《བདེན་འཚོལ》ཐོག་ཞི་ཅིན་ཕིང་ནས་དོན་འདིར་གནང་བའི་གསལ་བཤད་སྤེལ་བ།

民生   2024-08-21 19:08   西藏  

     ཟླ་8པའི་ཚེས་16ཉིན་དཔེ་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་16པའི་ཐོག  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི《<ཀྲུང་གུང་ཀྲུང་དབྱང་གི་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས>ཀྱི་གསལ་བཤད》ཅེས་པ་སྤེལ་ཡོད།

     ཞི་ཅིན་ཕིང་གིས། ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས་བསྒྱུར་བཅོས་ཇུས་འགོད་དང་བཀོད་སྒྲིག་བྱས་པ་དེ་ནི་ཏང་གིས་བསྒྱུར་བཅོས་སྒོ་དབྱེར་འགོ་ཁྲིད་པའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཞིག་རེད། ལག་ལེན་གྱི་ཉམས་མྱོང་དང་དོན་དངོས་ཀྱི་དགོས་མཁོར་གཞིགས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་ལ་ཞིབ་འཇུག་བྱས་ཡོད། དེ་ཡང་གཤམ་གསལ་གྱི་ཕྱོགས་འགའ་ཤས་ཐད་བསམ་གཞིགས་བྱས་པ་སྟེ། དང་པོ། དེ་ནི་མི་སེམས་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལེགས་འགྲུབ་ཡོང་བར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན། གཉིས་པ། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན། གསུམ་པ། དེ་ནི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་དང་དེ་བས་འཚམ་པར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན། བཞི་པ། དེ་ནི་ཉེན་ཁ་དང་འགྲན་རྩོད་གལ་ཆེན་ལ་ཁ་གཏད་གཅོག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་ཐོག་རྒྱང་བགྲོད་ཐུབ་པར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་བཅས་ཡིན་ཞེས་བསྟན་ཡོད།

     ཞི་ཅིན་ཕིང་གིས། གཏན་འབེབས་ཀྱི་མ་ཟིན་འགོད་པའི་བརྒྱུད་རིམ་ཁྲོད། ང་ཚོས་གཤམ་གྱི་དོན་གནད་འགའ་ཞིག་གཙོ་བོར་བཟུང་ནས་དམ་འཛིན་བྱས་པ་སྟེ། གཅིག་ནས་བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་རྩ་ཆེའི་ཉམས་མྱོང་ལ་ཕྱོགས་སྡོམ་དང་བཀོལ་སྤྱོད་བྱས་པ་དང་། གཞི་འཛིན་སའི་རྩ་དོན་གཏན་འཁེལ་བྱས་པ་དང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཡོད། གཉིས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་དམ་པོར་གཞིགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ཡོད། གསུམ་ནས་གཙོ་གནད་དམ་དུ་བཟུང་ཐོག སྒྲིག་གཞི་ལམ་སྲོལ་བསྒྱུར་བཅོས་འབུར་དུ་ཐོན་པ་དང་། འཐབ་ཇུས་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་བསྒྱུར་བཅོས་གལ་ཆེན་འབུར་དུ་ཐོན་པ། དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཀྱི་ཁྲིད་སྟོན་ནུས་པ་འབུར་དུ་ཐོན་པ། བསྒྱུར་བཅོས་ཀྱི་ཁྲིད་སྟོན་ནུས་པ་འབུར་དུ་ཐོན་པ་བཅས་བྱས་ཡོད། བཞི་ནས་མི་དམངས་གོང་དུ་བཀུར་བ་དང་། མི་དམངས་ཀྱི་སྤྱི་ཡོངས་ཁེ་ཕན་དང་། རྩ་བའི་ཁེ་ཕན། ཕུགས་ཀྱི་ཁེ་ཕན་བཅས་དོན་དུ་གཉེར་ནས་བསྒྱུར་བཅོས་ལ་ཇུས་བཀོད་དང་སྐུལ་འདེད་བཏང་ཡོད། ལྔ་ནས་མ་ལག་འདུས་གྲུབ་ཤུགས་ཆེར་བཏང་བ་དང་། བསྒྱུར་བཅོས་ལ་སྤྱི་ཡོངས་ཇུས་བཀོད་དང་མ་ལག་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱོགས་ཁག་གི་བསྒྱུར་བཅོས་ཕན་ཚུན་གཞོགས་འདེགས་དང་མཐུན་སྦྱོར་ནུས་ཆེ་ཡོང་བ་བྱས་ཡོད་ཅེས་བསྟན་ཡོད།

     ཞི་ཅིན་ཕིང་གིས། གཏན་འབེབས་མ་ཟིན་ནང་2035ལོར་སླེབས་སྐབས་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པར་གཞིགས་ཏེ། གཙོ་གནད་ཐོག་འབྱུང་འགྱུར་ལོ་ལྔའི་རིང་གི་བསྒྱུར་བཅོས་བྱ་ཐབས་གལ་ཆེན་བཀོད་སྒྲིག་བྱས་ཡོད་པ་དང་། ནང་དོན་བཀོད་སྒྲིག་བྱེད་པའི་ཐད་གཤམ་གསལ་གྱི་ཁྱད་ཆོས་འགའ་ལྡན་པ་སྟེ། དང་པོ། དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་པ་དང་། གཉིས་པ། ཁྱོན་ཡོངས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་གཞི་ལམ་སྲོལ་འཛུགས་རྒྱུར་མཐོང་ཆེན་བྱས་པ། གསུམ་པ། ཁྱོན་ཡོངས་བསྒྱུར་བཅོས་ལ་མཐོང་ཆེན་བྱས་པ། བཞི་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་འགྱུར་འཆར་འགོད་བྱ་རྒྱུར་མཐོང་ཆེན་བྱས་པ། ལྔ་པ། ཏང་གིས་བསྒྱུར་བཅོས་ལ་འགོ་ཁྲིད་བྱ་རྒྱུར་མཐོང་ཆེན་བྱས་པ་བཅས་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


琼鹏丁青
丁青县官微,发布丁青政务信息、经济发展、民生服务、文化旅游等新闻资讯,全方位宣传丁青的新气象、新变化、新面貌和新展望,展示丁青人的时代风采。
 最新文章