ཚིག་མཛོད་མཛད་སྒོ་སྐབས་ཀྱི་བཀའ་སློབ་དང་། ཕབ་ལེན་བྱ་གནས་ཡོད།

文摘   2024-12-14 08:22   西藏  

ཁ་སང་སྟོན་པ་ཐུབ་དབང་པོ་སྐུ་བལྟམས་པའི་གནས་མཆོག་བཀྲ་ཤིས་ལུམྦུ་ནིའི་ཚལ་དུ། དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་སོ་གསུམ་པ་འཚོག་བཞིན་པའི་སྐབས། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཁོར་ལོའི་མགོན་པོ། ༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན་༸གོང་ལ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུས་པའི་བསྟན་བདག་བླ་ཆེན་རྣམས་དབུ་བཞུགས་ཐོག །༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་དང་། དབུས་དཔལ་ས་སྐྱའི་སྨོན་ལམ་ཆེན་མོའི་ཐེབས་རྩ་ཁང་གི་ཤེས་ཡོན་ལས་འཆར་གྱི་ཆ་ཤས་སུ། ས་སྐྱ་རྩོམ་སྒྲིག་ཁང་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་མཉམ་འབྲེལ་གྱིས་རྩོམ་སྒྲིག་བྱས་པའི་ལམ་འབྲས་ཚིག་མཛོད་ཆེན་མོ་པོད་ལྔའི་བདག་ཉིད་ཅན་འདི་ཉིད་སྲོལ་རྒྱུན་གླེགས་བམ་དང་། དེང་རབས་མཉེན་ཆས་བཅས་སྟབས་གཅིག་ཏུ་དབུ་འབྱེད་མཛད་སྒོ་འཚོགས་པ་དང་། ཕྱག་ལས་གནང་མཁན་ཡོངས་ལ་བཀའ་དྲིན་དང་ཐུགས་རྗེ་བླ་མེད་ཆེ་ཞེས་ཞུའོ། །


ལམ་འབྲས་ཚིག་མཛོད་ཕབ་ལེན་བྱ་གནས།

ཀུ་ཤུའི་མ་ལག་ནང་དུ་ཡི་གེ་འདིས། Lamdre 

ཡང་ན། lamdre tsigzoe original ཕབ་ལེན་ཐུབ་ཀྱི་འདུག

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章