ཁུལ་ཆུང་ནང་གནས་ཚུལ་འདི་རིགས་ཐོན་ཚེ། འདིར་ཁ་པར་རྒྱོབ་དང་།

民生   2024-06-20 17:29   西藏  

   ཁུལ་ཆུང་གི་རྩྭ་རྩི་ཤིང་ནི་ཁང་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་དང་དོ་བདག་གི་འཚོ་བའི་སྤུས་ཚད་དང་ལུས་སེམས་ཀྱི་བདེ་ཐང་འབྲེལ་བ་ཤིན་ཏུ་ཆེ། གལ་ཏེ་དུས་ཐོག་ཏུ་སྲུང་སྐྱོང་མ་བྱས་པ་དང་སྲུང་སྐྱོང་ཡག་པོ་མ་བྱུང་ཚེ་ཁུལ་ཆུང་གི་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་པ་མ་ཟད། ཁུལ་ཆུང་དུ་སྡོད་མཁན་དོ་བདག་གི་ཁེ་ཕན་ལའང་གནོད་འཚེ་ངེས་ཅན་ཞིག་བཟོ་སྲིད།

གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ནས་ཤེས་རྟོགས་བྱས་པར། མི་སྡོད་ཁུལ་གྱི་རྩྭ་རྩི་ཤིང་དེ་གྲོང་ཁྱེར་སྔོ་འགྱུར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཚན་པ་དང་མི་སྒེར་གང་རུང་ཞིག་གིས་རང་དགར་མི་སྡོད་ཁུལ་གྱི་རྩྭ་རྩི་ཤིང་ལ་འགྱུར་ལྡོག་གཏོང་མི་རུང་ལ། རང་དགར་རྩ་སྤོས་རྒྱག་པ་དང་། གཅོད་པ་དང་དེ་བཞིན་གཏོར་སྐྱོན་གཏོང་བ་སོགས་བྱེད་མི་རུང་།

ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ལི་ལི་ལེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།《ལྷ་ས་གྲོང་ཁྱེར་གྱི་སྔོ་འགྱུར་སྲོལ་ཡིག》གི་གཏན་འབེབས་ལྟར་ན། གསར་དུ་བསྐྲུན་པའི་མི་སྡོད་ཁུལ་གྱི་རྩྭ་རྩི་ཤིང་གི་ཚད་གཞི་35%ལས་མི་དམའ་བ་དང་ཁུལ་ཆུང་རྙིང་པ་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་རྩྭ་རྩི་ཤིང་གི་ཚད་གཞི་25%ལས་མི་དམའ་བ་བྱེད་དགོས། མི་སྡོད་ཁུལ་གྱི་དོ་བདག་གམ་ཡང་ན་དོ་བདག་གིས་མངགས་པའི་སྡེ་ལས་ཞབས་ཞུ་བ་དང་དོ་དམ་མི་སྣ་གཞན་དག་གིས་སྡོད་ཁུལ་གྱི་རྩྭ་རྩི་ཤིང་ལ་གཡོག་བྱེད་པའི་འགན་འཁུར་དགོས།

《ལྷ་ས་གྲོང་ཁྱེར་གྱི་སྔོ་འགྱུར་སྲོལ་ཡིག》གི་དོན་ཚན་སོ་བརྒྱད་ནང་གཏན་འབེབས་བྱས་དོན། ཆོག་མཆན་མ་ཐོབ་པར་གྲོང་ཁྱེར་གྱི་རྩྭ་རྩི་ཤིངརང་དགར་བཟུང་རིགས་ལ་གྲོང་ཁྱེར་སྔོ་འགྱུར་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་དུས་བཀག་ནང་རྩྭ་རྩི་ཤིངསྔར་ཡོད་ལྟར་སླར་གསོ་བྱེད་དགོས་པའི་བཀའ་གཏོང་དགོས་པ་དང་སྒོར་ལྔ་སྟོང་ཡན་ནས་སྒོར་ཁྲི་གཅིག་མན་གྱི་དངུལ་ཆད་མཉམ་དུ་གཅོད་ཆོག གྱོང་གུན་བཟོས་རིགས་ལ་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས།

