སྔོན་དུས་གོང་དཀར་མཁྱེན་རྩེའི་ཕྱག་བཟོ་རྫོང་པ་གོང་དཀར་ལུགས་ཀྱི་ལམ་འབྲས་བླ་མ་བརྒྱུད་པ། ཚོགས་གོམས་པ་དང་། ཉན་ཆེན་པ་མ་གཏོགས། རྫོང་ཆེན་ཀུན་དགའ་རྣམ་རྒྱལ་བར་བླ་བརྒྱུད་ཆ་ཚང་བ་བཞུགས་ཡོད་པ་ལ། རིག་གནས་གསར་བརྗེ་སྐབས་འཐོར་བརླག་སོང་ཞིང་། ཕྱིས་སུ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲྭ་ནང་རྫོང་གི་ཉེ་འཁོར་རྙིང་མའི་གདན་ས་ཆེན་པོ་དྲུག་ལས། ཨོ་རྒྱན་སྨིན་གྲོལ་གླིང་དུ། ༢༽བདག་མེད་མ། ༣༽བིར་ཝ་པ། ༤༽ནག་པོ་པ། ༥༽ཌ་མ་རུ་པ། ༦༽ཨ་ཝ་དྷུ་ཏྭི། ༧༽ག་ཡ་དྷ་ར། ༨༽འབྲོག་མི་ཤཱཀྱ་ཡེ་ཤེས། ༩༽བླ་མ་སེ་སྟོན་ཀུན་རིག ༡༠༽བླ་མ་ཞང་སྟོན་ཆོས་འབར། ༡༡༽ས་ཆེན་ཀུན་དགའ་སྙིང་པོ། ༡༢༽སློབ་དཔོན་བསོད་ནམས་རྩེ་མོ། ༡༣༽རྗེ་བཙུན་གྲགས་པ་རྒྱལ་མཚན། ༡༤༽ཆོས་རྗེ་ས་སྐྱ་པཎྜི་ཏ། ༡༥༽འགྲོ་མགོན་ཆོས་རྒྱལ་འཕགས་པ། ༡༦༽ཞང་དཀོན་མཆོག་དཔལ་བ། ༡༧༽ན་བཟའ་བྲག་ཕུག་པ། ༡༨༽བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྫོང་པ་ཀུན་དགའ་རྣམ་རྒྱལ། བླ་སྐུ་གཞན་པ་གཉིས་བཅས་བསྡོམས་སྐུ་འདྲ་རྙིང་པ་༢༡ བཞུགས་འདུག །