སྐྱེས་པ་དང་སྐྱེས་པའི་བར་ལུས་འབྲེལ་བྱས་ན་ཨེ་ཛི་འགོ་ཉེན་དེ་ལས་ཆེ།
དྲིལ་སྒྲོག་པ། ཆོས་དཔལ་བཟང་པོ།
དེང་སང་བོད་ཁུལ་དུའང་རྟགས་མཐུན་སྦྱོར་བའམ། རྟེན་མཐུན་ལུས་འབྲེལ་ལམ། ཡང་ན། མཚན་མཐུན་གྱི་འདོད་པ་རོལ་བས་ཨེ་ཛི་འགོས་མཁན་ཇེ་མང་ནས་ཇེ་མང་དུ་འགྱུར་བཞིན་འདུག་པས། ཤིན་ཏུ་གཟབ་དགོས་ཀྱི་འདུག་ལ། ལྷག་པར་དུ་གྲོང་ཁྱེར་ནང་གི་མི་ཆ་མེད་ཚོ་དང་མཉམ་དུ་སྲུང་ཤུབས་མ་གྱོན་པར་ལུས་འབྲེལ་བྱས་ན། ཨེ་ཛི་འགོ་བའི་ཉེན་ཁ་ཤིན་ཏུ་ཆེ་བས། རྣམ་པ་ཚོས་ཅིས་ཀྱང་གཟབ་གཟབ་གནང་རོགས་ཞུ།