དོན་ཚན་སོ་དགུ་པའི་ནང་གཏན་འབེབས་བྱས་དོན། གྲོང་ཁྱེར་ནང་གི་ཤིང་སྡོང་རང་དགར་རྩ་སྤོས་བརྒྱབ་རིགས་ལ་གྲོང་ཁྱེར་སྔོ་འགྱུར་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་དགོས། དུས་བཀག་ནང་ཡོ་བསྲང་མ་བྱས་ཚེ་རྩ་སྤོས་བརྒྱབ་པའི་ཤིང་སྡོང་རིན་གོང་གི་ལྡབ་གཅིག་གི་དངུལ་ཆད་མཉམ་དུ་གཅོད་ཆོག

དོན་ཚན་བཞི་བཅུ་པའི་ནང་གཏན་འབེབས་བྱས་དོན། གྲོང་ཁྱེར་ནང་གི་ཤིང་སྡོང་རང་དགར་བཅད་རིགས་ལ་གྲོང་ཁྱེར་སྔོ་འགྱུར་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་དུས་བཀག་ནང་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་དགོས་པའི་བཀའ་གཏོང་དགོས། བཅད་ཟིན་པའི་ཤིང་སྡོང་རིན་ཐང་གི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་གྱི་དངུལ་ཆད་མཉམ་དུ་གཅོད་ཆོག གྱོང་གུན་བཟོས་རིགས་ལ་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས། སྡོང་གཞུང་གཅོད་པ་དང་ཡལ་གཅོད་བྱེད་རིགས་ལ་གོང་གི་གཏན་འབེབས་ལྟར་ཆད་པ་གཅོད་ཆོག

དོན་ཚན་ཞེ་གཅིག་པའི་ནང་གཏན་འབེབས་བྱས་དོན། གྲོང་ཁྱེར་གྱི་སྔོ་འགྱུར་སྒྲིག་བཀོད་གཏོར་སྐྱོན་བཏང་རིགས་ལ་གྲོང་ཁྱེར་སྔོ་འགྱུར་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་དུས་བཀག་ནང་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་དགོས་པའི་བཀའ་གཏོང་དགོས་པ་དང་། སྒོར་ལྔ་བརྒྱ་ཡན་ནས་ཆིག་སྟོང་མན་གྱི་དངུལ་ཆད་མཉམ་དུ་གཅོད་ཆོག གྱོང་གུན་བཟོས་རིགས་ལ་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས།

གཞན་ཡང་། གསར་འགོད་པར་ཤེས་རྟོགས་བྱུང་བར། ཁུལ་ཆུང་གི་རྩྭ་རྩི་ཤིངལ་གཏོར་སྐྱོན་ཕོག་པ་དང་། ཁུལ་ཆུང་གི་རྩྭ་རྩི་ཤིངགི་རྒྱ་ཁྱོན་ཚད་གཞི་མ་ལོན་པ། ཁུལ་ཆུང་གི་རྩྭ་རྩི་ཤིང་ལ་ཡལ་གཅོད་བྱས་དྲགས་པ་སོགས་ཀྱི་གནད་དོན་འཕྲད་སྐབས་གྲོང་མི་ཚོས་ལྷ་སའི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར12345དང་གྲོང་ཁྱེར་དོ་དམ་གྱི་ཐད་སྦྲེལ་ཁ་པར12319བརྒྱབ་ནས་སྙན་སེང་ཞུ་ཆོག


琼鹏丁青
丁青县官微,发布丁青政务信息、经济发展、民生服务、文化旅游等新闻资讯,全方位宣传丁青的新气象、新变化、新面貌和新展望,展示丁青人的时代风采。
 最新文章