འགྲོ་ལ་བརྩེ་བའི་བླ་མ་གསེར་མདོག་སྤྲུལ་སྐུ་ནས་གདམས་སོ། །

文摘   2024-11-29 19:45   西藏  


དགེ་བ་ཡོད་ཚད་ང་ཚོས་བསྒྲུབ་བྱ་ཡིན།།

དེ་ནི་ཆུང་ངུ་ནས་ཀྱང་བསྒྲུབ་པར་བྱ།།

སྡིག་པ་ཡོད་ཚད་ང་ཚོས་སྤང་བྱ་ཡིན།།

དེ་ནི་ཆུང་ངུ་ནས་ཀྱང་སྤང་བར་བྱ།།

དགེ་བ་བསྒྲུབ་ཅིང་སྡིག་པ་སྤོང་བ་ལ།།

ངོས་དང་ལྐོག་གི་ཁྱད་པར་དགོས་པ་མེད།།

དགོས་པ་མེད་ཅིང་ངོས་ལྐོག་ནུས་པ་མེད།།

དེས་ན་ལེགས་འདོད་དགེ་བའི་ལས་ལ་གཞོལ།།

སྡིག་པ་དུག་ལས་ཉེན་པར་ཤེས་ནས་སྤོངས།།

འགྲོ་ལ་བརྩེ་བའི་བླ་མ་གསེར་མདོག་སྤྲུལ་སྐུ་ནས་གདམས་སོ། །

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章