དཀར་མཛེས་ཁུལ་གྱི་དར་མདོ་གྲོང་དུ་ང་ཚོས་སྨན་ཁྲིད་
སྐད་བསྒྱུར་རང་འདུན་པ་བཀོད་བསྒྲིགས་བྱས་ཡོད།
དྲིལ་སྒྲོག་པ། ཆོས་དཔལ་བཟང་པོ།
甘孜州康定市有我们的导医志愿者
讲解员:邱华绒吾
དཀར་མཛེས་ཁུལ་གྱི་དར་མདོ་གྲོང་དུ་ང་ཚོས་སྨན་ཁྲིད་སྐད་བསྒྱུར་རང་འདུན་པ་བཀོད་བསྒྲིགས་བྱས་ཡོད། མོའི་མིང་ལ་པདྨ་རིག་མཚོ་ཟེར་ཅིང་། ཞབས་ཞུའི་ཐོག་མཐའ་བར་གསུམ་དུ་རིན་མེད་ཡིན། ཡིན་ནའང་། ང་ཚོས་ནད་པ་དང་སྨན་པའི་བར་སྐད་བསྒྱུར་གྱི་ཞབས་ཞུ་སྤེལ་བ་ཙམ་ལས། ནད་གཡོག་དང་། ཅ་ལག་ཉོ་རོགས་སོགས་ཀྱི་ཐད་ཞབས་ཞུ་བསྒྲུབ་ཀྱིན་མེད། ད་དུང་དམིགས་བསལ་ཞུ་དགོས་པ་ཞིག་ལ། ང་ཚོར་དར་མདོ་རུ་སྨན་ཁྲིད་རང་འདུན་པ་གཅིག་ལས་མེད་པས། བོད་མི་ཡོད་ཚད་ཀྱི་རེ་འདོད་སྐོང་ཐུབ་པའི་ངེས་པ་མེད་ཕྱིན། སྐད་བསྒྱུར་གྱི་ཐད་ནས་དཀའ་ཁག་ཆེན་པོ་ཡོད་མཁན་ཡིན་ན་མ་གཏོགས། ཡོད་ཚད་ཀྱིས་རང་འདུན་པ་འདི་གཅིག་པོར་རེ་ཞུ་མི་བྱེད་རོགས་ཞུ་ཞུ།