微信支付百万保障是一项默认开通且完全免费的保险服务。然而,近期有不法分子针对部分用户,尤其是中老年人群体,利用他们对这一服务的不熟悉, 以“百万保障到期需缴费续保”或“关闭自动扣费”等借口设下圈套,实施诈骗。
为保护用户的合法权益,微信团队将继续加强对此类诈骗行为的打击。对于上述违法行为,经核实确认后,我们将依据国家相关法律法规及《腾讯微信软件许可及服务协议》《微信个人账号使用规范》,根据违规严重程度对相关账号进行阶梯式处罚。
微信安全中心提醒大家:微信支付百万保障永久免费,只要使用微信支付即可享受。无“到期”“过期”等说法,不会要求“缴费续保”,更不会影响征信。凡是提及“到期续保、开通需缴费、客服协助取消”等均为诈骗,请勿轻信。
同时,平台也在微信支付百万保障相关页面设置了反诈提醒,用户可以通过【客户端-我-服务-钱包-消费者保护-安全保障-百万保障】了解更多信息。
1.警惕仿冒客服的诈骗手法。微信团队不会通过FaceTime联系用户,请大家谨慎接听陌生来电,以防上当受骗。
2.不对外泄露重要信息。涉及录入账号密码、验证码、转账汇款等敏感操作时,务必保持高度警惕。
3.发现诈骗行为及时举报。若在微信平台内发现诈骗信息,可通过微信客户端或腾讯卫士小程序进行投诉举报。སྐད་འཕྲིན་ཐོག་སྒོར་མོ་ཁྲི་བརྒྱ་ཕྲག་གི་གཏོང་སྤྲོད་འགན་ལེན་ནི་རང་ལེན་ངང་ཐུབ་པ་མ་ཟད། རིན་མེད་ཀྱི་འགན་ལེན་ཞབས་ཞུ་ཞིག་ཡིན། འོན་ཀྱང་ཉེ་དུས། ཁྲིམས་འགལ་བ་ཁག་གཅིག་གིས་འགན་ལེན་དེ་ཉིད་སྤྱོད་མཁན་ཁག་གཅིག་དང་། ལྷག་པར་དུ་དར་མ་དང་རྒན་རྒོན་ཚོས་ཞབས་ཞུ་དེར་རྒྱུས་མངའ་མེད་པ་པར་དམིགས་ནས་"འགན་ལེན་དུས་ཚོད་ཐིམ་ནས་གྲོན་དངུལ་སྐྱར་འཇལ་བྱེད་དགོས་ལུགས་"དང་། ཡང་ན་"རང་འགུལ་ངང་འགན་ལེན་གྲོན་དངུལ་འཐེན་པའི་མ་ལག་སྒོ་བརྒྱབ་པ་"སོགས་ལ་ཁ་གཡར་ནས་གཡོ་ཇུས་བཤམས་ནས་ཁ་བསླུས་རྒྱག་གི་ཡོད།སྐད་འཕྲིན་བདེ་འཇགས་དྲན་སྐུལ། ༡. ཞབས་ཞུར་ཁ་གཡར་ནས་ཁ་བསླུས་རྒྱག་ཐབས་ལ་དོགས་ཟོན་བྱེད་དགོས། སྐད་འཕྲིན་ཚོགས་པས་བརྒྱུད་ནས་སྤྱོད་མཁན་ལ་འབྲེལ་བ་བྱེད་མི་སྲིད་པས་ཚང་མས་གཟབ་ནན་ངང་ཆ་རྒྱུས་མེད་པའི་ཁ་པར་ཉན་ནས་མགོ་སྐོར་འོག་མི་ཚུད་པ་བྱེད་དགོས། ༢. ཆ་འཕྲིན་གལ་ཆེན་ཕྱི་ལ་མི་གྱར་བ་བྱ་དགོས་།རྩིས་ཐོའི་ཨང་གྲངས་དང་གསང་བའི་ཨང་གྲངས།རྩིས་སྒྱུར་དངུལ་འགྲུལ་སོགས་ཚོར་སྐྱེན་བཀོལ་སྤྱོད་དང་འབྲེལ་བ་ཡོད་ཚེ་ངེས་པར་དུ་དོགས་ཟོན་ཆེན་པོ་བྱེད་དགོས།3.