དེང་རབས་གསོ་རིག་གི་རྒྱུན་སྤྱོད་བརྟག་ཆས་འགའི་ངོ་སྤྲོད།
现代医学中常用的检测仪器都有哪些?
དྲིལ་སྒྲོག་པ། ཆོས་དཔལ་བཟང་པོ།
讲解员:邱华绒吾
1.
འདས་སྒྲའི་བརྟག་འཕྲུལ་གྱི་བྱུང་དང་དེའི་ནུས་པ།
འདས་སྒྲའི་བརྟག་འཕྲུལ་ལམ་Bཁྲའོ་ནི་རྨ་ཁ་མེད་པའི་གཟུགས་གྲུབ་ལག་རྩལ་གྱི་བརྟག་བཤེར་བྱེད་ཐབས་ཤིག་ཡིན་ལ། འདར་ཚད་མཐོ་བའི་སྒྲ་རླབས་བརྒྱུད་ནས་ལུས་པོའི་ནང་གི་དོན་སྣོད་སོགས་གཟུགས་སུ་གྲུབ་པར་བྱེད་པའི་བརྟག་བཤེར་བྱེད་ཐབས་ཤིག་ཡིན་ལ།དུས་རྒྱུན་དུ་གསེས་པ་དང་མོ་ནད།བུ་བཙའ།སྙིང་ཁོག།སྐེ་རྨེན།ནུ་མ།གཅིན་ཟགས་མ་ལག་སོགས་ཀྱི་འདས་སྒྲའི་བརྟག་བཤེར་བྱ་ཐབས་ཡོད་ལ།སོ་སོས་དོན་་སྣོད་སོགས་ཀྱི་ཕྱི་དབྱིབས་ཀྱི་འགྱུར་བ་དང་།སྒྲ་རླབས་ཀྱི་ཟབ་ཚད་ལ་གཞིགས་ནས་ནད་ཡོད་མེད་བརྟག་བཤེར་བྱེད་བཞིན་ཡོད། ད་རུང་ནི་འདས་སྒྲའི་བརྟག་འཕྲུལ་གྱི་བརྟག་བཤེར་འདིར་ཞོར་སྐྱོན་འདི་རེད་ཅེས་གཏན་འཁེལ་བྱས་པ་གང་ཡང་མེད་ཟེར།
2.
བརྟོལ་མཐོང་གི་བྱུང་བ་དང་དེའི་ནུས་པ།
བརྟོལ་མཐོང་བརྟག་བཤེར་ཞེས་པ་དེ་སྤྱི་ལོ་༡༨༩༥ལོར་འཇར་མན་གྱི་དངོས་ལུགས་རིག་པ་བ་བེ་ལྱམ་ཁོན་ར་ཏི་རོན་ཆིན་(Wilhelm Conrad Röntgen)ཞེས་པས་ལྟས་དབང་གིས་གསར་རྙེད་བྱུང་བ་ཞིག་ཡིན་ལ། འཛམ་བུ་གླིང་གི་བརྟོལ་མཐོང་འདྲ་པར་ཐོག་མ་ནི་རོན་ཆིན་གྱི་ཆུང་མའི་ཕྱག་ལག་གི་འདྲ་པར་ཡིན། ཁོང་ལ་༡༩༠༡ལོར་ནོ་པེར་དངོས་ལུགས་བྱ་དགའ་ཐོབ་པ་རེད།
བརྟོལ་མཐོང་འདིའང་གཟུགས་གྲུབ་རིག་པའི་ལག་རྩལ་བརྒྱུད་ནས་བརྟག་བཤེར་བྱེད་པ་ཞིག་ཡིན་ལ། འདི་ནི་གཙོ་བོ་མི་ལུས་ཀྱི་ནང་ཁོག་ལ་བརྟག་པའི་ལག་ཆ་སྔ་ཤོས་ཤིག་ཡིན་ཞིང་། ལྷག་པར་དུ་རུས་པ་དང་། ཕུང་གྲུབ་སྙི་མོ་ཁ་ཅིག་ལ་བརྟག་པར་ཤིན་ཏུ་བཟང་།
བརྟོལ་མཐོང་འདི་ནི་གློག་གྱེས་རྡུལ་གྱི་འཕྲོ་འགྱེད་བརྒྱུད་ནས་བརྟག་པར་བྱེད་པའི་ལག་ཆ་ཞིག་ཡིན་པས། དུས་ཡུན་རིང་པོ་དང་། ཐེངས་མང་པོར་བརྟག་ན་ཞོར་སྐྱོན་འབྱུང་སྲིད་ལ། ལྷག་པར་དུ་སྦྲུམ་མ་དང་ཕྲུ་གུ་ཆུང་ཆུང་ལ་ངན་སྐྲན་བསྐྱེད་པའི་ཉེན་ཁ་ཡོད་ཟེར།
3.
