༄༅།།རྫོང་ཡོངས་ཀྱི་གུང་ཁྲན་ཏང་ཡོན་ལ་སྤྲིངས་པའི་འཕྲིན་ཡིག

民生   2024-06-30 18:09   西藏  

དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག་བཅས་བྱེད་དགོས།

རྫོང་ཡོངས་ཀྱི་ཏང་ཡོན་རྣམས་པ།

གསར་བརྗེའི་ཟླ་བདུན་པར། ཏང་དར་ལྷབ་ལྷུབ་ཏུ་གཡོ་བ་དང་། ཏང་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་བའི་སྐབས་འདིར། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་103འཁོར་བའི་འཁྲུངས་སྐར་བསུ་བ་དང་། དེར་བརྟེན་ཀྲུང་གུང་སྟེང་ཆེན་རྫོང་ཨུད་རྩ་འཛུགས་པུའུ་ཡིས་རྫོང་ཡོངས་ཀྱི་འཐབ་ཕྱོགས་ཁག་ཏུ་ཡུན་རིང་འབད་འཐབ་བྱེད་མཁན་ཏང་རྩ་འཛུགས་རིམ་པ་ཁག་དང་།  རྒྱ་ཆེའི་གུང་ཁྲན་ཏང་ཡོན། ཏང་གི་ལས་དོན་སྒྲུབ་མཁན་བཅས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ། སྟེང་ཆེན་རྫོང་གི་ཏང་འཛུགས་སྐྱོང་ལས་དོན་དང་རྩ་འཛུགས་ལས་དོན་བྱ་གཞག་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ངང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

103ཐུན་མོང་མ་ཡིན་པའི་ལོ་ཟླ། 103འོད་སྟོང་འབར་བའི་ལོ་རྒྱུས། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་བྱས་ཏེ། སྔོན་སྐྱོད་རྗེས་མཐུད་དང་དཔའ་ངར་ཆེན་པོས་འབད་འཐབ་བྱས་ནས།  མི་རིགས་རང་བཙན་དང་།  མི་དམངས་བཅིངས་འགྲོལ།  རྒྱལ་ཁབ་སྟོབས་འབྱོར་ལྡན་པ་བཅས་མངོན་འགྱུར་བྱུང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཐོག་ཆེས་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་བརྩམས་ཤིང་། སྤོབས་པ་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུཌ་སྐྲུན་བྱེད་པའི་ལོ་ངོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིཌ་འབེན་གྱི་ཕྱོགས་སུ་སྐྱོད།

དཀའ་ངལ་མི་འཛེམ་པར་མདུན་སྐྱོད་བྱས་ཏེ། བློ་སེམས་གཅིག་མཐུན་གྱིས་ལེའུ་གསར་རྩོམ། ཉེ་བའི་ལོ་ཤས་རིང་རྫོང་ཨུད་ཀྱི་སྲ་བརྟན་འགོ་ཁྲིད་འོག  རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་།  གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  "དོན་ཆེན་བཞིར་"དམིགས་པ་དང་། སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུ་དམིགས་ནས།"འཛུགས་གཏོད་བཞི་"དང་"མདུན་གྲལ་དུ་སླེབས་ཐུབ་པ་བྱ་རྒྱུཞི་"དམིགས་ནས།  ཏང་གི་བྱ་གཞག་ལ་ལྷག་བསམ་རྣམ་དག་ཚད་མེད་བྱེད་པ་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས། ལྟེ་བར་དམིགས་པ་དང་།  ཁྱོན་ཡོངས་ལ་ཞབས་ཞུ།  མཐུན་སྒྲིལ་ལ་འབད་འཐབ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ།     གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་སྟེང་ཆེན་ལེའུ་གསར་སྟོབས་ཤུཌ་ཡོད་རྒུས་གཏོད་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་འགན་ལེན་བྱས་ཡོད།

དཀའ་ངལ་དང་ཉེན་ཁ་ལ་མི་སྐྲག་པ་དང་བློ་བརྟན་འགྱུར་མེད་ཀྱི་གོམ་པ་མགོ་ནས་སྤོ་བཞིན་ཡོད།    2024ལོ་ནི་གྲོང་ཨུད་ཀྱིས་གཏན་འཁེལ་བྱས་པའི་"ཏང་འཛུགས་སྐྱོང་སྲ་བརྟན་ལོ་"དང་སྤྱོད་ཚུལ་ཟབ་གཏོང་ལོ་"ཁོར་ཡུག་བཅོས་སྒྲིག་ལོ་"ཐོན་ལས་སྤུས་ཚད་མཐོར་གཏོང་ལོ་"བཅས་ཀྱི་ལོ་ཞིག་ཡིན་ལ།  ཆབ་མདོ་གྲོང་ཁྱེར་གྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་ལོ་ཞིག་ཀྱང་ཡིན་པས། རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྫོང་ཨུད་ཀྱི་"1357"གྱི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་ནས། དུས་དང་རྣམ་པ་ཀུན་ཏུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། ཕུགས་བསམ་དང་དད་སེམས་སྔར་བས་སྲ་བརྟན་དང་། དངོས་དོན་གཉེར་བའི་ལས་ཀའི་སྤྱོད་ཚུལ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་འཐབ་རྩོད་ཀྱི་སྙིང་སྟོབས་བཅས་ལ་བརྟེན་ནས།  སྤྱིར་བཏང་གི་ལས་གནས་ཐོག་གུང་ཁྲན་རིང་ལུགས་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བྱེད་པ། "གཤམ་སྐྱོདབཞི་"ཡི་ལས་ཀ་བྱེད་ཐབས་ལག་ལེན་བསྟར་ནས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ཡག་པོ་བསྟར་བ། རང་འགུལ་ངང་ནས་མི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་དཀའ་ངལ་སེལ་བ། དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ། བརྟན་ལྷིང་དང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་ཁབ་བདེ་འཇགས་དང་མི་དམངས་བདེ་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་ལ་བརྟེན་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་དགོས།  

མཇུག་ཏུ་ང་ཚོའི་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། རླབས་ཆེན་དང་། གཟི་བརྗིད་ལྡན་པ།  ཡང་དག་པ་བཅས་ཀྱི་ཀྲུང་གོའི་གུང་ཁྲན་ཏང་ལ་ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན།  རྒྱ་ཆེའི་ཏང་ཡོན་བློ་མཐུན་རྣམས་པ་སྐུ་གཟུགས་བདེ་ཐང་དང་། བྱ་བ་ལམ་འགྲོ།   ཁྱིམ་ཚང་འཆམ་མཐུན་བཅས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།  

རྩོམ་སྒྲིག་པ།  སྐལ་བཟང་ཚེ་དབང་།
 ཞུ་དག་པ།   སྒྲོལ་དཀར།

琼鹏丁青
丁青县官微,发布丁青政务信息、经济发展、民生服务、文化旅游等新闻资讯,全方位宣传丁青的新气象、新变化、新面貌和新展望,展示丁青人的时代风采。
 最新文章