ཁ་བསླུས་རྒྱག་པའི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཐེར་འདོན་གོང་ཞུ་བྱེད་དགོས།གལ་ཏེ་སྐད་འཕྲིན་སྟེགས་བུའི་ནང་ཁ་བསླུས་རྒྱག་པའི་ཆ་འཕྲིན་ཤེས་རྟོགས་བྱུང་ཚེ་སྐད་འཕྲིན་མཁོ་མཁན་ཕྱོགས་སམ་ཡང་ན་ཐེང་ཤུན་སྲུང་དམག་གི་གོ་རིམ་ཆུང་ངུ་བརྒྱུད་ཞུ་གཏུག་ཐེར་འདོན་བྱེད་ཆོག སྤྱོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད། སྐད་འཕྲིན་ཚོགས་པས་ཁ་བསླུས་རྒྱག་པའི་བྱེད་སྤྱོད་དེ་རིགས་ལ་རྡུང་རྡེག་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་དང་། གོང་གསལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་དཔྱད་གཏན་འཁེལ་བྱས་རྗེས། ང་ཚོས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། དེ་བཞིན་《ཐེང་ཤུན་སྐད་འཕྲིན་མཉེན་ཆས་ཆོག་འཐུས་དང་ཞབས་ཞུའི་གྲོས་མཐུན།》《མི་སྒེར་གྱི་སྐད་འཕྲིན་རྩིས་ཐོའི་ཨང་གྲངས་བེད་སྤྱོད་ཚད་གཞི།》གཞིར་བཟུང་སྒྲིག་འགལ་ཚབས་ཆེ་ཆུང་ལ་གཞིགས་ནས་འབྲེལ་ཡོད་རྩིས་ཐོའི་ཨང་གྲངས་ལ་རིམ་པ་མི་འདྲ་བའི་ཆད་པ་གཅོད་རྒྱུ་ཡིན། སྐད་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་ཚང་མར་དྲན་བསྐུལ་ཞུ་རྒྱུར། སྐད་འཕྲིན་ཐོག་ནས་ཁྲི་བརྒྱ་ཕྲག་གཏོང་སྤྲོད་འགན་ལེན་ནི་ནམ་ཡང་རིན་པ་མི་དགོས་པར། སྐད་འཕྲིན་ཐོག་ནས་དངུལ་གཏོང་སྤྲོད་བྱས་ཚེ་ལོངས་སྤྱོད་ཐུབ་པ་མ་ཟད། "དུས་ཚོད་ཐིམ་པ་"དང་"དུས་ཚོད་ཡོལ་བ་"སོགས་ཀྱི་བརྗོད་ལུགས་མེད། "གྲོན་དངུལ་འཇལ་ནས་མུ་མཐུད་འགན་ལེན་བྱེད་དགོས་"ཞེས་པའི་བླང་བྱ་འདོན་མི་སྲིད་ལ་ཡིད་རྟོན་འདྲི་རྩད་ལ་དེ་བས་ཤུགས་རྐྱེན་ཐེབས་མི་སྲིད། གང་ལྟར་"དུས་ཚད་ཐིམ་བས་འགན་ལེན་དངུལ་སྐྱར་སྤྲོད་བྱེད་དགོས་ཞེས་པ་དང་། ཤར་གཏོང་བྱེད་པར་གྲོན་དངུལ་སྤྲོད་དགོས་པ། ཞབས་ཞུ་མེད་པར་བཟོ་རོགས་བྱེད་པ་"སོགས་བཤད་ཚེ་ཚང་མ་ཁ་བསླུས་ཡིན་པས་ཡིད་ཆེས་བྱེད་མི་རུང་། དུས་མཚུངས། སྟེགས་བུས་ཀྱང་སྐད་འཕྲིན་ཐོག་ནས་ཁྲི་བརྒྱ་ཕྲག་གཏོང་སྤྲོད་འགན་ལེན་གྱི་འབྲེལ་ཡོད་ཤོག་ངོས་ལ་གཡོ་ཐབས་ལ་ངོ་རྒོལ་བྱེད་པའི་དྲན་སྐུལ་བཀོད་སྒྲིག་བྱས་ཡོད་པས། སྤྱོད་མཁན་གྱིས་[མཁོ་མཁན་ཕྱོགས།—ང་།—ཞབས་ཞུ།—དངུལ་ཁུག—འཛད་སྤྱོད་པར་སྲུང་སྐྱོང་།—བདེ་འཇགས་འགན་ལེན།—ཁྲི་བརྒྱ་ཕྲག་འགན་ལེན།]བཅས་ཀྱི་རིམ་པ་བརྒྱུད་ནས་ཆ་འཕྲིན་དེ་བས་མང་བ་ཤེས་རྟོགས་ཐུབ་ཀྱི་ཡོད།སྐད་འཕྲིན་བདེ་འཇགས་དྲན་སྐུལ། ༡. ཞབས་ཞུར་ཁ་གཡར་ནས་ཁ་བསླུས་རྒྱག་ཐབས་ལ་དོགས་ཟོན་བྱེད་དགོས། སྐད་འཕྲིན་ཚོགས་པས་Face Timeབརྒྱུད་ནས་སྤྱོད་མཁན་ལ་འབྲེལ་བ་བྱེད་མི་སྲིད་པས་ཚང་མས་གཟབ་ནན་ངང་ཆ་རྒྱུས་མེད་པའི་ཁ་པར་ཉན་ནས་མགོ་སྐོར་འོག་མི་ཚུད་པ་བྱེད་དགོས། ༢. ཆ་འཕྲིན་གལ་ཆེན་ཕྱི་ལ་མི་གྱར་བ་བྱ་དགོས། རྩིས་ཐོའི་ཨང་གྲངས་དང་གསང་བའི་ཨང་གྲངས། དཔང་ཡིག་ཨང་གྲངས། རྩིས་སྒྱུར་བཏང་དངུལ་སོགས་ཚོར་སྐྱེན་བཀོལ་སྤྱོད་དང་འབྲེལ་བ་ཡོད་ཚེ། ངེས་པར་དུ་དོགས་ཟོན་ཆེན་པོ་བྱེད་དགོས། ༣. ཁ་བསླུས་རྒྱག་པའི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཐེར་འདོན་གོང་ཞུ་བྱེད་དགོས། གལ་ཏེ་སྐད་འཕྲིན་སྟེགས་བུའི་ནང་ཁ་བསླུས་རྒྱག་པའི་ཆ་འཕྲིན་ཤེས་རྟོགས་བྱུང་ཚེ་སྐད་འཕྲིན་མཁོ་མཁན་ཕྱོགས་སམ་ཡང་ན་ཐེང་ཤུན་སྲུང་དམག་གི་བྱེ་རིམ་ཆུང་ངུ་བརྒྱུད་ནས་ཞུ་གཏུག་ཐེར་འདོན་བྱེད་ཆོགསྐད་འཕྲིན་ཐོག་ཁྲི་བརྒྱ་ཕྲག་གཏོང་སྤྲོད་འགན་ལེན་ཁ་བསླུས་རྒྱག་ཐབས་དབྱེ་ཞིབ།
༡. ཁྲིམས་འགལ་བས་"སྐད་འཕྲིན་གཞུང་ཕྱོགས་ཀྱི་ཞབས་ཞུ་བ་"ཡིན་ཁུལ་བྱས་ནས་གནོད་འཚེ་ཕོག་མཁན་ལ་ཁ་པར་རྒྱག་པའམ་ཡང་ན་" FaceTime”ཡི་ནུས་པ་སྤྱད་དེ་“ios”མ་ལག་ལ་བརྙན་ལམ་ནས་ཁ་བརྡ་བྱེད་འགོ་བརྩམས་ཀྱི་ཡོད།
