ཨེ་ཛིའི་བརྟག་ཤོག་དང་ཨེ་ཛིའི་མྱུར་སྐྱོབ་ཀྱི་སྨན་ཉོ་སའི་དྲྭ་གནས།

文摘   2025-01-24 21:33   四川  


ཨེ་ཛིའི་བརྟག་ཤོག་དང་ཨེ་ཛིའི་མྱུར་སྐྱོབ་ཀྱི་སྨན་ཉོ་སའི་དྲྭ་གནས། 

成都这些地点提供HIV筛查服务

དྲིལ་སྒྲོག་པ། ཆོས་དཔལ་བཟང་པོ། 

宣讲者:邱华绒吾


   ཁ་སང་ངས་སྤྱི་སྟེགས་སུ་ཨེ་ཛིའི་རྗེན་འབྲེལ་སྔོན་རྗེས་ཀྱི་སྔོན་འགོག་སྨན་རྫས་ཟེར་བ་ཞིག་དང་། ཨེ་ཛིའི་བརྟག་ཤོག་ཅེས་པ་སོགས་དྲྭ་ཐོག་ཏུ་ཉོ་རྒྱུ་ཡོད་པར་བཤད་པས། འདིར་མི་མང་པོ་ཞིག་གིས་དྲྭ་གནས་དེ་གཉིས་བསྐུར་རོགས་ཞེས་རེ་བ་རྒྱག་བཞིན་འདུག་པས། དེ་རིང་དྲྭ་ཐོག་ནས་ཆེད་དུ་བཙལ་ཞིང་འདིར་བཀོད་པ་ཡིན་ལ། དང་པོ་དེ་ནི་ཁྲིང་ཏུའུ་ཨེ་ཛི་བརྟག་བཤེར་དྲྭ་ཚིགས་(蓉艾检)ཀྱི་དྲྭ་གནས་ཡིན་ལ། དྲྭ་གནས་དེ་ཁྲིང་ཏུའུ་གྲོང་ཁྱེར་གྱི་རིམས་འགོག་ལྟེ་གནས་ཀྱིས་ངོ་སྤྲོད་བྱས་པ་ཡིན་པས། ལྟོས་བཅས་ཀྱིས་ཚད་ལྡན་ཡིན་རྒྱུ་རེད་སྙམ། 

    གཉིས་པ་ནི་ཨེ་ཛི་མི་འགོ་བའི་ཆེད་དུ་རྗེན་འབྲེལ་སྔོན་རྗེས་ཀྱི་སྔོན་འགོག་སྨན་རྫས་ཉོ་སའི་དྲྭ་ཚིགས་(佳急健康)ཤིག་རེད་ལ། དེ་ནི་“李辉时空”ཞེས་ཀྲུང་གོའི་ཨེ་ཛིའི་སྨན་པ་གྲགས་ཆེན་དགེན་ལི་ཧུའེ་ལགས་ཀྱི་སྤྱི་སྟེགས་སུ་བཀོད་པ་ཞིག་བརྒྱུད་བསྐུར་ཞུས་པ་ཡིན་པས། དེའང་ལྟོས་བཅས་ཀྱིས་ཚད་ལྡན་ཡོད་རྒྱུ་རེད་སྙམ། 

   ཡིན་ནའང་། གོང་དུ་བཤད་པ་ལྟར། ཁོ་བོས་ནི་འདིར་གཞན་གྱི་དྲྭ་ཚིགས་བརྒྱུད་བསྐུར་ཞུས་པ་ཙམ་ལས། འབྲེལ་ཡོད་ཐོན་རྫས་ཀྱི་དག་མིན་དང་། དག་ཚད་བརྒྱ་ཆ་ག་ཚོད་ཅིག་ཡོད་སོགས་ཀྱི་ཐད་ལ་འགན་ལེན་གང་ཡང་བྱ་མི་ཕོད་ལ། ཁོང་ཚོའི་དྲྭ་ཚིགས་དང་ང་ཚོའི་བར་ལ་ནི་སྒོར་མོ་སྐར་མ་གང་གི་འབྲེལ་བ་མེད་པས། རྣམ་པ་ཚོས་རང་ཉིད་ལ་དགོས་ན་མ་གཏོགས། ང་ཚོར་རྒྱབ་སྐྱོར་གྱི་ཚུལ་གྱིས་ནི་གཅིག་ཀྱང་ཉོ་མི་དགོས་ཞེས་ཞུས་པ་ཡིན། 

   གཞན་ད་དུང་ཞུ་འདོད་པ་ཞིག་ལ། གལ་ཏེ། ཨེ་ཛི་ཡོད་མེད་བརྟག་བཤེར་དགོས་ན། ཆེས་ཚད་ལྡན་ནི་རང་རང་གི་ཕ་ཡུལ་སོགས་ཀྱི་མི་དམངས་སྨན་ཁང་དང་རིམས་འགོག་ལྟེ་གནས་སུ་བརྟག་བཤེར་བྱས་པ་དེ་ཡིན་ལ། འབྲེལ་ཡོད་ཀྱི་སྨན་ལེན་པའང་རང་རང་ཡོད་སའི་ཞིང་ཆེན་རིམ་པའི་རིམས་ནད་སྨན་ཁང་དུ་ཕྱིན་ན། ཨེ་ཛི་ལས་མྱུར་སྐྱོབ་བྱེད་པའི་ཆེད་དུ་སྤྱོད་པའི་ཨེ་ཛིའི་རྗེན་འབྲེལ་སྔོན་རྗེས་ཀྱི་སྔོན་འགོག་གི་སྨན་རྫས་བཙོང་རྒྱུ་ཡོད་པས། ཡག་ཤོས་བྱུང་ན། དེ་རུ་ཕྱིན་ན་བཟང་ཞེས་པའོ། ། 


བརྟག་ཤོག་ཉོ་ས། 



ཨེ་ཛིའི་སྨན་ཉོ་ས། 




藏语防艾服务中心
ཆབ་སྲིད་དང་ཆོས་ལུགས། ཁེ་གཉེར་བཅས་དང་འབྲེལ་བ་མེད་པའི་ཨེ་འགོག་སྟེགས་བུ། 一个非政治、非宗教和非营利性的社会服务平台, 致力于合法提供符合科学和民族文化的防艾知识信息!
 最新文章