལ་རྩོལ་པ་མང་པོ་ཞིག་ཐོན་ཡོད། དེ་ཡང་ཁོང་ཚོའི་ཁྲོད་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ལྟ་བུའི་མཐའ་མཚམས་ཞིང་འབྲོག་མང་ཚོགས་ཡོད་ཅིང་ལོ་བཅུ་ཕྲག་ཁ་ཤས་རིང་ཉིན་གཅིག་ལྟར་སྐོར་གཡེང་མཐའ་འཁྱོངས་ཀྱིས་མེས་རྒྱལ་གྱི་སྤྱི་ལེ་ངོས་གྲུ་སྟོང་ཕྲག་ཟིན་པའི་ས་ཆ་སྲུང་བཞིན་ཡོད་པས། ཁོང་ཚོ་ནི་སྤྱིར་བཏང་བ་མིན་པའི་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་རེད། གཞན་ཡང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་པད་མ་ཚེ་སྐྱིད་དང་འདྲ་བའི་ཁོར་ཡུག་གཙང་སྦྲ་བ་ཡོད་ཅིང་གྲོང་ཁྱེར་གཙང་མ་བཟོ་བའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་བཅངས་ནས་བློ་གཅིག་སེམས་གཅིག་གིས་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་བཞིན་ཡོད། ད་དུང་འགོ་ནད་ཀྱི་ཉེན་ཁ་ཚབས་ཆེན་ལ་མ་འཛེམ་པར་ལེ་དབར་སྟོང་ཕྲག་ཁ་ཤས་ཀྱི་སར་རླངས་འཁོར་བཏང་ནས་ཡུལ་སྐོར་བར་སྲོག་སྐྱོབ་ཀྱི་སྨན་བསྐྱལ་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཚེ་སྲོག་གོང་དུ་བཀུར་མཁན་ཧུའུ་ཡུང་དང་འདྲ་བའི་མྱུར་སྐྱེལ་བ་ཡོད། དེ་མིན། བཀྲ་ཤིས་ཉི་མ་དང་འདྲ་བའི་གློག་ལས་བྱེད་མཁན་ཡང་ཡོད་ཅིང་ལོ་30ཡི་རིང་གློག་ལས་ལ་གཞོལ་དོན་ནི་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་པའི་ཆེད་དུ་རེད། ཁོང་ཚོ་ནི་མི་དཀྱུས་མ་རེད་ལ་སྤྱིར་བཏང་བ་མིན་པ་ཤ་སྟག་ཞིག་རེད།     གནམ་ནས་ཤ་བག་ལེབ་ཟགས་པར་མི་སྲིད་ཅིང་། འབད་བརྩོན་བྱས་ཚེ་ཕུགས་འདུན་འགྲུབ་ངེས་རེད། མི་འབོར་དུང་ཕྱུར་14ལྷག་ཙམ་ཟིན་པའི་རང་རེའི་རྒྱལ་ཁབ་ལ་མཚོན་ན། མི་ཚང་མའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཚེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་ཤིག་ཆགས་ཐུབ། མི་ཚང་མས་རང་ཉིད་ཀྱི་ལས་ཀ་དང་བྱ་གཞག་ཡག་པོ་བསྒྲུབས་ཚེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་ཐུབ་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་སྐུལ་འདེད་ཀྱང་གཏོང་ཐུབ། མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་ང་ཚོ་ཚང་མ་ནི་སྐྱོད་མཁན་རེད་ལ་དེའི་ནང་ཞུགས་མཁན་རེད། དེ་བས་ཀྱང་ལེགས་སྐྱེས་འབུལ་མཁན་ཡང་རེད།


琼鹏丁青
丁青县官微,发布丁青政务信息、经济发展、民生服务、文化旅游等新闻资讯,全方位宣传丁青的新气象、新变化、新面貌和新展望,展示丁青人的时代风采。
 最新文章