༢. སྐད་འཕྲིན་ནས་སྒོར་ཁྲི་བརྒྱ་གཏོང་སྤྲོད་འགན་ལེན་དུས་ཚོད་ཐིམ་པ་མ་ཟད་རིན་མི་དགོས་པར་སྤྲོད་རྒྱུ་མིན་ཞེས་རྫུན་བཤོད་པ་དང་། གལ་ཏེ་དུས་ཐོག་ཏུ་མེད་པ་མ་བཟོས་ཚེ་རང་འགུལ་ངང་དངུལ་འཐེན་པ་མ་ཟད་"ཡིད་རྟོན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་"ཅེས་སྤྱོད་མཁན་ལ་འཇིགས་སྣང་སྐུལ་གྱི་ཡོད།
༣. དེ་རྗེས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་སྤྱོད་མཁན་ལ་རྩིས་སྒྱུར་བྱ་རྒྱུའི་འཇམ་ཁྲིད་བྱས་ཏེ་ཁ་བསླུས་བརྒྱབ་པ་སྟེ།
A. སྤྱོད་མཁན་ལ་དམིགས་འཛུགས་རྩིས་ཁྲའི་ནང་རྩིས་སྒྱུར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་"འགན་ལེན་དངུལ་"དུ་བརྩིས་ནས་དངུལ་བརྒྱབ་རྗེས་ཁ་དན་འཛིན་ཡིག་མེད་པ་བཟོ་རྒྱུའི་ཁས་ལེན་བྱས་པ་དང་། བཀོལ་སྤྱོད་ལེགས་གྲུབ་ཟིན་རྗེས་དངུལ་རང་འགུལ་ངང་ཕྱིར་སློག་བྱ་རྒྱུ་ཡིན་ཞེས་བརྗོད་པ་ཀྱི་ཡོད།
B. སྤྱོད་མཁན་གྱིས་"བརྙན་ཤེལ་མཉམ་སྤྱོད་"ཀྱི་ནུས་པ་འདོན་རྒྱུར་ཁྲིད་སྟོན་བྱས་ཏེ་སྤྱོད་མཁན་གྱིས་ལག་ཐོགས་ཁ་པར་ཐོག་རྩིས་སྒྱུར་བཀོལ་སྤྱོད་བྱ་རྒྱུར་མཛུབ་ཁྲིད་བྱེད་པ།
C. སྤྱོད་མཁན་ལ་དམིགས་འཛུགས་བྱས་ཏེ་Appཕབ་ལེན་བྱེད་པར་ཁྲིད་སྟོན་བྱེད་པ་མ་ཟད། Appཐོག་ངོ་འཁྲུད་ར་སྤྲོད་དང་། འཕྲིན་ཐུང་ར་སྤྲོད་ཨང་གྲངས་མཁོ་འདོན་བྱེད་པ་སོགས་ཀྱི་བཀོལ་སྤྱོད་བྱས་ཏེ། དངུལ་ཁང་བྱང་བུའི་ནང་གི་མ་དངུལ་རྐུ་ལེན་བྱེད་པ།
D. སྤྱོད་མཁན་ལ་དངོས་པོ་ཉོ་སའི་མཉེན་ཆས་ཕབ་ལེན་དང་རིན་གོང་མཐོ་བའི་རྒྱས་སྤྲོས་དངོས་རྫས་ཉོ་བར་སྣེ་ཁྲིད་བྱེད་པ་མ་ཟད། རེ་བ་ལྟར་ཁ་སྐོང་དུ་འཇུག་ཀྱི་ཡོད།
དམིགས་འཛུགས་བྱས་པའི་སྦྲག་བསྐུར་ས་གནས་འབྲི་དགོས། བྱེད་སྟངས་འདི་ནི་བརྒྱུད་རིམ་ཁོ་ནར་མཁོ་བ་ལས་དངོས་སུ་དངོས་པོ་བསྐུར་མི་སྲིད་པ་དང་། སྤྲད་པའི་སྒོར་མོ་ཡང་ཚང་མ་ཕྱིར་སྤྲོད་བྱེད་ཀྱི་ཡོད།
汉语来源:昌都发布