ཉིང་སྡུད་ལྷན་འགུལ་གྱི་ནུས་པ་དང་ཞོར་སྐྱོན་སྐོར།
སྤྱི་ལོ་1971ལོར་འཇར་མན་གྱི་དངོས་ལུགས་རིག་པ་བ་Godfrey Hounsfieldདང་ཨ་རིའི་དངོས་ལུགས་རིག་པ་བ་Allan Cormackགཉིས་ཀྱིས་གསར་གཏོད་བྱས་པ་ཞིག་ཡིན་ལ། སྤྱི་ལོ་1979ལོར། ཁོང་རྣམ་པ་གཉིས་པོར་མཉམ་དུ་འཛམ་གླིང་ནོ་པེལ་དངོས་ལུགས་བྱ་དགའ་ཐོབ་པ་རེད།
འདིས་ནི་མི་ལུས་ཀྱི་དོན་སྣོད་དང་དབང་བོ་སོ་སོར་བརྟག་ཐུབ་པར་མ་ཟད། ཁྲག་རྩ་འགྲོ་ཚུལ་དང་། དབང་རྩའི་མ་ལག། རུས་སྒྲོམ་མ་ལག་སོགས་ལ་བརྟག་ཐུབ་པ་དང་། ད་དུང་འབྲས་སྐྲན་སོགས་ཀྱི་གནས་དང་ཆེ་ཆུང་། རྣམ་པ་སོགས་ཀྱང་བརྟག་ཐུབ་ཀྱི་ཡོད།
སྤྱིར་མི་ལུས་སོ་སོར་ཕོག་པའི་འཕྲོ་འགྱེད་ཀྱི་ཞོར་སྐྱོན་མི་འདྲ་རུང་། སྤྱིར་བཏང་གི་ཟེར་མཐོང་ཡིན་ན། མི་ཞིག་གིས་ལོ་གཅིག་ལ་ཐེངས་2-3བར་བརྒྱབ་ན་བདེ་ཐང་ཡིན་པར་བཤད་ལ། གལ་ཏེ། ཤུགས་བསྣན་ཟེར་མཐོང་ཡིན་ན། ལོ་གཅིག་གི་ནང་དུ་ཐེངས་2ཡན་རྒྱག་མི་རུང་ཟེར། སྦྲུམ་མ་དང་ཕྲུ་གུ་སོགས་ཀྱིས་ནི་དགོས་གལ་ཆེན་པོ་མེད་ན། མ་བརྟག་ན་བཟང་ཞིང་། གལ་ཏེ། བརྟག་དགོས་རུང་འཕྲོ་འགྱེད་ཆུང་བ་དང་བརྟག་ཐབས་གཞན་པ་ཡིས་ཚབས་བྱས་ན་བཟང་གི། གལ་ཏེ། ཐེངས་མང་ལ་བརྟག་བཤེར་བྱས་པའམ། འཕྲོ་འགྱེད་ཚད་མཐོན་པོས་བརྟག་བཤེར་བྱས་ན། ངན་སྐྲན་བསྐྱེད་པའི་ཉེན་ཁ་ཡོད་ཟེར།
4.
