ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་ཚང་མས་ཤེས་པར་བྱེད་དགོས།

民生   2024-09-18 09:36   西藏  

    ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གལ་འགངས་ཆེ་བའི་ལྷུ་ཚིགས་ནི་གཞི་རིམ་དུ་སྒྲོག་འགྲེལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབསནང“སྒྲོག་འགྲེལ་གྱི་གོ་སྐོན་བློ་འགུག་གི་ནུས་པ་དང་། མཉམ་འདྲེས་ཀྱི་ནུས་ཤུགས། དམིགས་སའི་རང་བཞིན། ཕན་ནུས་རང་བཞིན་བཅས་ཆེ་རུ་འགྲོ་བར་ཤུགས་རྒྱག་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གསལ་པོ་བཤད་ནས་མང་ཚོགས་ཚོས་གོ་ཐུབ་པ་དང་། གོ་བ་ལོན་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་བྱེད་དགོས”ཞེས་བཏོན་ཡོད། དེས་ན། རྒྱ་ཆེའི་གཞི་རིམ་སྒྲོག་འགྲེལ་ལས་དོན་པ་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་སྒྲོག་འགྲེལ་ལས་དོན་ཐད་བཏོན་པའི་བླང་བྱ་ཁ་གསལ་ལག་བསྟར་དོན་འཁྱོལ་བྱེད་པ། བྱེད་ཐབས་གསར་གཏོད་ཧུར་ཐག་བཅས་བྱས་ཏེ་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་སྐོར་གསལ་འགྲེལ་བྱེད་དགོས།

    གོ་སྐོན་བློ་འགུག་གི་ནུས་པ་དང་མཉམ་འདྲེས་ཀྱི་ནུས་ཤུགས་ཆེ་རུ་གཏོང་དགོས་ཤིང་། གཞི་རིམ་མང་ཚོགས་ལ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་སྐབས། ཅི་འཕྲོས་མོལ་འཕྲོས་བྱེད་ཀྱིན་གནས་ལུགས་བརྗོད་པ་དང་ཕལ་སྐད་ནས་རིགས་པའི་གཞུང་ལུགས་གསལ་པོ་ཤོད་པ་དང་། མང་ཚོགས་ཀྱིས་གོ་ཐུབ་པའི་མི་སེམས་འགུལ་བའི་གཏམ་རྒྱུད་དང་ཉེ་འགྲམ་གྱི་གཏམ་རྒྱུད་མང་ཙམ་གླེང་བ། ཡུལ་སྐད་དང་མི་སེམས་ལ་སྐུལ་ལྕག་ཐེབས་པའི་མང་ཚོགས་ཀྱི་སྐད་ཆ་མང་ཙམ་ཤོད་པ། གོ་སླ་བའི་སྐད་ཆ་དང་། གསོན་ཉམས་ལྡན་པའི་དཔེ། མི་སེམས་འགུལ་བའི་གྲངས་གཞི་བཅས་ཀྱི་སྒོ་ནས་གོ་སྐོན་བློ་འགུག་དང་མཉམ་འདྲེས་ཀྱི་ནུས་ཤུགས་ཆེ་རུ་བཏང་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེར་ཁྲོད་ཁྱབ་པར་བྱེད་དགོས།

    དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་དགོས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་པར། སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཡོངས་ཞིབ་ཚགས་ཡོང་བ་བྱེད་དགོས་ལ། གཙོ་གནད་འབུར་དུ་ཐོན་པ་དང་འགག་རྩ་དམ་འཛིན་བྱེད་པ་དང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་ཧུར་ཐག་གཏོང་དགོས་ཞེས་བཏོན་ཡོད། དེ་ནི་བརྟག་ཞིབ་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ཀྱི་དོགས་གཞི་དང་ཐག་གཅོད་བྱེད་དགོས་ངེས་ཀྱི་གནད་དོན་ཤེས་རྟོགས་དང་། སྒྲོག་འགྲེལ་གྱི་གཙོ་གནད་དང་ནང་དོན་གཏན་འཁེལ་བྱས་ཏེ་ཀྲུང་དབྱང་གི་བླང་བྱ་ཁོང་དུ་ཧུར་ཐག་ཆུད་པ་དང་གཞི་རིམ་གྱི་དགོས་མཁོ་ཤེས་རྟོགས་གང་ལེགས་བྱས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས་སྒྲོག་འགྲེལ་བྱེད་དགོས་པའི་བླང་བྱ་བཏོན་པ་ཞིག་རེད།



琼鹏丁青
丁青县官微,发布丁青政务信息、经济发展、民生服务、文化旅游等新闻资讯,全方位宣传丁青的新气象、新变化、新面貌和新展望,展示丁青人的时代风采。
 最新文章