བྱི་ནད་དང་འབྲེལ་བའི་བསམ་གཞིགས་ཤིག 关于鼠疫的思考

文摘   2024-12-25 20:01   四川  


བྱི་ནད་དང་འབྲེལ་བའི་བསམ་གཞིགས་ཤིག

རྩོམ་པ་པོ། ཆོས་དཔལ་བཟང་པོ།

关于鼠疫的思考 

作者:邱华绒吾

ཀློག་འདོན་པ། བཀྲ་ཤིས་རྒྱ་མཚོ། 

ཡེ་ཤེས་སྒྲོལ་མ། 

诵读人: 尕西严木初

益西卓玛


འབྲེལ་འདྲིས་ཟབ་མོ་ཅན་ཞིག་མིན་ནམ།

བྱི་ནད་དང་འབྲེལ་བའི་བསམ་གཞིགས་ཤིག

    བདེ་མགོན་(བསྒྱུར་མིང་)ནི་གསར་བུ་ལོ་ཆུང་ཞིག་ཡིན་ལ། ཡུལ་སྐོར་སྣེ་ཤན་གྱི་ལས་རིགས་སྤེལ་གྱིན་འདུག དེ་རང་ང་བཙལ་ནས་ཡོང་དོན་ནི་པགས་ནད་ཅིག་གི་རྐྱེན་གྱིས་རེད་འདུག ཁོང་གིས་བཤད་ན། ཁོང་དང་ཁོང་གི་དགའ་རོགས་གསར་པ་གཉིས་བོད་ཁུལ་གྱི་ཡུལ་སྐོར་ས་ཚིགས་གལ་ཆེན་ཞིག་ཏུ་ཕྱིན་པ་ཡིན་ལ། དེ་རུ་མི་དང་སྲོག་ཆགས་འཆམ་མཐུན་ཞི་གནས་ཀྱི་རྣམ་པ་ཧ་ལས་པ་རེད།  ནམ་རྒྱུན་མིའི་རིགས་དང་བར་ཐག་རིང་པོ་འཇོག་སྲིད་ལ། ཐ་ན་མི་ཞིག་རིག་ཡོང་བའི་སྐབས་སུ་ཡར་ལངས་ཏེ་འུར་སྒྲ་བཏོན་ཅིང་། རིགས་གཅིག་གྲོགས་པོ་ཚོ་ལ་ཉེན་བརྡ་གཏོང་བར་བྱེད་པའི་འཕྱི་བ་དག་ཀྱང་མི་ལ་བཅར་ནས། མིའི་པང་དུ་འཛུལ་བ་དང་། མི་ཚོས་བཟའ་བཞིན་པའི་སིལ་ཟས་དག་འཕྲོག་པར་བྱེད་ཀྱིན་འདུག་ཟེར།

     དེ་བས་ཁོ་རང་གིས་ད་ཐེངས་དྲྭ་ལམ་ནས་མུག་སྐོར་བྱེད་དུ་འགྲོ་བཞིན་པའི་བུ་མོ་དེ་གསར་དུ་ངོ་ཤེས་པ་ཡིན་ལ། ཁོང་གཉིས་ཆེད་དུ་ས་གནས་དེ་གའི་སྤྲེའུ་དང་འཕྱི་བ་སོགས་ལ་ལྟད་མོ་ལྟ་རུ་ཕྱིན་པ་ཡིན་ཞིང་། དེའི་ཞོར་ནས་སིལ་ཟས་མང་པོ་ཁྱེར་ནས་དེ་ཚོར་སྟེར་བ་ཡིན་ཟེར། ཡིན་ནའང་། བུ་མོ་དེའི་ལག་པའི་ཐོག་ཏུ་འབྲུམ་བུ་མང་པོ་བུད་འདུག་ལ། དེ་དག་ལ་ཟ་འཕྲུག་ཀྱང་ཆེན་པོ་འདུག་ཟེར། ཁོང་གཉིས་ཆེས་འཇིགས་སྐྲག་ཆེ་ཤོས་ནི་ཁོང་གཉིས་ལ་བྱི་རིམས་ཕོག་ཡོད་མེད་བསམ་ནས། སེམས་ཁུར་ཆེ་ཞེས་བཤད། སྤྱིར་བྱི་རིམས་དེ་འཕྱི་བ་སོགས་བརྒྱུད་ནས་འགོ་ཉེན་ཆེན་པོ་ཡོད་རུང་། པགས་འབྲུམ་དམར་པོ་མང་པོ་བུད་པ་དེ་བྱི་རིམས་ཡིན་པའི་ངེས་པ་མེད་དེ། བྱི་རིམས་ཀྱི་ནད་རྟགས་ནི་ཚ་བ་མཐོ་བ་དང་། འཁྱགས་འདར་རྒྱག་པ་དང་། དབུགས་མི་ལོན་པ་དང་། བྲང་ཁ་མི་བདེ་བ་དང་། ལུ་བ་རྒྱུན་མི་འཆད་པར་བྱེད་པ། ཡང་ན། ཁྲག་སྐྱུག་པ་སོགས་ཀྱི་ནད་རྟགས་བྱུང་སྲིད།