ཟེར་མཐོང་གི་བྱུང་བ་དང་དེའི་ནུས་པ་དང་ཞོར་སྐྱོན།
སྤྱི་ལོ་1971ལོར་འཇར་མན་གྱི་དངོས་ལུགས་རིག་པ་བ་Godfrey Hounsfieldདང་ཨ་རིའི་དངོས་ལུགས་རིག་པ་བ་Allan Cormackགཉིས་ཀྱིས་གསར་གཏོད་བྱས་པ་ཞིག་ཡིན་ལ། སྤྱི་ལོ་1979ལོར། ཁོང་རྣམ་པ་གཉིས་པོར་མཉམ་དུ་འཛམ་གླིང་ནོ་པེལ་དངོས་ལུགས་བྱ་དགའ་ཐོབ་པ་རེད།
འདིས་ནི་མི་ལུས་ཀྱི་དོན་སྣོད་དང་དབང་བོ་སོ་སོར་བརྟག་ཐུབ་པར་མ་ཟད། ཁྲག་རྩ་འགྲོ་ཚུལ་དང་། དབང་རྩའི་མ་ལག། རུས་སྒྲོམ་མ་ལག་སོགས་ལ་བརྟག་ཐུབ་པ་དང་། ད་དུང་འབྲས་སྐྲན་སོགས་ཀྱི་གནས་དང་ཆེ་ཆུང་། རྣམ་པ་སོགས་ཀྱང་བརྟག་ཐུབ་ཀྱི་ཡོད།
སྤྱིར་མི་ལུས་སོ་སོར་ཕོག་པའི་འཕྲོ་འགྱེད་ཀྱི་ཞོར་སྐྱོན་མི་འདྲ་རུང་། སྤྱིར་བཏང་གི་ཟེར་མཐོང་ཡིན་ན། མི་ཞིག་གིས་ལོ་གཅིག་ལ་ཐེངས་2-3བར་བརྒྱབ་ན་བདེ་ཐང་ཡིན་པར་བཤད་ལ། གལ་ཏེ། ཤུགས་བསྣན་ཟེར་མཐོང་ཡིན་ན། ལོ་གཅིག་གི་ནང་དུ་ཐེངས་2ཡན་རྒྱག་མི་རུང་ཟེར། སྦྲུམ་མ་དང་ཕྲུ་གུ་སོགས་ཀྱིས་ནི་དགོས་གལ་ཆེན་པོ་མེད་ན། མ་བརྟག་ན་བཟང་ཞིང་། གལ་ཏེ། བརྟག་དགོས་རུང་འཕྲོ་འགྱེད་ཆུང་བ་དང་བརྟག་ཐབས་གཞན་པ་ཡིས་ཚབས་བྱས་ན་བཟང་གི། གལ་ཏེ། ཐེངས་མང་ལ་བརྟག་བཤེར་བྱས་པའམ། འཕྲོ་འགྱེད་ཚད་མཐོན་པོས་བརྟག་བཤེར་བྱས་ན། ངན་སྐྲན་བསྐྱེད་པའི་ཉེན་ཁ་ཡོད་ཟེར།
5.
