སྨན་དྲེད་གློ་གཅོང་ནད་པས་བསྐྱར་བརྟག་བྱེད་པ་གལ་ཆེའམ། 耐药结核病定期复查重要吗?

文摘   2025-02-02 21:11   四川  


སྨན་དྲེད་གློ་གཅོང་ནད་པས་བསྐྱར་བརྟག་བྱེད་པ་གལ་ཆེའམ།

耐药结核病定期复查重要吗?

དྲིལ་སྒྲོག་པ། ཆོས་དཔལ་བཟང་པོ། 

宣讲者:邱华绒吾



སྨན་དྲེད་གློ་གཅོང་ནད་པས་བསྐྱར་བརྟག་བྱེད་པ་གལ་ཆེའམ།

耐药结核病定期复查重要吗?

1.དུས་བཅད་ལྟར་བསྐྱར་བརྟག་བྱས་ན། སྨན་པས་ནད་པའི་སྨན་བཅོས་གནས་ཚུལ་ལ་རྒྱུས་ལོན་བྱུང་ནས། གལ་ཏེ། ཞོར་སྐྱོན་བྱུང་ན་དུས་ཐོག་ཏུ་འགྱུར་བ་གཏོང་ཆོག 通过定期复查,医生能够监测患者的治疗效果,同时也能及时发现并处理药物不良反应。

2.ཁ་ལུད་ལ་བརྟག་པ་ནི་བསྐྱར་བརྟག་སྐབས་སུ་ངེས་བརྟག་གི་རྣམ་གྲངས་སུ་་གཏོགས་ལ། དེ་ནི་སྨན་བཅོས་བྱས་རྗེས་ནད་པའི་ལུས་ཐོག་ཏུ་ད་དུང་གློ་གཅོང་གི་དབྱུག་སྲིན་ཡོད་མིན་བརྟག་ཐབས་ཤིག་ཡིན།痰检是每次复查的必检项目,这是为了了解经过,治疗后患者的身体内还有没有结核分枝杆菌。

3. ཟླ་3ནས་4རེ་སོང་རྗེས་བསྐྱར་བརྟག་སྐབས་སུ་བྲང་ཁའི་ཟེར་མཐོང་བརྟག་བཤེར་བྱས་ན། སྨན་བཅོས་བྱས་རྗེས་ནད་པའི་གློ་བའི་གཉན་ཚད་ལ་འགྱུར་བ་སོང་ཡོད་མིན་བརྟག་ཐབས་ཤིག་ཡིན།

胸部CT每3-4月复查一次,主要是为了了解经过治疗后患病部位是否有所改变。

4.བསྐྱར་བརྟག་གི་སྐབས་སུ། སྨན་པས་ནད་པའི་སྨན་བཅོས་གནས་ཚུལ་ལ་གཞིགས་ནས། བརྟག་བཤེར་རྣམ་གྲངས་གཞན་པའང་བྱ་སྲིད་དེ། དཔེར་ན། མཆིན་པ་དང་མཁལ་མའི་ནུས་པའི་བརྟག་བཤེར་དང་། ཁྲག་གི་རྒྱུན་བཤེར་དང་། གློག་གྱེས་རྫས་ཀྱི་བརྟག་བཤེར་དང་། སྐེ་རྨེན་གྱི་ནུས་པའི་བརྟག་བཤེར་སོགས་བྱ་སྲིད་ལ། དེ་ལྟར་བྱས་ན། ད་གཟོད་སྨན་རྫས་དག་གིས་མི་ལུས་ལ་གནོད་པ་བྱེད་བཞིན་ཡོད་མེད་ཧ་གོ་ཐུབ། རྒྱུ་མཚན་ནི་གློ་གཅོང་གི་སྨན་རྫས་ཁག་ཅིག་གིས་ནད་པའི་རྣ་བ་དང་། མིག སྙིང་སོགས་ལ་གནོད་པ་ཅུང་ཐེབས་སྲིད་པས། ཚོར་ནུས་དང་། མཐོང་ཤུགས། སྙིང་གློག་རླབས་རུས་སོགས་ལ་བརྟག་པ་ཤིན་ཏུ་གལ་ཆེ།

复查时,医生还会根据患者服用的药物和身体情况,要求患者做一些其他检查,包括抽血检测肝肾功能、血常规、电解质、甲状腺功能等,这样才能及时发现药物是否对身体造成了损伤。某些抗结核药物还可能会损伤耳朵,眼睛、心脏器官,所以定期监测听力、视力、心电图十分必要。

བསྐྱར་བརྟག་རྣམ་གྲངས་དང་བརྟག་བཤེར་བྱེད་ཐབས།

复查项目及检查方法


ཕྲ་སྲིན་རིག་པའི་བརྟག་བཤེར། 

细菌学检查

1. ཁ་ལུད་བྱུགས་བརྟག་དང་། ཁ་ལུད་གསོ་སྐྱོང་སོགས་བརྒྱུད་ནས། སྨན་དྲེད་རང་བཞིན་གྱི་གློ་གཅོང་ཡོད་མིན་དང་། ཡོད་ན་སྨན་བཅོས་འཆར་གཞི་ལ་འགྱུར་བ་གཏོང་ཆོག

 通过痰涂片、培养等方法,检测结核分枝杆菌的耐药性,以指导治疗方案的调整。


གཟུགས་དབྱིབས་རིག་པའི་བརྟག་བཤེར། 

影像学检查

2. ཟེར་མཐོང་སོགས་ཀྱིས་བརྟག་བཤེར་བྱས་པ་བརྒྱུད། ནད་པའི་གློ་བའི་ནད་ཁམས་ཀྱི་འགྱུར་བར་བལྟས་ནས། སྨན་བཅོས་གནས་ཚུལ་ལ་དཔྱད་ཞིབ་བྱ་ཆོག

如CT,观察肺部病变情况,评估病情进展及治疗效果。


ཁྲག་གཤེར་བརྟག་བཤེར། 

血液检查

3. ཁྲག་གི་རྒྱུན་བཤེར་དང་། མཁལ་མཆིན་ནུས་པ། གློག་གྱེས་རྫས། ཁྲག་སྐྱོའི་འོ་སྐྱུར། སྐེ་རྨེན་ནུས་པ་སོགས་ལ་བརྟག་བཤེར་བྱེད་པ་ནི་སྨན་གྱི་ཞོར་སྐྱོན་བྱུང་ཡོད་མེད་དཔྱད་ཞིབ་ཀྱི་ཐབས་ཤེས་ཤིག་ཡིན། 

如血常规、肝肾功、电解质、血浆乳酸、甲状腺功能检测来评估药物的不良反应。


སྙིང་གློག་རླབས་རུས་བརྟག་བཤེར། 

心电图检查

4. སྙིང་གློག་རླབས་རུས་ཀྱི་QTCFབརྩི་བ་ནི། སྨན་བཅོས་བྱས་རྗེས་སྨན་གྱི་ཞོར་སྐྱོན་ཡོད་མིན་དཔྱད་ཞིབ་ཀྱི་ཐབས་ཤེས་ཤིག་ཡིན།

计算QTCF,检测服药后的不良反应。




藏语防艾服务中心
ཆབ་སྲིད་དང་ཆོས་ལུགས། ཁེ་གཉེར་བཅས་དང་འབྲེལ་བ་མེད་པའི་ཨེ་འགོག་སྟེགས་བུ། 一个非政治、非宗教和非营利性的社会服务平台, 致力于合法提供符合科学和民族文化的防艾知识信息!
 最新文章