༄༅། །གྲོང་ཁྱེར་ནང་ཁོངས་ལ་རླངས་འཁོར་གང་བྱུང་འཇོག་མི་རུང་།

民生   2024-07-12 23:32   西藏  
   ༄༅། །གྲོང་ཁྱེར་ནང་ཁོངས་ལ་རླངས་འཁོར་གང་བྱུང་དུ་འཇོག་པ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་བརྡ་ཁྱབ།
རང་རྫོང་གི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲོང་ཁྱེར་ནང་ཁོངས་ཀྱི་འགྲིམ་འགྲུལ་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་ནས། ཤེས་དཔལ་དང་ཤར་གཏོང་།  གོ་རིམ་ལྡན་པའི་འགྲིམ་འགྲུལ་ཁོར་ཡུག་གཏོད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་།  སྟེང་ཆེན་རྫོང་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུད་དང་སྟེང་ཆེན་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གཉིས་ཀྱི་ཟླ་7པའི་ཚེས་10ཉིན་ནས་བཟུང་མཉམ་འབྲེལ་ཐོག་གྲོང་ཁྱེར་ནང་ཁོངས་ཀྱི་རླངས་འཁོར་(འཕྲུལ་སྒུལ་མིན་པའི་འཁོར་རིགས་ཚུད་པ་གཤམ་མཚུངས་)གང་བྱུང་དུ་འཇོག་པ་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུ།  ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་གཏོང་རྒྱུ་གཤམ་ལྟར།   
གཅིག བཅོས་སྒྲིག་དུས་ཚོད།  
2024ལོའི་ཟླ་7པའི་ཚེས་10ཉིན་ནས། 2024ལོའི་ཟླ་8པའི་ཚེས་25ཉིན་བར།  

གཉིས། བཅོས་སྒྲིག་ཁྱབ་ཁོངས།  

གྲོང་ཁྱེར་ནང་ཁོངས་ཀྱི་འཕྲུལ་སྒྲུལ་མིན་པའི་འཁོར་རིགས་ཀྱི་འགྲོ་ལམ་དང་མི་འགྲོ་སའི་ལམ།

གསུམ། བཅོས་སྒྲིག་ནང་དོན།

1.འཕྲུལ་སྒྲུལ་འཁོར་རིགས་དང་འཕྲུལ་སྒྲུལ་མིན་པའི་འཁོར་རིགས་(གློག་སྒུལ་རྐང་གསུམ་འཁོར་ལོ། གློག་སྒུལ་རྐང་བཞི་འཁོར་ལོ། )གཏན་འབེབས་ལྟར་རླངས་འཁོར་འཇོག་སའི་ནང་མ་འཇོག་པ།  

2.འཕྲུལ་སྒྲུལ་མིན་པའི་འཁོར་ལམ་འམ་ཡང་ན་སྤྱི་པའི་ས་ཁོངས་གཞན་དག་བཟུང་སྤྱོད་བྱས་ནས་རླངས་འཁོར་ཚོང་བ་དང་ཉམས་གསོ། བཀྲུ་བ་དེ་བཞིན་གཞུང་ལམ་བཟུང་སྤྱོད་བྱས་ནས་བྱ་སྤྱོད་གཞན་དག་སྤེལ་རིགས།   

3.ཞིང་ཟོག་ཁྲོམ་ར་དང་སྨན་ཁང་། ཚོང་ར། སྤྱི་གླིང་། ཐང་ཆེན། སྔོ་ལྗང་ཁུལ།  སྡོད་ཁང་ཁུལ་གྱི་ཐོན་སྒོ་དང་འཛུལ་སྒོ། མེ་གསོད་འགྲོ་ལམ་སོགས་དང་གཞན་དག་བྲོས་ལམ་དང་ཉེན་མེད་འགྲིམ་སྒོ་ལ་ཤུགས་རྐྱེན་བཟོ་བའི་རིགས།  

4.འཕྲུལ་སྒྲུལ་མིན་པའི་འཁོར་རིགས་གཏོང་སྐབས་བདེ་སྲུང་ཞྭ་མོ་གྱོན་མེད་པ།  

5.གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་འཇོག་ས་བཟུང་ནས། ཡུན་རིང་བཞག་པའི་བེད་མེད་རླངས་འཁོར།

6.གཏན་འབེབས་ལྟར་མི་འཇོག་པའི་རླངས་འཁོར་གཞན་དག་བརྡ་ཁྱབ་འདིའི་གཏན་འབེབས་ལས་འགལ་ཏེ། རླངས་འཁོར་འཇོག་ས་(ལམ་ཐིག་ནང་)རླངས་འཁོར་མི་འཇོག་པ་དང་རླངས་འཁོར་འཇོག་སའི་མཛུབ་སྟོན་མཚོན་རྟགས་ལྟར་རླངས་འཁོར་མི་འཇོག་པའི་བྱ་སྤྱོད་ཚང་མ་《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་》ཀྱི་དོན་ཚན་ང་དྲུག་པ་དང་《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་》གི་དོན་ཚན་རེ་གསུམ་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ན། གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུད་ཀྱིས་གྲོང་ཁྱེར་སྤྱེ་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་མཉམ་འབྲེལ་བྱས་ཏེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཉེས་ཆད་གཅོད་རྒྱུ།   


སྟེང་ཆེན་རྫོང་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུད།

སྟེང་ཆེན་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉིང་ལག་རུ་ཁག

琼鹏丁青
丁青县官微,发布丁青政务信息、经济发展、民生服务、文化旅游等新闻资讯,全方位宣传丁青的新气象、新变化、新面貌和新展望,展示丁青人的时代风采。
 最新文章