ཕོ་ཤེལ་གྱི་བྱུང་བ་དང་དེའི་ནུས་པ་དང་ཞོར་སྐྱོན།
ཕོ་ཤེལ་ཞེས་པ་དེ་སྤྱི་ལོའི་དུས་རབས་༢༠པའི་ལོ་རབས་༥༠པའི་ནང་དུ་དབྱིན་ཇིའི་སྨན་པ་གྲགས་ཅན་Humbert R. Laheyཞེས་པས་གསར་གཏོད་བྱས་པ་ཞིག་ཡིན།
ཕོ་ཤེལ་གྱིས་མིད་པ་དང་། ཕོ་ཁ། རྒྱུ་སོར་བཅུ་་གཉིས་སོགས་ལ་བརྟག་བཤེར་བྱ་ཐུབ་ལ། ད་བར་དུ་ཕོ་ཁའི་ནང་དུ་གཉན་ཚད་དང་སུར་ཡ། འབྲས་སྐྲན་སོགས་ཡོད་མེད་བརྟག་པའི་ལག་ཆ་ཆེས་ལེགས་ཤོས་ཤིག་ཡིན་པར་བཤད།
དེ་ལའང་ཞོར་སྐྱོན་ཡོད་སྲིད་དེ། ཟུག་མེད་ཕོ་ཤེལ་ཡིན་ན། བཟི་སྨན་གྱིས་སྦྲིད་དུ་འཇུག་བཞིན་ཡོད་ལ། མི་ཞིག་གིས་ལོ་གཅིག་གི་ནང་དུ་སྦྲིད་སྨན་མང་པོ་མ་བརྒྱབ་ན་བཟང་ཞིང་། བཟི་སྨན་མ་བརྒྱབ་པའི་སྲོལ་རྒྱུན་ཕོ་ཤེལ་གྱིས་བརྟག་བཤེར་བྱེད་སྐབས་ནི་མི་བདེེ་བའི་ཚོར་བ་ཤུགས་དྲག་ཡོད་སྲིད་པ་དང་། དེའི་སྐབས་སུ་འགུལ་སྐྱོད་སོགས་བྱས་ན་རྨ་བྱེད་པ་དང་ཁྲག་ཐོན་པ་སོགས་ཀྱི་ཉེན་ཁའང་ཡོད་དོ། །
ཡིན་ནའང་། ཞོར་སྐྱོན་ཅི་འདྲ་ཡོད་རུང་། ཕོ་ཁའི་ནང་ལ་བརྟག་བཤེར་བྱ་དགོས་ན། ད་བར་དུ་དེང་རབས་གསོ་རིག་ལ་འདི་ཕྱོགས་ན་དེ་ལས་བཟང་བའི་བརྟག་ཐབས་ཤིག་མེད་ལ། ཞོར་སྐྱོན་ལའང་སེལ་མི་ཐུབ་པ་ཞིག་ཕལ་ཆེར་འབྱུང་རྒྱུ་མེད་པས། ཞོར་སྐྱོན་ཅུང་ཡོད་སྲིད་པ་ཙམ་ལ་ཁ་གཡར་ནས་བརྟག་བཤེར་མི་བྱེད་པ་ནི་ཤིན་ཏུ་མ་འོས་པ་ཞིག་ཡིན་ནོ། །
6.
གཞང་ཤེལ་གྱི་བྱུང་བ་དང་དེའི་ནུས་པ་དང་ཞོར་སྐྱོན།
གཞང་ཤེལ་ཞེས་པ་དེ་ནི་སྤྱི་ལོ་༡༩༦༩ལོར། འཇར་མན་གྱི་Hiroshi Inoueཞེས་པའི་ཚན་རིག་པ་ཞིག་གིས་གསར་གཏོད་བྱས་པར་བཤད།
གཞང་ཤེལ་ནི་གཞང་སྒོ་བརྒྱུད་ནས་ནང་དུ་འཛུལ་ཞིང་གཉེ་མ་དང་ལོང་ག། རྒྱུ་མ་སོགས་ལ་བརྟག་བཤེར་བྱེད་པའི་ལག་ཆ་ཞིག་ཡིན་ལ། དེས་གཉན་ཚད་དང་སུར་ཡ། ཤ་ལུ། འབྲས་སྐྲན་སོགས་ཡོད་མིན་དང་། ཡོད་ན། གནས་དང་ཚབས་ཆེ་ཆུང་བརྟག་ཐུབ་པར་མ་ཟད། གལ་ཏེ། སྐྲན་གཤིས་ནད་གཞི་ཡོད་ན། ནད་དཔེ་ལེན་པ་སོགས་ཀྱི་བྱ་བའང་བསྒྲུབ་ཐུབ་ཀྱི་ཡོད།
སྔོན་ཆད་བཟི་སྨན་མི་རྒྱག་པའི་དུས་སྐབས་ཡིན་ན། མི་བདེ་བའི་ཚོར་བ་མང་པོ་ཡོད་སྲིད་ལ། བརྟག་བཞིན་པའི་སྐབས་སུ་གཡོ་འགུལ་སོགས་བྱས་ན། ལོང་གར་རྨ་བཟོ་བ་དང་ཁྲག་ཐོན་པ་སོགས་ཀྱང་བྱ་སྲིད་མོད། དེང་སང་ནི་ལྟོས་བཅས་ཀྱིས་བདེ་འཇགས་ཡིན་ཟེར། ཡིན་ནའང་། བཟི་ཁབ་མང་པོ་རྒྱག་ཆོག་མིན་ནི་གོང་གི་ཕོ་ཤེལ་སྐབས་སུ་བཤད་པ་ལྟར། ལོ་གཅིག་གི་ནང་དུ་ཐེངས་གཉིས་ཡན་རྒྱག་མ་དགོས་ན་བཟང་ཟེར་རོ། །
7.