    དེང་སང་ཡུལ་སྐོར་ས་ཚིགས་དག་ཏུ་མི་ཚོས་སྤྲེའུ་དང་རྩེད་མོ་རྩེད་པའི་སྣང་ཚུལ་མང་པོ་འདུག་ལ། འཕྱི་བ་དང་ཨ་བྲ་སོགས་དང་མཉམ་དུ་པར་རྒྱག་པ་དང་རྩེད་མོ་རྩེད་པ་སོགས་ཅི་རིགས་བྱེད་ཀྱིན་འདུག་ལ། དེ་ནི་ཤིན་ཏུ་ནས་ཉེན་ཁ་ཅན་གྱི་ལས་ཀ་ཞིག་རེད། སྤྲེའུ་དང་མིའི་རིགས་ཀྱི་བར་ལ་རིགས་རྒྱུད་ཀྱི་བར་ཐག་ཉེ་བས། དེ་དག་གི་ནད་དུག་མིའི་ལུས་ཐོག་ཏུ་ཕོག་སླ་མོ་ཡོད་ལ། དེང་སང་འཛམ་བུ་གླིང་དུ་ཚེ་སྲོག་འཕྲོག་ཚད་ཆེས་ཆེ་བའི་ཨེ་པོ་ལའི་ནད་དུག་དང་། ཨེ་ཛིའི་ནད་དུག་གཉིས་པོ་སྤྲ་དང་སྤྲེའུ་བརྒྱུད་ནས་མིའི་ལུས་ཐོག་ཏུ་བྱུང་བ་ཞིག་ཡིན་ལ། འཛམ་གླིང་ལ་སྔ་གཞུག་ཏུ་ཐེངས་གསུམ་ཙམ་ལ་ཁྱབ་མཆེད་བྱས་ཤིང་། སྐབས་དེའི་ཡོ་རོབ་གླིང་གི་མིའི་བཞི་ཆ་གཅིག་སྟེ། བྱེ་བ་གཉིས་ཙམ་སྲོག་འཕྲོག་པར་བྱེད་པའི་བྱི་རིམས་ནི་མཆེ་མེད་སྲོག་ཆགས་ཀྱི་རིགས་ཏེ། དཔེར་ན། འཕྱི་བ་དང་ཨ་བྲ་སོགས་ལས་ཀྱང་ཁྱབ་མཆེད་བྱ་བའི་ཉེན་ཁ་ཡོད་པའི་ནད་དུག་ཅིག་ཡིན། 

     དེ་ལྟར་འཇིགས་སྐྲག་དང་སེམས་ཁུར་ཆེན་པོའི་ང་ཚོའི་རྩབ་ཏུ་སླེབས་རྗེས། ང་ཚོས་ནི་ནད་རྟགས་ཙམ་གྱིས་ཅི་ཡིན་གྱི་བརྡར་ཤ་མ་ཆོད་པས། ལམ་སང་120མྱུར་སྐྱོབ་རླངས་འཁོར་ལ་ཁ་པར་བརྒྱབས་པ་ཡིན་ལ། ཁོང་ཚོས་ནི་སྲུང་གོས་ཆ་ཚང་གྱོན་ནས་ལས་ཁུངས་ཀྱི་སྒོ་འགྲམ་དུ་སླེབས་ཤིང་། ནད་པ་ཡིན་པར་བསམ་པའི་བུད་མེད་དེ་ལོགས་སུ་ཁེར་བཀར་བྱས་པར་མ་ཟད། ནད་རྟགས་གང་ཡང་མེད་པའི་བུད་མེད་དང་། དེ་གཉིས་ལ་ཅུང་ཙམ་ཐུག་འཕྲད་བྱ་མྱོང་བའི་ང་ཚོའང་ཁང་པ་གཞན་ཞིག་ཏུ་ཁེར་བཀར་བྱས་ཤིང་། སོ་སོའི་ཁྲག་བླངས་ནས་བརྟག་བཤེར་ས་ཚིགས་སུ་བརྟག་བཤེར་བྱེད་པར་ཁྱེར་སོང་། ཆུ་ཚོད་ཁ་ཤས་ཀྱི་རྗེས་ནས་ང་ཚོ་སུ་ལའང་བྱི་རིམས་ཕོག་མེད་པའི་བརྟག་འབྲས་སླེབས་སོང་ལ། སྨན་པ་ཚོས་གསུངས་པ་ལྟར་ན། ཁོང་གཉིས་ཉིན་འདི་དག་ལ་རི་ཁར་སྤྲོ་འཆམ་དུ་ཕྱིན་པས། ས་འཁྱགས་སྟེང་དུ་ཡུན་རིང་ལ་ཉལ་བ་དང་། དགོང་མོ་ཡག་པོ་མ་གཉིད་པ། ཟ་མའང་འཚོ་བཅུད་ཅན་ཟ་རྒྱུ་མ་རག་པར། ཉིན་རྟག་པར་གད་སྙིགས་ཟ་མ་མང་པོ་ཟོས་བསྡད་པས། རིམས་ཁེགས་ནུས་པ་འཁྲུགས་ནས། ཚོར་ལོག་(超敏反应)གི་གནད་དོན་བྱུང་བ་རེད་ཅེས་བརྡར་ཤ་བཅད།

