ར་ོལས་བྱེད་སྐབས་ངེས་པར་དུ་ལག་ཤུབས་གྱོན་པའི་གོམས་སྲོལ་ཆགས་དགོས།

文摘   2025-01-12 21:28   四川  

ར་ོལས་བྱེད་སྐབས་ངེས་པར་དུ་ལག་ཤུབས་གྱོན་པའི་གོམས་སྲོལ་ཆགས་དགོས། 

天葬师在处理尸体时要做好个人的防护措施

དྲིལ་སྒྲོག་པ། ཆོས་དཔལ་བཟང་པོ། 

宣讲者:邱华绒吾


    ཁ་སང་གི་སྤྱི་སྟེགས་སྟེང་གི་གཏམ་བཤད་དེ་ཐོས་རྗེས། རབ་བྱུང་བ་ཞིག་གིས་ཕྲན་ལ་་སྒེར་འཕྲིན་བརྒྱུད་ནས་གསུངས་དོན།  མི་ཞིག་ཚེ་ལས་འདས་རྗེས་ཁོང་ཚོའི་ཕ་ཡུལ་དུ་གནས་ཡིག་སྦྱར་བ་ཞེས་པའི་གོམས་སྲོལ་་ཡོད་ལ། དེའི་སྐབས་སུ་ཚེ་འདས་ཀྱི་བེམ་པོ་བཀྲུ་དགོས་ཀྱི་ཡོད་ཅིང་། བཀྲུ་མཁན་དང་བཀྲུས་རྗེས་གནས་ཡིག་སྦྱར་མཁན་ཕལ་ཆེར་ཚང་མ་རབ་བྱུང་བ་ཡིན་རུང་། རབ་བྱུང་བར་ལག་ཤུབས་གྱོན་པའི་གོམས་སྲོལ་མེད་པས། མི་མང་པོའི་ལག་པ་ཁྲག་གིས་སྦག་ནས་ཡོད་པའི་གནས་ཚུལ་ནི་རྒྱུན་མཐོང་ལྟ་བུ་ཡིན་ཞེས་གསུངས་པས། ཤིན་ཏུ་གཟབ་དགོས་ཀྱི་འདུག་ལ། ལྷག་པར་དུ་ཕྲུ་གུ་སྐྱེས་སྐབས་འདས་གྲོངས་ཤོར་བའི་བུད་མེད་ཅིག་ཡིན་ན། དེའི་རོ་བདག་སོགས་བྱེད་སྐབས་ནི་དེ་ལས་ཀྱང་ཁྲག་གིས་ཡོངས་སུ་སྦག་པར་བྱེད་ཀྱིན་ཡོད་པས། དེའི་སྐབས་སུ་ཚེ་འདས་ཀྱི་ཁྱིམ་མི་ལ་རིམས་འགོག་གི་འདུ་ཤེས་མེད་ན། རབ་བྱུང་བ་རེ་ཟུང་ལ་འདུ་ཤེས་ཡོད་པ་ཙམ་གྱིས་ཕན་ཐོགས་བཞིན་མི་འདུག་སྟེ། ས་ཆ་ཁ་ཤས་རེ་ཡི་རབ་བྱུང་བར་འཕྲོད་བསྟེན་གྱི་འདུ་ཤེས་ཅུང་ཡོད་རུང་། ཁྱིམ་ཚང་དེའི་སེམས་ཁམས་ལ་ཕོག་ཐུག་བཟོ་བར་སྐྲག་ནས་ལག་ཤུབས་གྱོན་ཕོད་ཀྱིན་མི་འདུག་ཅེས་གསུངས་པས། རྣམ་པ་ཚོས་ད་ནས་བཟུང་། མི་སུ་ཞིག་ལ་རོགས་བྱེད་སྐབས་ཡིན་རུང་། ཁྲག་རྣག་དང་ཆུ་སེར་སོགས་ལ་ཐུག་ཉེན་ཡོད་པའི་རོགས་རམ་བྱེད་སྐབས་སམ། ཡང་ན། བེམ་པོ་སོགས་ལ་ཐུག་སྐབས་ཅིས་ཀྱང་ལག་ཤུབས་གྱོན་པའི་གོམས་སྲོལ་ཆགས་དགོས་ཀྱི་ཡོད་ལ། རོ་གྲིབ་དང་ཁྲག་གྲིབ། ད་དུང་ཨེ་ཛི་ཙམ་མིན་རུང་། ནད་གདོན་གཞན་གྱིས་རོགས་རམ་གནང་མཁན་ཚོར་འཚེ་བ་མེད་པའི་ཆེད་དུ། གཙོ་བོ་ཚེ་འདས་ཀྱི་ཁྱིམ་མི་དག་གིས་རོགས་བྱེད་དུ་ཡོང་མཁན་གྱི་མི་ཚང་མར་ལག་ཤུབས་སྤྲོད་པའི་གོམས་སྲོལ་ཡང་ཆགས་དགོས་ཞེས་འབོད་སྐུལ་ཞུ་བར་འདོད་དོ།། 



藏语防艾服务中心
ཆབ་སྲིད་དང་ཆོས་ལུགས། ཁེ་གཉེར་བཅས་དང་འབྲེལ་བ་མེད་པའི་ཨེ་འགོག་སྟེགས་བུ། 一个非政治、非宗教和非营利性的社会服务平台, 致力于合法提供符合科学和民族文化的防艾知识信息!
 最新文章