ནུ་རྨེན་བརྟོལ་མཐོང་གི་བྱུང་བ་དང་དེའི་ནུས་པའི་སྐོར།
ནུ་རྨེན་བརྟོལ་མཐོང་ངམ་མུའུ་པ་བརྟག་ཆས་ནི་སྤྱི་ལོ་1913ལོར། འཇར་མན་གྱི་འཕྲོ་འགྱེད་རིག་པའི་ཆེད་མཁས་Salomonཞེས་པས་ཐོག་མའི་ཚོད་ལྟ་བྱས་པ་དང་། སྤྱི་ལོ་1960ལོར་རིའི་འཕྲོ་འགྱེད་རིག་པའི་ཆེད་མཁས་Robert E. Boydདང་Robert A. Eganཞེས་པ་གཉིས་ཀྱིས་མུ་མཐུད་དུ་འཕེལ་རྒྱས་བཏང་ནས་གསར་བཟོས་བྱུང་བའི་ལག་ཆ་ཞིག་ཡིན།
འདི་ནི་བུད་མེད་ཀྱི་ནུ་མའི་ན་ཚར་དབྱེ་ཞིབ་དང་བརྟག་དཔྱད་བྱེད་པའི་ལག་ཆ་ཆེས་ལེགས་ཤོས་ཤིག་ཡིན་ལ། དུས་རྒྱུན་བུད་མེད་ལོ་ན་40ཡན་གྱི་བུད་མེད་ཅིག་ཡིན་ནས་བཟུང་། ལོ་རེར་ཐེངས་རེ་བརྟག་བཤེར་བྱ་བའི་བསམ་འཆར་འདོན་བཞིན་ཡོད་པ་རེད།
སྤྱིར་བཏང་བུད་མེད་ལོ་ན་40ཡན་ཆད་ཅིག་ཡིན་ན། མང་ཆེ་བར་བརྟོལ་མཐོང་འདི་ལོ་རེར་ཐེངས་རེ་བྱས་ན་གནོད་པ་མེད་པར་ངོས་འཛིན་གྱིན་ཡོད། ཡིན་ནའང་། ལོ་གཅིག་ལ་ཐེངས་གཅིག་ལས་མང་བ་བརྟག་དགོས་ཚེའམ། ལོ་ན་40ལ་མ་བུད་པའི་བུད་མེད་དང་། ཁྱིམ་རྒྱུད་དུ་ནུ་སྐྲན་ནད་པ་ཡོད་པའི་བུད་མེད་ཚོས། ཇི་ལྟར་བརྟག་དགོས་པ་དང་བརྟག་ཐེངས་ག་ཚོད་བརྟག་ཆོག་པའི་སྐོར་ཆེད་ལས་སྨན་པར་ཞིབ་པར་འདྲི་དགོས།
8.
