ཁ་ལུད་མ་འབབ་ན་ཕབ་ཐབས་དང་ཁ་ལུད་ལེན་ཐབས་ཡང་དག་པ།
如何准确地排痰和留痰?
དྲིལ་སྒྲོག་པ། ཆོས་དཔལ་བཟང་པོ།
宣讲者: 邱华绒吾
ཞོགས་པའི་ཁ་ལུད་ལེན་ཐབས།
晨间痰留取步骤
1、ཁ་བཤལ་བ། སྔ་མོ་མལ་ལས་ལངས་རྗེས། ཆུ་གཙང་གིས་ཁ་བཤལ་ནས་ཁ་ནང་དུ་ནད་སྲིན་དང་ཟས་སྙིགས་མེད་པ་བྱ་དགོས།
漱口:患者清晨起床后,先用清水漱口,以清除口腔内的食物残渣和杂菌。
2、དབུགས་གཏིང་རྔུབ། ཤུགས་ཆེན་པོས་དབུགས་རྔུབ་ལེན་ཐེངས་2ནས་3བར་བྱས་ཤིང་། གློ་བའི་གཏིང་ནས་ལུ་རུ་འཇུག་པ།
深呼吸:深呼吸2-3次每次都用力呼气,发自胸腔的深咳。
3、ཁ་ལུད་ལུ་བ། མིད་པ་དང་ཁ་ནང་ཙམ་མ་ཡིན་པར། དབུགས་ལམ་གཏིང་ནས་ཁ་ལུད་ལུ་རུ་འཇུག་པ།
咳痰:从呼吸道深部咳出痰液,避免咳出咽部或口腔的痰
4、ཁ་ལུད་བསྡུ་བ། ཁ་ལུད་སྲིན་མེད་འགྱིག་དམ་ནང་དུ་བླུགས་ཤིང་ཁ་དམ་པོར་རྒྱག་པ།
收集:将咳出的痰吐入无菌的痰盒里,盖紧痰盒。
དགོང་མོའི་ཁ་ལུད་ལེན་ཐབས།
夜间痰留取步骤
1、ཁ་ལུད་ལུ་བ། དགོང་མོ་ཉལ་ཁ་ཁ་ལུད་ལུ་རུ་འཇུག་པ།
咳痰:患者晚间咳出的痰液,通常在睡前或夜间咳嗽时留取。
2、ཁ་ལུད་བསྡུ་བ། ཁ་ལུད་བྱུང་བ་དག་ཕྱོགས་གཅིག་ཏུ་ཆེད་སྤྱོད་འགྱིག་དམ་ནང་དུ་བསྡུ་བ།
收集:将咳出的痰液收集起来,可以使用专用的痰盒。
3、ཁ་ལུད་ཉར་བ། གལ་ཏེ། བརྟག་བཤེར་སོགས་ཀྱི་དགོས་མཁོ་ཡོད་ན། གནས་སྐབས་རིང་འཁྱགས་སྒམ་ནས་ཉར་ཚགས་བྱ་ཆོག
保存:如果需要,可以将痰液暂时放冰箱冷藏室保存。
4、བརྟག་པར་འཁྱེར་བ། ཕྱིར་ཉིན་བརྟག་བཤེར་བྱེད་པར་འཁྱེར་བ།
送检:放置第二天一并送检。
སྐབས་ཐོག་གི་ཁ་ལུད་ལེན་ཐབས།
即时痰留取步骤
1、ཁ་བཤལ་བ། ནད་པས་སྨན་ཁང་དུ་བརྟག་བཅོས་བྱེད་སྐབས། དང་པོ་ཁ་བཤལ་བ་དང་།
漱口:患者在医院就诊检验时,先用清水漱口。
2、དབུགས་གཏིང་རྔུབ། དབུགས་གཏིང་ནས་རྔུབ་པ་དང་། དེ་ནས་ཤུགས་ཀྱིས་ལུ་བ།
深呼吸:深呼吸后咳出的痰液。
3、བསྡུ་ལེན། ཁ་ཆུ་དང་སྣབས་སོགས་མ་འདྲེས་པའི་ཁ་ལུད་དག་གཙང་ཞིང་སྐམ་པོ་ཡིན་པའི་འགྱིག་སྣོད་དུ་བསྡུ་ལེན་བྱེད་པ།
收集:将咳出的痰液收集于干燥洁净的容器内,避免混杂唾液或鼻咽分泌物。
4、བརྟག་པ། ནད་སྲིན་གྱིས་རང་ཞུ་མ་བྱས་པའི་སྔོན་ནས་དུས་ཐུང་ནང་བརྟག་ཏུ་འཇུག་པ།
送检:立即送检,以防细胞分解,细菌自容。
ཁ་ལུད་རང་བྱུང་གི་འབབ་ཐབས།
自然咳痰法
1、དང་པོ་ཆུ་གཙང་མས་ཁ་བཤལ་ནས། ཁ་ནང་དུ་ཡོད་པའི་ཟས་སྙིགས་དང་། ཕྲ་སྲིན། ཁ་ཆུ་སོགས་ཀྱིས་བརྟག་འབྲས་ལ་ཤུགས་རྐྱེན་ཐེབས་བྱེད་མེད་པ་བྱ་དགོས།
