དཔལ་ལྡན་ས་སྐྱ་པའི་རྒྱུད་སྡེའི་བཤད་ཁྲིད་སྐོར་གྱི་བརྡ་ཕྲིན།

文摘   2024-12-16 20:06   西藏  

རྒྱུད་སྡེ་དོན་གཉིས་གནང་བའི་འཆར་ཟིན།

རྒྱུད་སྡེ་སྤྱི་རྣམ། མངོན་རྟོགས་ལྗོན་ཤིང་།

དཀོན་ལྷུན་མཛེས་རྒྱན་གཉིས། གོང་མའི་དགོང་རྒྱན་བཅས་བཤད་ཁྲིད་སྔོན་དུ་འགྲོ་བའི་སྒོ་ནས། བིར་ཝ་པས་ས་ཆེན་ལ་གནང་བའི་རྒྱུད་སྡེ་དོན་གཉིས་ཀྱི་མཚན་བྱང་ནི།


ཐབས་རྒྱུད། 

༡ གསང་འདུས་རྩ་རྒྱུད། ༢ དེའི་རྒྱུད་ཕྱི་མ། ༣ བཤད་རྒྱུད་རྡོ་རྗེ་ཕྲེང་བ། ༤ དགོངས་པ་ལུང་སྟོན། ༥ ལྷ་མོ་བཞིས་ཞུས། ༦ ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ། ༧ དགྲ་ནག །༨ གདོང་དྲུག ། ༩ འཇིགས་བྱེད། ༡༠ རྣམ་སྣང་སྒྱུ་དྲ། ཤེས་རབ་རྒྱུད། ༡༡ སངས་རྒྱས་མཉམ་སྦྱོར་རྩ་རྒྱུད། ༡༢ རྒྱུད་ཕྱི་མ། ༡༣ ཕྱི་མའི་ཕྱི་མ། ༡༤ ཟླ་གསང་ཐིག་ལེ། ༡༥ རྡོ་རྗེ་གདན་བཞི། ༡༦ དེའི་བཤད་རྒྱུད། ༡༧ མནྡྲ་ཨཾ་ས། ༡༨ མ་ཧཱ་མཱ་ཡཱ། ༡༩ སངས་རྒྱས་ཐོད་པ། ༢༠ རྡོ་རྗེ་བདུད་རྩི། ༢༡ བདེ་མཆོག་རྩ་རྒྱུད། ༢༢ ཨ་བྷི་དྷ་ན། ༢༣ རྡོ་རྗེ་མཁའ་འགྲོ། ༢༤ མཁའ་འགྲོ་རྒྱ་མཚོ། ༢༥ བདེ་མཆོག་ཀུན་སྤྱོད། ༢༦ ཕག་མོ་མངོན་བྱུང་། ༢༧ ཧེ་རུ་ཀ་མངོན་བྱུང་། ༢༨ རྣལ་འབྱོར་མ་བཞི་ཁ་སྦྱོར་གྱི་རྒྱུད། ༢༩ བདེ་མཆོག་སྡོམ་འབྱུང་། གཉིས་མེད་ཀྱི་རྒྱུད། ༣༠ ཀྱེ་རྡོར་རྩ་རྒྱུད། ༣༡ ཕྱག་ཆེན་ཐིག་ལེ། ༣༢ རྡོ་རྗེ་གུར། ༣༣ ཡེ་ཤེས་ཐིག་ལེ། ༣༤ དེ་ཁོ་ན་ཉིད་ཀྱི་སྒྲོན་མ། ༣༥ གསང་བའི་སྒྲོན་མ། ༣༦ དེ་ཁོ་ན་ཉིད་ཀྱི་མན་ངག །༣༧ སྙོགས་མེད་ཨ་ར་ལི། ༣༨ རྡོ་རྗེ་ཨ་ར་ལི། ༣༩ རིགས་ཀྱི་ཨ་ར་ལི། ༤༠ ཐོད་པ་བརྟག་པ། ༤༡ ཇི་བཞིན་རྙེད་པ་ནམ་མཁའ་དང་མཉམ་པ། ༤༢ མཚན་བརྗོད། ༤༣ དུས་འཁོར་རྩ་རྒྱུད། ༤༤ དེའི་བསྡུས་རྒྱུད། ༤༥ དབང་གི་དོན་རྒྱུད་དུམ་བུ། ༤༦ མི་གོ་ལའི་རྒྱུད་ལེའུ་བཞི་པ། ༤༧ བཤད་རྒྱུད་སཾ་ཊ། ༤༨ བརྟག་པ་བཅུ་པ། ༤༩ དེའི་རྒྱུད་ཕྱི་མ། ༥༠ རྗེ་བཙུན། ཡེ་ཤེས་སྙིང་པོ་རྣལ་འབྱོར་མའི་རྒྱུད་འདི་བླ་མེད་དང་། ས་པཎ། རྣམ་འཇོམས་བླ་མེད་དུ་བགྲངས་པས་དཔྱད། 