གློ་ཤེལ་གྱི་བྱུང་བ་དང་དེའི་ནུས་པ་དང་གཟབ་བྱའི་སྐོར།
གློ་ཤེལ་ཞེས་པ་འདི་ནི་༡༨༩༧ལོར།འཇར་མན་གྱི་སྨན་པ་གྲགས་ཅན་Rudolf Heinz Fidelisཞེས་པས་ཐོག་མར་གསར་གཏོད་བྱས་པ་དང་། དེ་ནས་ཉི་ཧོང་དང་དབྱིན་ཇི་སོགས་ཀྱི་ཆེད་མཁས་ཚོས་མུ་མཐུད་དུ་ཇེ་ལེགས་ཇེ་བཟང་དུ་བཏང་ཡོང་བ་ཞིག་ཡིན་པར་བཤད།
སྤྱིར་གློ་ཤེལ་གྱི་བརྟག་བཤེར་འདི་ནི་མི་བདེ་བའི་ཚོར་བ་ཅུང་ཤུགས་དྲགས་སྟེར་བའི་བརྟག་ཆས་ཤིག་ཡིན་རུང་། འདིས་གློ་བ་དང་གློ་ཡུ་སོགས་ཀྱི་ནང་ངོས་ལ་ཞིབ་ལྟ་བྱེད་པ་དང་། ཕྱི་དངོས་ལེན་པ། ཁྲག་གཅོད་པ། རྩ་རྒྱ་བསྐྱེད་པ། སྙིགས་ལུད་འདོན་པ། སྨན་བཅོས་ལ་རམ་འདེགས་བྱེད་པ་སོགས་ཀྱི་ཐད་ནས་གཞན་དྲིང་མི་འཇོག་པའི་ཁྱད་ཆོས་ཡོད་པས། ཁྱེད་ཀྱི་སྨན་པས་ཅིས་ཀྱང་བརྟག་དགོས་པར་བཤད་ན། དེ་བཞིན་དང་ལེན་བྱེད་པ་གལ་ཆེ།
འོ་ན། དེ་བརྟག་པའི་སྐབས་སུ་མི་བདེ་བའི་ཚོར་བ་དག་ཇི་ལྟར་སེལ་དགོས་ཞེ་ན། གཅིག སྣ་ཁུང་དང་མིད་པ་སོགས་ལ་སྦྲིད་སྨན་སྦུད་གཏོར་བྱས་ནས་གནས་བྱེ་བྲག་པ་བཟི་སྦྲིད་བྱེད་དུ་འཇུག་པ་དང་། གཉིས། སེམས་ཁམས་ལྷོད་འཇགས་ཡོང་བའི་འཇགས་སྨན་རྒྱག་པ་དང་། སེམས་ཁམས་ཁྲིད་སྟོན་སྨན་པའི་བློ་འདོན་འོག་བརྟག་བཤེར་ལ་གདོང་ཕྱོགས་པ་དང་། གསུམ། བྱིས་པ་ཆུང་ཆུང་དང་སེམས་ཁམས་ནད་པ་སོགས་ཡིན་ན། ལུས་པོ་ཡོངས་རྫོགས་བཟི་སྦྲིད་བྱེད་དུ་འཇུག་པ་སོགས་ཀྱི་ཐབས་ལམ་སྤྱོད་སྲིད། ཡིན་ནའང་། ལུས་ཡོངས་བཟི་སྦྲིད་བྱེད་པ་དེ་རྒྱུན་སྤྱོད་ཅིག་མིན་ཞེས་ཟེར་རོ། །
9.
