༄༅༎ སྟེང་ཆེན་རྫོང་ནགས་ཚལ་མེ་ཟོན་ལས་དོན་ཡག་པོ་སྒྲུབ་པ།

民生   2024-10-14 15:46   西藏  

ནགས་ཚལ་མེ་ཟོན་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། མང་ཚོགས་ཀྱི་ནགས་ཚལ་མེ་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད་སྟེང་ཆེན་རྫོང་གིས་"མི་དམངས་རྩ་བར་འཛིན་པ་དང་། སྔོན་འགོག་གཙོ་བོར་བྱེད་པ། མེ་གསོད་ཧུར་ཐག་བྱེད་པ། གནོད་འཚེ་ནུས་ལྡན་ངང་སེལ་བ་"སོགས་ཀྱི་བྱེད་ཕྱོགས་གཞིར་བཟུང་ནགས་ཚལ་མེ་ཟོན་གྱི་རྩ་བ་དེ་དམ་པོར་བཟུང་ནས་ཐབས་མང་མཉམ་སྤྱོད་ཀྱིས་ནགས་ཚལ་མེ་ཟོན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་རེད།

མིག་སྔར། སྐམ་ཤས་ཆེ་བ་དང་རླུང་ཡོད་པའི་གནམ་གཤིས་ལ་དམིགས་ནས་མེ་སྐྱོན་ཉེན་ཁའི་རིམ་པ་མཐོ་བ་དང་། ནགས་ཚལ་མེ་སྐྱོན་ཉེན་ཁའི་རིམ་པ་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། ནགས་ཚལ་མེ་སྐྱོན་ཐོན་རྒྱུ་སྔོན་འགོག་ནུས་ལྡན་བྱ་ཆེད་སྟེང་ཆེན་རྫོང་ནགས་ཚལ་མེ་ཟོན་བཀོད་འདོམས་པུས་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཐབས་ལམ་སྣ་ཚོགས་བརྒྱུད། ནགས་ཚལ་མེ་ཟོན་དྲིལ་བསྒྲགས་རྒྱ་ཁྱབ་བརྡ་སྦྱོར་སྦྱར་ནས་རླུང་འཕྲིན་དང་བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་ལས་སྟེགས་སྤྱད་དེ་ནགས་ཚལ་མེ་ཟོན་གྱི་ཤེས་བྱ་དང་བཅའ་ཁྲིམས། ཁྲིམས་སྲོལ་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཡོད། མང་ཚོགས་ཚོས་ནགས་ཚལ་མེ་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ་མེ་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་རྟོགས་ངང་ནགས་ཚལ་མེ་ཟོན་གྱི་གཏན་འབེབས་ལ་བརྩི་སྲུང་ཞུས་ནས། ནགས་ཁུལ་དུ་སྐྱོད་སའི་ལམ་མདོ་གཙོ་བོར་མེ་ཟོན་ཞིབ་བཤེར་གཱ་བཟོས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་དང་རྐང་ཐང་བར་ཞིབ་བཤེར་བྱས་ཏེ་མེ་སོན་ཉེན་ཆས་འཁྱེར་ནས་ནགས་ཁུལ་དུ་བསྐྱོད་རྒྱུ་གཏན་འགོག་བྱས་ནས་མེ་སྐྱོན་སྔོན་འགོག་ནན་པོ་བྱེད་པ་དང་མེ་ཁུངས་མཐའ་དག་རི་ནང་དུ་འཛུལ་རྒྱུ་གཏན་འགོག་བྱེད་དགོས།

