ཉེ་འཁོར་དུ་ཨེ་ཛི་ནད་པ་ཡོད་མེད་ལྟ་བྱེད་ཅིག་ཡོད་ཅེས་པ་རྫུན་ཡིན།

文摘   2025-01-23 18:20   四川  


ཉེ་འཁོར་དུ་ཨེ་ཛི་ནད་པ་ཡོད་མེད་ལྟ་བྱེད་ཅིག་ཡོད་ཅེས་པ་རྫུན་ཡིན། 

དྲིལ་སྒྲོག་པ། ཆོས་དཔལ་བཟང་པོ། 

没有任何办法查找身边有多少艾滋病患者

讲者:邱华绒


   

  དེང་སང་མི་རིགས་གཞན་གྱི་དྲྭ་བཀྱགས་འགའ་རེས་ཨེ་ཛིའི་རྗེན་འབྲེལ་སྔོན་རྗེས་ཀྱི་སྔོན་འགོག་གི་སྨན་རྫས་ཉོ་སའི་སྒྲིག་རིམ་ཆུང་བ་ཞིག་བསྟན་ནས། སྒྲིག་རིམ་ཆུང་བ་འདི་བརྒྱུད་ནས་བལྟས་ན་རང་གི་ཉེ་འཁོར་དུ་ཨེ་ཛིའི་ནད་པ་ག་ཚོད་ཅིག་ཡོད་པའི་སྐོར་ཧ་གོ་བཞིན་འདུག་ཅེས་འུད་སྒྲོག་བྱེད་བཞིན་འདུག་ལ། དེ་བེད་སྤྱོད་བྱས་ན། རང་ཉིད་ཀྱི་གསང་བའང་གཞན་གྱིས་ཤེས་འགྲོ་བ་རེད་ཅེས་སོགས་སྐད་ཆ་ཁུངས་མེད་མང་པོ་བཤད་ཀྱིན་འདུག་ལ། དེ་ལྟར་བྱས་པས་མི་མང་པོ་ཞིག་གིས་མཉེན་ཆས་དེ་སྤྱོད་མི་ཕོད་པ་དང་། སྔོན་ཆད་སྤྱད་མྱོང་བ་ཚོས་རང་གི་གསང་བ་ཕྱི་ལ་ཤོར་ཨེ་འགྲོ་སྙམ་ནས་དོགས་པ་དང་སེམས་ཁུར་ཆེན་པོ་བྱེད་ཀྱིན་འདུག་ཟེར། 

   དེ་ནི་ཅི་ཡང་མ་ཤེས་པའི་སྐད་ཆ་ཞིག་ཡིན་ཏེ། གཅིག་ན་ཨེ་ཛི་ནད་པའི་གྲངས་ཚད་དེ་རྒྱལ་ཁབ་རང་བཞིན་གྱི་གསང་བ་ཞིག་ཡིན་པས། དེ་ཅི་མ་གང་ཡིན་གྱིས་དྲྭ་ཐོག་ནས་ཤར་ཐུབ་པ་ཞིག་མིན་ལ། དེ་ལས་ལྡོག་སྟེ། རང་གི་ཉེ་འཁོར་དུ་སྒྲིག་རིམ་ཆུང་བ་དེ་བེད་སྤྱོད་བྱེད་མཁན་ཅི་ལྟར་གྱིས་མང་བ་མཐོང་ན། དེའི་ཚད་ཀྱི་འཕྲོད་བསྟེན་འདུ་ཤེས་གོང་མཐོར་འགྲོ་བཞིན་པའི་བཟང་རྟགས་ཤིག་ཡིན་པ་ལས། དེ་བེད་སྤྱོད་བྱས་ན་སྐྱོན་ཞིག་གཏན་ནས་མིན། 

   རྒྱུ་མཚན་ནི་དེང་སང་གི་རྗེན་འབྲེལ་སྔོན་རྗེས་ཀྱི་སྔོན་འགོག་གི་སྨན་གྱི་ནུས་པ་ཤིན་ཏུ་བཟང་པོ་ཡོད་པས། གལ་ཏེ། ཆུ་ཚོད་72མ་སོང་བའི་སྔོན་ནས་དེ་བེད་སྤྱོད་བྱས་ན། བརྒྱ་ལ་ཨེ་ཛི་ནད་པ་ཞིག་དང་ལུས་འབྲེལ་བྱས་པའམ། ཡང་ན། ཁྲག་གཤེར་གྱི་འབྲེལ་བ་ཤོར་སོང་རུང་། ཕལ་ཆེར་ན་འགོ་དགོས་དོན་མེད་དོ། ། 

   དེའི་རྐྱེན་གྱིས་སྒྲིག་རིམ་ཆུང་བ་དེའི་སྟེང་དུ་ཤར་བ་ནི་སྨན་རྫས་དེའི་སྐོར་གྱི་ཤེས་བྱ་ལ་དོ་སྣང་བྱེད་མཁན་ཙམ་མམ། ཡང་ན། རང་ཉིད་ཀྱི་ལུས་ཐོག་ལ་ཨེ་ཛིའི་ན་ཚ་མི་འགོ་བའི་ཆེད་དུ་སྨན་གང་རུང་ཞིག་ཉོས་བཞག་པ་མཚོན་པ་ཙམ་ལས། དེ་དག་ནད་པ་ཡིན་པ་གཏན་ནས་མཚོན་གྱིན་མེད་ཕྱིན། དེ་འདྲའི་སྐད་ཆ་བཤད་པ་ནི་བསམ་གཟས་ནས་ནད་རིགས་སྔོན་འགོག་ལ་གནོད་པ་བསྐྱལ་བ་དང་འདྲ་བས། བོད་པ་ཚོས་ནི་འདིའི་རིགས་ཀྱི་སྐད་ཆ་གཏན་ནས་བཤད་རངུ་གི་མི་འདུག་གོ། ། 



藏语防艾服务中心
ཆབ་སྲིད་དང་ཆོས་ལུགས། ཁེ་གཉེར་བཅས་དང་འབྲེལ་བ་མེད་པའི་ཨེ་འགོག་སྟེགས་བུ། 一个非政治、非宗教和非营利性的社会服务平台, 致力于合法提供符合科学和民族文化的防艾知识信息!
 最新文章