     དེ་ནས་ང་ཚོས་སྨན་པར་བཀའ་དྲིན་ཞུས་ཤིང་ཕྱིར་ཁྱིམ་དུ་ལོག་གྲབས་བྱེད་སྐབས། སྨན་པ་དེས་ང་ཚོ་ཆེད་དུ་ཕྱིར་བོས་ནས། མ་འོངས་པར་གང་དུ་སོང་རུང་རིམས་ནད་ལ་དོགས་གཟོན་ནན་མོ་བྱ་དགོས་ཚུལ་དང་། སྲོག་ཆགས་བརྒྱུད་ནས་རིམས་ནད་ཚབས་ཆེན་མང་པོ་ཞིག་འགོ་བརྒྱུད་བྱེད་སྲིད་པ་སྟེ། དཔེར་ན། བྱི་རིམས་དང་། ཁྱི་སྨྱོན། སར་སི་གློ་ཚད། བྱ་རིམས་ཚབས་ཆེན། ཐུམ་འབུའི་ནད། རྒྱུ་འབུ་དང་སྐོག་འབུ། ཁྲག་འཇུབ་འབུ་ནད་སོགས་ནད་རིགས་མང་པོ་ཞིག་འགོ་བརྒྱུད་བྱེད་སྲིད་པ་དང་། དེ་འདྲའི་རིགས་ཀྱི་རིམས་ནད་ལ་སྔོན་འགོག་བྱ་དགོས་ན། སྒོ་ཕྱུགས་དང་སྒོ་ཁྱི། ཁྱིམ་བྱ་ནད་པ་སོགས་ལ་ཐུག་སྐབས་ལག་ཤུབས་གྱོན་པ་དང་། རི་སྐྱེས་སྲོག་ཆགས་ལ་ལག་པས་གཏན་ནས་མི་ཐུག་པ། སྒོ་ཕྱུགས་དང་ཁྱིམ་བྱ་ནད་པའི་ཤ་མི་བཟའ་བ་དང་། རིམས་བཤེར་བྱས་མེད་པའི་ཤ་རིགས་ཀྱིས་ཟས་རིགས་ཐོན་རྫས་བཟོ་སྣོན་མི་བྱ་བ། དེ་ཟས་སུ་མི་སྤྱོད་པ། ནམ་ཡང་ཟ་མ་མ་ཟོས་པའི་སྔོན་དུ་ལག་པ་གཙང་མར་བཀྲུ་བའི་གོམས་སྲོག་ཡག་པོ་ཆགས་པ་དང་། ཟོག་ལུག་གི་ཤ་སོགས་མ་བཙོས་པར་མི་བཟའ་བ་དང་། བཙོས་རུང་མ་ཚོས་པའི་རིགས་མི་བཟའ་བ། རི་སྐྱེས་སྲོག་ཆགས་ཀྱི་ཤ་རིགས་ནི་ཇི་ལྟར་བཙོས་རུང་ཟས་སུ་མི་སྤྱོད་པ་གལ་ཆེ་ཚུལ། གལ་ཏེ། བྱི་རིམས་སོགས་ཡིན་ནམ་སྙམ་པའི་རིམས་ནད་ཁྱབ་མཆེད་ཀྱི་གནས་ཚུལ་ཡོད་ན། དུས་ཐོག་ཏུ་གོང་རིམ་ལ་སྙན་ཞུ་འབུལ་བ་དང་། རིམས་ནད་གཙང་སེལ་མ་ཡོང་གི་བར་དུ་གང་བྱུང་དུ་མི་འགྲོ་བ་དང་། ཁ་ཤུབས་སོགས་སྤྱད་ནས་རིམས་ནད་ཁྱབ་མཆེད་དུ་མི་འགྲོ་བ་བྱེད་པ།  ནམ་ཡང་ཆེད་ལས་སྨན་པའི་གསུངས་བཞིན་རིམས་ནད་འགོག་སྲུང་ལ་ཚང་མས་མཉམ་གཅིག་ཏུ་བརྩོན་པ་བྱ་དགོས་ཞེས་གསུངས་སོ། །

藏语防艾服务中心
ཆབ་སྲིད་དང་ཆོས་ལུགས། ཁེ་གཉེར་བཅས་དང་འབྲེལ་བ་མེད་པའི་ཨེ་འགོག་སྟེགས་བུ། 一个非政治、非宗教和非营利性的社会服务平台, 致力于合法提供符合科学和民族文化的防艾知识信息!
 最新文章