བེད་མེད་དུ་གཏོང་བའི་ཚད་ལ་སླེབས་པའི་རླངས་འཁོར་བཏང་ན་འགྲིམ་འགྲུལ་ལས་འཛོལ་ཐོན་སླ་བ་མ་ཟད། རང་ཉིད་དང་མི་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལའང་ཉེན་ཁ་ཚབས་ཆེན་བཟོ་སྲིད། ད་འོ་ན། འཕྲུལ་སྒུལ་འཁོར་རིགས་བེད་མེད་དུ་གཏོང་བར་ཚད་གཞི་གང་ཡོད། རླངས་འཁོར་བེད་མེད་དུ་གཏོང་བར་དོ་སྣང་གང་བྱེད་དགོས། འདིར་འགྲིམ་འགྲུལ་མི་དམངས་ཉེན་རྟོག་པས་ལན་གསལ་པོ་བསྐྱོན་པ་སྟེ།
Q
འཕྲུལ་སྒུལ་འཁོར་རིགས་བཙན་ཐབས་ཀྱིས་བེད་མེད་དུ་གཏོང་བར་ཚད་གཞི་གང་ཡོད།
Q
རིགས་མི་འདྲ་བའི་འཕྲུལ་སྒུལ་འཁོར་རིགས་བེད་སྤྱོད་གཏོང་བའི་ལོ་ཚད་ག་ཚོད་ཡིན།
《འཕྲུལ་སྒུལ་འཁོར་རིགས་བཙན་ཐབས་ཀྱིས་བེད་མེད་དུ་གཏོང་བའི་ཚད་གཞིའི་གཏན་འབེབས》ནང་རིགས་མི་འདྲ་བའི་འཕྲུལ་སྒུལ་འཁོར་རིགས་ཀྱི་བེད་སྤྱོད་ལོ་ཚད་ལ་གཏན་འབེབས་ཞིབ་ཕྲ་བྱས་པ་སྟེ། བདལ་གཏོང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་བེད་སྤྱོད་བྱས་ནས་ལོ་8སོང་བ་དང་། བདལ་གཏོང་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་བེད་སྤྱོད་བྱས་ནས་ལོ་10སོང་བ། བདལ་གཏོང་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་བེད་སྤྱོད་བྱས་ནས་ལོ་12སོང་བ། བོགས་གཏོང་འགྲུལ་ཞུགས་རླངས་འཁོར་བེད་སྤྱོད་བྱས་ནས་ལོ་15སོང་བ། སྤྱི་སྤྱོད་འགྲུལ་སྐྱེལ་རླངས་འཁོར་བེད་སྤྱོད་བྱས་ནས་ལོ་13སོང་བ། ཆེད་སྤྱོད་སློབ་འཁོར་བེད་སྤྱོད་བྱས་ནས་ལོ་15སོང་བ། འཁོར་གསུམ་སྦག་སྦག་བེད་སྤྱོད་བྱས་ནས་ལོ་12སོང་བ། སྦག་སྦག་གཞན་དག་བེད་སྤྱོད་བྱས་ནས་ལོ་13སོང་བ་བཅས་རེད།