先用清水漱口,清除口中存在的食物残渣,细菌和过多的唾液,避免因口腔杂质而影响痰液的质量。
2、དབུགས་གཏིང་རྔུབ་ཐེངས་2ནས་3བར་བྱ་དགོས་ལ། ཤུགས་ཆེན་པོས་ཕྱིར་འབྱིན་དགོས།
深呼吸2-3次,每次都用力呼气。
3、གློ་བའི་གཏིང་རིང་ནས་ལུ་དགོས།
发自胸腔的深咳
4、འགྱིག་དམ་ཁ་ཟུར་དུ་གཏད་ནས། སེམས་ཆུང་སྒོས་ཁ་ལུད་འགྱིག་དམ་དུ་འཕེན་དགོས།
把痰盒接在唇下,小心地把痰吐在痰盒中。
5 、སེམས་ཆུང་སྒོས་ཁ་ལེབ་ཀྱི་ཁ་དམ་པོར་རྒྱག་དགོས།
小心地盖上盖子,并确认痰盒盖子盖紧。
ལུ་ཞིང་འགུལ་ནས་ཁ་ལུད་འབབ་ཏུ་འཇུག་ཐབས།
咳嗽运动排痰法
1、ནད་པ་མར་བསྡད་ཅིང་། དབུགས་གཏིང་ནས་རྔུབ་པ་དང་། དེ་ནས་དབུགས་བཟུང་ཞིང་། གསེས་པའི་ཤ་རྒོད་བསྡུས་ཤིང་། ཤ་རྒོད་དམ་པོ་བྱས་ནས། མཐར་ཤུགས་ཆེན་པོས་ལུ་བ་གཏིང་ནས་ཡོང་དུ་འཇུག་པ།
患者坐位,深吸气后短暂的屏气,收缩腹肌,增加腹肌内压,然后突然把声门打开,用力把痰液咳出。
2、གལ་ཏེ། བྲང་ཁར་གཤག་བཅོས་བྱས་ཡོད་པའི་ནད་པ་ཡིན་ན། རྨ་ཁ་སྐྱོར་རོགས་བྱས་ནས། གློ་ལུ་བའི་སྐབས་སུ་རྨ་ཁར་མི་གནོད་པ་བྱ་དགོས།
上腹部手术的患者协助按压伤口,降低咳嗽动作导致的伤口疼痛。
གློ་ལུ་སློང་ཐབས།
刺激咳嗽痰法
ལག་ཡ་གཅིག་གིས་ནད་པའི་སྐེ་རྒྱབ་ནས་བསྐྱོར་ཅིང་། ལག་ཡ་གཅིག་གིས་ནད་པའི་སྒྲོག་རུས་ནས་མིད་པའི་མཚམས་སུ་བརྡར་འདེད་བྱས་ནས་དབུགས་ལམ་སྒུལ་སྒུལ་བྱས་ན། གློ་ལུ་བྱེད་ཐུབ་པར་ཕན་ཐོགས་ཡོད།
一手放在患者颈部,一手沿锁骨划咽候部,拨动气管以达到有效咳嗽的目的。
ལུ་རྒྱུ་གཏན་ནས་མེད་ན་ཅི་དྲག
实在咳不出来痰怎么办?
1、ཆུ་མང་པོ་འཐུང་བ། 多喝热水
2、རྣ་ཡིས་རླངས་པ་མང་པོ་རྔུབ་པ། 用鼻子吸入大量热蒸汽。
3、དལ་རྒྱུག་བྱེད་པ། 慢跑。
4、རྒྱ་སྐས་ལ་འགོ་བ། 爬楼梯。
5、རླངས་བདུག་གིས་ལུ་བ་འདྲེན་པ། 雾化诱导痰术。
6、ཁྱོར་རྡེག། 铁砂掌
ལག་ཐབས། ལག་པ་གཡས་པའི་མཛུབ་མོ་ལྔ་བོ་གཤིབ་ཅིང་། ལག་སྐེ་ཡི་ཤུགས་ཀྱིས་ནད་པའི་རོ་སྟོད་ལ་རྡེག་རྡེག་བྱེད་པ།
手法:五指并拢呈空杯状,腕用力叩击背部。
གོ་རིམ། འོག་ནས་སྟེང་དང་ཕྱི་ནས་ནང་། ཕར་ངོ་ནས་ཚུར་ངོ་། དབུགས་ལམ་གཙོ་བོའི་རྒྱུད་དུ་འོག་ནས་སྟེང་དུ་རྡེག་དགོས།
顺序:由下而上,由外向内,由对侧至近侧,最后沿主气道方向,由下向上。
རྡེག་ཚད། ཆོས་ཉིད་ཡོད་པའི་སྒོས་ཤུགས་ཅུང་ཕུད་ནས་རྡེག་དགོས་ལ། ཕལ་ཆེར་སྐར་ཆ་རེར་ཐེངས་2ནས་3བར་རྡེག་དགོས་ཤིང་། ཉིན་རེར་ཐེངས་3ནས་4བར་རྡེག་དགོས།
频次:以均匀速度和力度叩击,速度每秒2-3次,每日3-4次。