གཏམ་སྟོད་ཤང་ནགས་ཁུལ་དུ་སྐྱོད་སྐབས། ནགས་སྲུང་བ་ཚོས་སྒྲིག་ཆས་ལེགས་སྒྲིག་བྱས་ནས་རྒྱུན་གཏན་གྱི་ནགས་ཁྲོད་དུ་སྐོར་གཡེང་བྱེད་འགོ་འཛུགས་རྩིས་བྱེད་བཞིན་ཡོད་པ་དང་། ནགས་སྲུང་བ་ཞིག་ཡིན་པའི་ངོས་ནས་ཁོང་ཚོས་ནགས་སྲུང་བའི་ལས་གོས་གྱོན་ནས་དུས་ཐོག་ཏུ་ནགས་ཁྲོད་དུ་བསྐྱོད་པ་དང་། ནགས་རིའི་ཁྲོད་ཀྱི་མཁའ་དབུགས་ཧ་ཅང་གཙང་ལ། བྱེའུ་ཡི་སྐད་སྒྲས་ཁེངས་བཞིན་ཡོད། འོན་ཀྱང་ཁོ་ཚོས་མཛེས་ལྗོངས་འདི་ལ་རོལ་མྱོང་བྱེད་ཁོམ་མེད་པར་མིག་མདངས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་རྩེ་གཅིག་སྒྲིམ་གྱིས་ཕྱོགས་བཞིར་བལྟ་དགོས་ཀྱི་ཡོད། ཁོང་ཚོ་འགྲོ་ཞོར་དུ་ཤིང་སྡོང་སྐྱེ་ཚུལ་དང་ནད་འབུའི་གནོད་འཚེ་ཡོད་མེད་དང་དེ་བཞིན་ཁྲིམས་འགལ་ངང་ཤིང་གཅོད་པ་དང་རྔོན་རྒྱག་པ་སོགས་ནགས་ཚལ་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཡོད་མེད་ལ་ལྟ་ཞིབ་ཞིབ་ཕྲ་བྱེད་ཀྱི་ཡོད། ཁོ་ཚོ་ནགས་ཚལ་གྱི་བར་དུ་བརྒྱུད་ཅིང་། དུས་དང་རྣམ་པ་ཀུན་ཏུ་ནགས་ཚལ་གྱི་འགུལ་རྣམ་ལ་དོ་སྣང་བྱེད་པ་དང་། ཁོ་ཚོའི་མིག་མདངས་བློ་རྩེ་གཅིག་སྒྲིམ་དང་ཚོར་བ་སྐྱེན་པས་གནད་དོན་ཡོད་སྲིད་པའི་གྲུ་ཟུར་གང་ཡང་མི་གཏོང་།

ཉིན་དགུང་གི་དུས་སུ་ནགས་སྲུང་བ་ཚོས་བསིལ་གྲིབ་ཕོག་པའི་ས་ཆ་ཞིག་བཙལ་ནས་མར་བསྡད་དེ་རང་ཉིད་ཀྱིས་འཁྱེར་ཡོང་བའི་སྐམ་ཟས་བཟའ་བ་དང་། སྟབས་བདེ་བའི་གུང་ཟས་ཀྱི་རྗེས་སུ་ངལ་གསོ་མ་བྱས་པར་མུ་མཐུད་ལས་ཀ་ལ་བྲེལ་བཞིན་ཡོད། ཁོང་ཚོས་རང་ཉིད་ཀྱི་ཕྲག་ཐོག་ཏུ་འཁུར་བའི་འགན་འཁྲི་ལྕི་པོ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད་པས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་ཀྱི་མེད།

ནགས་ཚལ་མེ་ཟོན་གྱི་འགན་འཁྲི་རི་བོ་ཐའེ་ཧྲན་ལས་ལྕི་བ་ཡོད། སྟེང་ཆེན་རྫོང་གིས་ནགས་ཚལ་མེ་ཟོན་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྔོན་འགོག་ཚོད་འཛིན་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་སྟེ་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད་འདུག

琼鹏丁青
丁青县官微,发布丁青政务信息、经济发展、民生服务、文化旅游等新闻资讯,全方位宣传丁青的新气象、新变化、新面貌和新展望,展示丁青人的时代风采。
 最新文章