རྣལ་འབྱོར་རྒྱུད། 

༥༡ དེ་ཉིད་བསྡུས་པ། ༥༢ རྡོ་རྗེ་རྩེ་མོ། ༥༣ དཔལ་མཆོག་དང་པོ། ༥༤ སྒྲོལ་མ་རྒྱ་མཚོའི་རྒྱུད་ཆུང་སྟེ་ལྔ། སྤྱོད་རྒྱུད། ༥༥ རྟ་མགྲིན་གྱི་རྟོགས་པ་ཆུང་ངུ་། ༥༦ སྟོབས་པོ་ཆེའི་རྟོགས་པ། ༥༧ རྣམ་སྣང་མངོན་བྱང་གསུམ། བྱ་རྒྱུད། ༥༨ འོད་ཟེར་ཅན་གྱི་རྟོགས་པ། ༥༩ རིགས་པ་མཆོག་གི་རྒྱུད་གཉིས། སོ་སོའི་ཆར་གཏོགས་སོགས་ཀྱི་རྒྱུད། སཾ་ཊའི་སྐབས་སུ་ཕན་འདོགས་པའི་རྒྱུད་ཡིན་པས་སཾ་ཊའི་ཆར་གཏོགས་རྒྱུད་སྡེ་འོག་མ་དགུ་ནི། ༦༠ རྡོ་རྗེ་རྣམ་འཇོམས་གཟུངས། ༦༡ དེའི་བཤད་རྒྱུད་རི་རབ་ཆེན་པོ་ཁང་བུ་བརྩེགས་པ། ༦༢ རྡོ་རྗེ་མི་ཕམ་མེ་ལྟར་འབར་བ་རྨོངས་བྱེད། ༦༣ རྡོ་རྗེ་སྙིང་པོའི་གཟུངས། ༦༤ རྡོ་རྗེ་ཕག་མོ་ཐོག་པ་མེད་པའི་གཟུངས། ༦༥ འཕགས་པ་སྟོབས་པོ་ཆེའི་གཟུངས། ༦༦ ལག་ན་རྡོ་རྗེ་བཅུའི་སྙིང་པོའི་གཟུངས། ༦༧ རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས། ༦༨ འཕགས་པ་རྡོ་རྗེ་མཆུ། ༦༩ གནམ་ལྕགས་མཆུ། ༧༠ ལྕགས་མཆུ། ༧༡ དྲང་སྲོང་ཀླུ་ལ་དམོད་པ་བོར་བའི་གཟུངས། ༧༢ སོག་མ་མེད་པའི་རྟོགས་པ་རྒྱས་པ་བཅས་སོ། །


འོག་གི་བཅུ་གསུམ་འདི་རྣམས་རང་རང་གི་ངོ་བོ་བྱ་རྒྱུད་ཡིན་ཀྱང་འབྲེལ་ལུགས་དབང་གིས་བླ་མེད་ལྟར་བཤད་པའི་ཁོངས་སུ་འདུའོ། །ཞེས་པ་འདི་དག།  རྒྱུད་སྡེའི་མངའ་བདག་གསེར་མདོག་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས།  བཤད་ཁྲིད།  བཤད་ལུང་། ཁྲིད་ལུང་ཅི་རིགས་པས།  སློབ་དཔོན་བསོད་ནམས་རྩེ་མོའི་དུས་ཆེན་བོད་ཟླ་༡༡ པའི་ཚེས་༡༡ནས་དབུ་བཙུག་ནས་ཉིན་ལྔ་བཅུ་ལ་འགྲོ་ཐུབ་ངེས་ཀྱི་གནང་འཆར་རེད་འདུག།

བརྒྱུད་པ་ནི། 

 བཅོ་བརྒྱད་ཁྲི་ཆེན་དང་། སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་། ཀླུ་ལྡིང་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། མཁན་ཆེན་ཨ་པད་སོགས་དམ་པའི་སྐྱེས་ཆེན་དུ་མའི་མདུན་ནས་ཡོངས་རྫོགས་ཐོབ་པ་བཞིན་གནང་གི་ཡོད་འདུག་ཅེས་བསྟན་ལ་ལྷག་བསམ་གྱིས་སྤེལ་བའོ། །


仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章