སྙིང་གཏམ་སྙིང་ཉེ་མ།
ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །
敬礼一切智!
སྟོན་དང་དམ་ཆོས་འཕགས་པའི་དགེ་འདུན་ལ།།
དད་ལོག་བླ་བཙགས་ཞིག་ལས་གཞན་མེད་པའི།།
མི་སེམས་གདོན་གྱི་བཟུང་བའི་དུས་འདི་ལ།།
སླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན།།
ལྷ་ཆོས་མི་ཆོས་འགྲོ་འདུག་ཟ་ཉལ་ཀུན།།
ཞན་དབང་འགྱུར་ནས་རང་སེམས་མི་དབང་བའི།།
མི་སེམས་གདོན་གྱི་བཟུང་བའི་དུས་འདི་ལ།།
སླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན།།
འདི་སྒྲུབ་དེ་བསྒྲུབ་ཟེར་ནས་བཤད་མཁན་མང་།།
དོན་ལ་ལེགས་འགྲུབ་བྱུང་བ་ཉིན་སྐར་ཙམ།།
མི་སེམས་གདོན་གྱི་བཟུང་བའི་དུས་འདི་ལ།།
སླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན།།
ཁ་ནས་སྤྱི་དོན་གླེང་མི་བརྒྱ་སྟོང་ཁྲི།།
དོན་ལ་རང་དོན་འབའ་ཞིག་མ་གཏོགས་དཀོན།།
མི་སེམས་གདོན་གྱི་བཟུང་བའི་དུས་འདི་ལ།།
སླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན།།
ཆོས་ལ་ཁ་གཡར་ཁ་རྒྱབ་གསོ་མཁན་དང་།།
དམངས་ལ་མིང་གཡར་ལྟོ་ཆས་བསྒྲུབ་མཁན་མོད།།
མི་སེམས་གདོན་གྱི་བཟུང་བའི་དུས་འདི་ལ།།
སླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན།།
འདྲེ་མིན་འདྲེ་ཡང་མི་རུ་བརྗེས་པའི་དུས།།
ལྷ་མིན་ལྷ་འདྲ་ཁྲབ་སྟོན་བྱེད་པའི་དུས།།
མི་སེམས་གདོན་གྱི་བཟུང་བའི་དུས་འདི་ལ།།
སླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན།།
གཉེན་ལ་དགྲ་བལྟ་དགྲ་ལ་གྲོགས་སུ་བལྟ།།
བརྫུན་ལ་བདེན་སྣང་བདེན་ལ་ལོག་པར་སྣང་།།
མི་སེམས་གདོན་གྱི་བཟུང་བའི་དུས་འདི་ལ།།
སླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན།།
སྐྱིད་ན་སྡུག་སྣང་སྡུག་ན་སྐྱིད་པར་བརློམས།།
བཟང་ལན་ངན་འཇལ་ངན་ལན་ངོ་འཇོ་བྱེད།།
མི་སེམས་གདོན་གྱི་བཟུང་བའི་དུས་འདི་ལ།།
སླུ་མེད་པད་འབྱུང་མ་བརྗེད་སྙིངགཏམ་ཡིན།།
བླ་མ་དགྲར་གྱུར་དགེ་འདུན་དབྱེན་གྱི་དཀྲུགས།།
སྙིང་པོའི་ཆོས་དོར་བཀའ་ལུང་ལོག་འགྲེལ་བྱེད།།
མི་སེམས་གདོན་གྱི་བཟུངབའི་དུས་འདི་ལ།།
སླུ་མེད་པད་འབྱུང་མ་བརྗེད་སྙིང་གཏམ་ཡིན།།
ལུང་གི་ཆོས་ལ་འཆད་ཉན་བྱེད་པ་ནི།།
ལོ་མཇུག་རྒྱུགས་འབྲས་གཞན་ལས་ཀུན་སློང་དཀོན།།
མི་སེམས་གདོན་གྱི་བཟུང་བའི་དུསའདི་ལ།།
སླུ་མེད་པད་འབྱུང་མ་བརྗེད་སྙིངགཏམ་ཡིན།།
རྟོགས་པའི་ཆོས་ལ་ཉམས་ལེན་གནང་བ་ཡང་།།
སྙན་དང་གྲགས་པར་རེ་བ་འདུན་མ་ལོག།
མི་སེམས་གདོན་གྱི་བཟུང་བའི་དུས་འདི་ལ།།
སླུ་མེད་པད་འབྱུང་མ་བརྗེད་སྙིངགཏམ་ཡིན།།
ཞེས་པ་འདི་ནི་མཁྱེན་མིང་པས་གྲོགས་པོ་བཀྲ་ཤིས་ལ་ཁ་མཚར་གྱི་ཚུལ་དུ་སྨྲས་པའི་རྗེས་སུ་ངག་དབང་འཇམ་དབྱངས་བཞད་པའི་རང་མདངས་སུ་འབོད་པས་ཡི་གེར་བཀོད་པའོ། །