རང་འགུལ་ཁྲག་གཤེར་དབྱེ་ཞིབ་ཆས་ཀྱི་བྱུང་བ་དང་དེའི་ནུས་པ།
རང་འགུལ་ཁྲག་གཤེར་དབྱེ་ཞིབ་ཆས་འདི་ནི་༡༩༥༠ལོར་གསར་གཏོད་བྱས་པ་ཞིག་ཡིན་རུང་། རྗེས་ནས་བརྟག་ཆས་དེའི་ནུས་པ་ཇེ་མང་དང་སྤུས་ཚད་ཇེ་ལེགས་ལ་ཐེངས་མང་བཏང་ཡོད་པ་ཞིག་རེད།
འདི་ནི་ཁྲག་གི་རྒྱུན་བཤེར་ལ་མཁོ་བའི་སྒྲིག་ཆས་ཤིག་ཡིན་ཞིང་། ཁྲག་དཔེ་དང་སྒྲིག་འགོད་བཅས་ཡང་དག་ཡོང་ན། དེས་ནི་ལུས་ཟུངས་དང་། རིམས་ཁེགས་ནུས་པ། ཁྲག་ཤེད། གཉན་ཚད་ཡོད་མེད། ཁྲག་དཀར་ན་ཚ་སོགས་ཡོད་མེད་བརྟག་ཐུབ་ཀྱི་ཡོད་ལ། ད་དུང་མཇུག་འབྲས་དབྱེ་ཞིབ་ཆེད་མཁས་ཤིག་ཡིན་ན། དེས་ནད་དུག་དང་ནད་སྲིན། འཁྲི་འབུ་སོགས་ཕོག་ཡོད་མིན་ཡང་ཧ་གོ་བཞིན་ཡོད་ཟེར།
བརྟག་བཤེར་དེ་མ་བྱས་པའི་ཡར་ནུབ་ཆང་མི་འཐུང་བ་དང་། ཤ་ཚོན་པོ་མི་བཟའ་བ་དང་། ཁ་ཚ་མོའི་རིགས་མི་བཟའ་བ་དང་། ངལ་གསོ་ཡག་པོ་བྱེད་པ། ཞོགས་པ་སྔ་མོ་འགུལ་སྐྱོད་དྲག་པོ་མི་བྱེད་པ་དང་། གོན་པ་ལྷོད་པོ་གྱོན་པ་གལ་ཆེའོ།།
10.
རང་འགུལ་འཚེར་འོད་རིམས་ཁེགས་དབྱེ་ཞིབ་ཆས་ཀྱི་བྱུང་བ་དང་དེའི་ནུས་པ།
རང་འགུལ་འཚེར་འོད་རིམས་ཁེགས་དབྱེ་ཞིབ་ཆས་ཞེས་པ་འདི་ནི་སྤྱི་ལོ་1941ལོར་Ouchterlonyཞེས་པས་ཐོག་མར་གསར་གཏོད་བྱས་པ་དང་། སྤྱི་ལོ་2000ལོ་དེང་རབས་རང་བཞིན་གྱི་རིམས་ཁེགས་དབྱེ་ཞིབ་ཆས་ཚད་ལྡན་གསར་གཏོད་བྱ་ཐུབ་པ་ཞིག་ཡིན་ལ།
འདིས་ནི་ཨེ་ཛི་དང་རེག་དུག་སོགས་འགོས་ཡོད་མེད་བརྟག་ཐུབ་ཀྱི་ཡོད་ལ། ངན་སྐྲན་མཚོན་རྟགས་ཡོད་མེད་དང་། སྙིང་དང་སྐེ་རྨེན་གྱི་དུས་པ་དང་། མཁལ་མཆིན་གྱི་ནུས་པ་དང་། སྐུལ་རྩིའི་ཆུ་ཚད། འཚོ་བཅུད་ཀྱིས་འདང་མིན་སོགས་ལའང་བརྟག་ཐུབ་ཀྱི་ཡོད་པས། དེང་རབས་ཀྱི་སྨན་ཁང་ཆེན་པོ་ཚང་མར་མ་ཡོད་ཐབས་མེད་ཀྱི་ལག་ཆ་ཞིག་ཡིན།
སྤྱིར་བརྟག་ཆས་དེ་མ་ཡོད་ཐབས་མེད་ཀྱི་ལག་ཆ་ཞིག་ཡིན་རུང་། དེ་ལའང་སྐྱོན་མེད་པ་མིན་ཏེ། དཔེར་ན། གོང་ཚད་མཐོ་བ་(སྒོར་ཁྲི་༡༠ནས་སྒོར་ཁྲི་༡༥༠)དང་། ལག་ལེན་རྙོག་དྲྭ་ཆེ་བ། ཞིག་གསོའི་འགྲོ་སོང་ཆེ་བ། འཁོར་ཡུག་གི་འོད་དང་དྲོད་ཚད། རླན་ཚད་སོགས་ཀྱིས་ཤུགས་རྐྱེན་ཐེབས་ཉེན་ཡོད་པ་སོགས་ཀྱི་སྐྱོན་ཆ་ཡོད་དོ། །